མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཐབ་རྩོད་ཀྱི་ངོ་བོ་འཚོལ་བ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༡༢ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ལྷོ་སུའུ་ཌན་ལ་རང་བཙན་ཐོབ་སོང་། ཨི་ཇིབ་ལ་རང་དབང་ཐོབ་ཐལ། བོད་རྒྱ་ཆེའི་མི་མང་སྔར་བཞིན་གཞན་དབང་འོག་ལྷག་ཡོད། འཛམ་གླིང་ཐོག་འཐབ་རྩོད་འཁྲུག་ལོང་གི་རྣམ་གྲངས་མང་ལ་ནང་དོན་ཡང་སྣ་ཚོགས་ཤིག་ཡིན་མོད། མདོར་བསྒྲིལ་ན་རང་དབང་འཐབ་རྩོད་དང་རང་བཙན་འཐབ་རྩོད། གོ་ས་འཐབ་རྩོད་དང་ས་ཁོངས་འཐབ་རྩོད། མི་རིགས་འཐབ་རྩོད་དང་ཆོས་ལུགས་འཐབ་རྩོད་བཅས་རིགས་དྲུག་ཏུ་འདུ་ཞིང་། རྩོད་སྟངས་ཀྱང་ཞི་བ་དང་དྲག་པོ་གཉིས་སུ་བཀར་ཆོག

    བོད་པ་ཚོས་ཡང་སྙིང་ཅི་ཞིག་རྩོད་ཀྱི་ཡོད། སྐོར་ཞིག་གིས་རང་དབང་རྩོད་ཀྱི་ཡོད་རབས་བཤད་ལ། འགའ་ཞིག་གིས་རང་བཙན་རྩོད་རྒྱུ་ཡིན་རབས་གླེང་། དེ་བས་མང་པོ་ཞིག་གིས་རང་གི་རྩོད་གཞི་ལ་ངོས་ཟིན་མེད་པ་དང་། ལངས་ཕྱོགས་ལ་གསལ་ཁ་མེད་པར་མགོ་འཐོམ་ནས་ཡོད། རྩོད་ཡུལ་གཅིག་ལ་རྩོད་ཕྱོགས་གཉིས་དང་། མི་རིགས་གཅིག་ལ་རྩོད་བྱ་གཉིས་སུ་གྱེས་ཡོད་པ་འདི། གདམ་ཀ་མང་བའི་དམངས་གཙོའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་བགྲང་ཆོག་མོད། གཅིག་བྱས་ན་དམངས་གཙོའི་ལེགས་བྱང་མེད་པའི་མི་རིགས་འདིའི་རང་མགོ་རང་གིས་རྡུང་བྱེད་ཀྱི་ཐོ་བ་དེ་ཡིན་ཡང་སྲིད།
    ལྷོ་སུའུ་ཌན་ལ་རང་བཙན་ཐོབ་སོང་། ཨི་ཇིབ་ལ་རང་དབང་ཐོབ་ཐལ། བོད་རྒྱ་ཆེའི་མི་མང་སྔར་བཞིན་གཞན་དབང་འོག་ལྷག་ཡོད། འདས་པའི་མི་ལོ་ལྔ་བཅུའི་རིང་ང་ཚོས་འཐབ་རྩོད་བྱས་རབས་བཤད་ཀྱང། སྐབས་རེར་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་པ་དྲ་ཡང་། མཚམས་རེར་རྒྱ་ནག་གི་ཁ་ངོ་འཚོ་བཞིན་ཡོད་པར་ཡང་མཐོང་། སྐབས་རེར་གཞིས་བྱེས་གཉིས་ཀྱི་སྤྱི་དོན་སྒྲུབ་ཀྱི་ཡོད་པར་སྣང་ཡང་། མཚམས་རེར་གཞིས་བྱེས་གཉིས་སུ་རང་ས་སྲུང་གི་ཡོད་པར་ཡང་མཐོང་། ཡང་སྙིང་ང་ཚོས་ཅི་ཞིག་རྩོད་ཀྱི་ཡོད་པ་དང་ཇི་ལྟར་རྩོད་རྒྱུ་ཡིན་ནམ།
    ཟམ་གདོང་བླ་མས་བོད་པའི་འཐབ་རྩོད་ལ་འགྲེལ་བཤད་འདི་འདྲ་ཞིག་བསྐྱོན་ཡོད། བོད་པའི་འཐབ་རྩོད་དེ་ཆབ་སྲིད་ཀྱི་འཐབ་རྩོད་མིན་ལ་མི་རིགས་ཀྱི་འཐབ་རྩོད་ཀྱང་མིན། བོད་པའི་འཐབ་རྩོད་ནི་དྲང་བདེན་དང་དྲང་བདེན་མ་ཡིན་པའི་བར་གྱི་འཐབ་རྩོད་ཅིག་དང་། བོད་པའི་འཐབ་རྩོད་ནི་བདེན་པ་དང་རྫུན་པའི་བར་གྱི་འཐབ་རྩོད་ཅིག་ཡིན་ཟེར། འགྲེལ་བརྗོད་འདི་ལ་མཁས་པ་ཚོར་དཔྱད་བརྗོད་ཀྱི་རིན་ཐང་ལྡན་སྲིད་ཀྱང་། གཅིག་བྱས་ན་ཤེས་ཡོན་གྱི་གཞི་རྐང་བརྟན་པོ་མེད་པའི་མི་རིགས་འདི་ལ་མགོ་ཉོག་བཟོ་བྱེད་ཀྱི་ཐག་ལད་དེ་ཡིན་ཡང་སྲིད།
    ལྷོ་སུའུ་ཌན་ལ་རང་བཙན་ཐོབ་སོང་། ཨི་ཇིབ་ལ་རང་དབང་ཐོབ་ཐལ། བོད་རྒྱ་ཆེའི་མི་མང་སྔར་བཞིན་གཞན་དབང་འོག་ལྷག་ཡོད། འདས་པའི་མི་ལོ་ལྔ་བཅུ་འགོར་སོང་། བཙན་བྱོལ་བོད་གཞུང་སྔར་བཞིན་དལ་ཅག་གེར། རྒྱ་ནག་དམར་གཞུང་སྔར་བཞིན་བརྟན་ལྷིང་ངེར། རང་དབང་དང་རང་བཙན་རྩོད་མཁན་སུ་ལ་ཡང་གྲུབ་འབྲས་དང་མདུན་སྐྱོད་གོམ་གང་མེད་པར་ཕྱི་བཤོལ་ནས་ཡང་བཤོལ་བྱས་ཡོད།
            བོད་པའི་འཐབ་རྩོད་དེ་ལྷོ་སུའུ་ཌན་དང་ཨི་ཇིབ་ཀྱི་འཐབ་རྩོད་དང་བསྡུར་ན། ཕྱི་ལྟར་དུ་བར་ཐག་རིང་ཡང་ནང་ལྟར་དུ་འདྲ་ས་མང་ལ། བོད་པར་ལྷོ་སུའུ་ཌན་ལྟར་རང་ཐག་རང་གཅོད་དང་ཨི་ཇིབ་བཞིན་རང་བཙན་གཙང་མའི་འོས་བབ་ཡོད། ང་ཚོས་འཐབ་རྩོད་ཀྱི་དམིགས་ཡུལ་གསལ་བོ་བཟོས་ཤིང་། འཐབ་གྲོགས་ཚོར་རྡོག་རྩ་གཅིག་སྒྲིལ་བྱུང་ན། ད་གཟོད་ལྷོ་སུའུ་ཌན་བཞིན་རང་བཙན་ལ་རེ་བ་ཆེ་ཞིང་། ཨི་ཇིབ་བཞིན་རང་དབང་ལ་བར་ཐག་ཉེ།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese