མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་སེང་ལ་དག་སྣང་སྒོམ་པ – སྤྲོ་ཚིཊ་ཆོས་གྲགས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp







སངས་རྒྱས་ཆོས་ལུགས་ཀྱི་ཤན་སྟོབས་ཆེན་པོ་ཞུགས་པའི་བོད་མི་བྱིངས་ལ་མཚོན་ན“དག་སྣང་སྒོམ་པ་”ནི་རྒྱུན་ལྡན་གྱི་ཉམས་ལེན་ཞིག་ཡིན་ཏེ།ང་ཚོས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བླ་སྤྲུལ་ཚོར་སངས་རྒྱས་དངོས་སུ་བལྟས་པ་དང་།དེ་ཚོས་གང་བྱས་གང་བསྒྲུབས་མཐའ་དག་མཛད་པ་རྣམ་ཐར་དུ་དག་སྣང་སྒོམ་པའི་བློ་སྦྱོང་ཚད་མཐོན་པོ་བྱས་ཡོད་པས་སོ།། ད་སྐབས་བྱེས་སྡོད་བོད་མིའི་སྤྱི་ཚོགས་ཁྲོད་དག་སྣང་སྒོམ་པའི་ཉམས་ལེན་དེ་སྲིད་ཕྱོགས་ལ་བསྐོར་ནས་སྲིད་དོན་པར་དག་སྣང་སྒོམ་འགོ་ཚུགས་ཡོད།འདིའི་དཔེ་མཚོན་སྟབས་བདེ་ཤོས་ཤིག་ནི།བོད་མི་མང་པོས་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེར་སྡིག་པ་མིག་བཙུམ་གྱིས་དག་སྣང་སྒོམ་བཞིན་པ་དེ་རེད།

མིག་སྔར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡོངས་དང་ནང་སྒོས་ཤེས་ཡོན་པའི་ཁོར་ཡུག་ཁྲོད་བཀའ་སྤྱིའི་འོས་བསྡུ་དང་འབྲེལ་པའི་གླེང་སློང་ཤུགས་ཆེན་བྱེད་བཞིན་པ་དང་།བཀའ་སྤྱིའི་འོས་མི་ཁག་གི་ལྷག་བསམ་དང་ཤེས་འཇོན་སོགས་ཀྱི་ཐད་དཔྱད་བསྡུར་དང་ལྟ་ཚུལ་འདོན་སྤེལ་བྱེད་ཀྱིན་པ་ནི་ཤེས་ཡོན་ཅན་གྱིས་སྤྱི་ཚོགས་ལ་འགན་སེམས་བཅངས་པ་དང་སྣེ་ཁྲིད་པའི་རྣམ་པ་བཟང་པོ་ཞིག་མ་ཡིན་ནམ།

སྤྱིར་ན།སྲིད་དོན་པ་ཚོར་བཅངས་པའི་ལྟ་ཚུལ་ཐད་བོད་མི་དང་ནུབ་ཕྱོགས་པ་ཚོའི་བར་ཧེ་བག་ཆེ་ཙམ་མཐོང་སྟེ།ནུབ་ཕྱོགས་པ་མང་ཆེ་པའི་སེམས་ཁམས་ངོས་ནས་བཤད་ན་སྲིད་དོན་པ་ཞེས་བརྗོད་ཚེ་སྐབས་འཚོལ་དང་མགོ་བདེ་དྲན་འཕྲུལ།དེ་བས་སྡུག་ས་ནས་བཤད་ན་རྫུན་དང་གཡོ་ཁྲམ་ལ་གོམས་པའི་རང་དོན་རིང་ལུགས་པ་ཞིག་ཏུ་འགྲེལ་བཤད་རྒྱག་གི་རེད།ཆོས་སྲིད་ཟུང་འབྲེལ་གྱི་བསམ་བློའི་མཁའ་དབུགས་འོག་བོད་མི་མང་ཆེ་བའི་སེམས་ངོར་སྲིད་དོན་པ་ཚོ་ཡང་ལས་རིགས་གཞན་གྱི་མི་ལྟར་ཡིད་ཆེས་ལིང་འགེལ་བྱ་ཆོག་ཆོག་ཅིག་ཏུ་ངོས་འཛིན་ཡོད་པ་མ་ཟད།ཆོས་དང་མཐུན་པའི་ཆབ་སྲིད་པ་ཟེར་པའང་ཡོང་ཆོག་གི་ཡོད།

འདིར་བརྗོད་འདོད་པ་ནི།བློ་སེང་ལགས་ཀྱི་སྲིད་དོན་འཁྲབ་སྟོན་དེ་བོད་མིའི་སེམས་ཁམས་དང་མཐུན་པའི་ཆོས་སམ་བཟང་སྤྱོད་ཅན་གྱི་སྲིད་དོན་ཞིག་ཡིན་མིན་དེ་རེད།བློ་སེང་གིས་རང་གི་གོ་བབ་དེ་ཧ་ཝར་ཌིའི་གཙུག་ལག་སློབ་གྲྭའི་སྤྱིར་བཏང་གི་ཉམས་ཞིབ་པ་ཙམ་ལས་མིན་པར་སློབ་དཔོན་ནམ་ཉམས་ཞིབ་པ་རྒན་པ་ཡིན་སྐོར་ཁྲོམ་བཤད་བྱས་ཚུལ་འབྲེལ་ཡོད་དཔྱད་བརྗོད་མཁས་ཅན་ནས་ཁུངས་སྐྱེལ་བྱས་པ་ལྟར་ན།འོས་ཤོག་ཐོབ་ཆེད་ཧམ་པ་ཆེན་པོས་བོད་མི་ཚོར་མགོ་སྐོར་བཏང་པ་དེའི་ཐོག་ནས་བོད་མི་ཚོའི་དག་སྣང་ཁྲོད་ཀྱི་ཁོང་ནི་ནུབ་ཕྱོགས་ནས་སློབ་སྦྱོང་བྱས་ཏེ་ནུབ་ཕྱོགས་ཀྱི་སྲིད་དོན་པའི་བསམ་སྤྱོད་ཞུགས་ཚར་པ་གསལ་པོ་རེད།

 འགོ་ཁྲིད་ཀྱི་ཚད་གཞི་འཇོག་སྟངས་སྣ་ཚོགས་ཤིག་ཡོད་ཀྱང་།ཆབ་སྲིད་ཀྱི་རྐྱེན་པས་རང་ཡུལ་རང་བདག་གི་དབང་ཆ་ཤོར་ཞིང་།ཐ་ན་མི་རིགས་སྤྱིའི་ཚེ་སྲོག་ཀྱང་ཉེན་ཁར་ཐུག་བསྡད་པའི་ང་ཚོར་མཚོན་ན་ཅི་ཞིག་གལ་ཆེ་བ་རེད།ངས་བལྟས་ན་རང་མི་རིགས་ཀྱི་ལོ་རྒྱུས་ཀྱི་བདེན་པ་ཤེས་རྟོགས་ཐུབ་པ་མ་ཟད་དེའི་གཟི་བརྗིད་གལ་ཆེན་དུ་བརྩི་བ།བོད་མི་རིགས་ཀྱི་ཆིག་སྒྲིལ་ཆེན་མོ་རྒྱུན་འཁྱོངས་སྐུལ་འདེད་གཏོང་ཐུབ་མཁན།ལྷག་པར་དུ་ཁྲིམས་ལུགས་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་དགྲ་དང་རང་ཕྱོགས་ཀྱི་ངོས་འཛིན་གསལ་པོའི་ངང་ལངས་ཕྱོགས་བརྟན་པོའི་སྒོ་ནས་འཐབ་རྩོད་ལ་སྣེ་ཁྲིད་ཐུབ་མཁན་ཞིག་དགོས།བློ་ཕམ་པ་ཞིག་ལ་བློ་སེང་ལ་ཆ་རྐྱེན་དེ་དག་ད་དུང་ཚང་མེད།སྤྱིའི་ཆ་ནས་བཤད་ན་རྒྱ་ཧོར་སོགས་ཕྱིའི་རྒྱལ་ཁབ་གཞན་གྱི་ཤུགས་རྐྱེན་གང་ཙམ་སླེབས་མིན་ལ་མ་ལྟོས་པར་བོད་ཀྱི་ལོ་རྒྱུས་གོ་བབ་དེ་རྒྱ་དམར་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་དང་བློ་སེང་གིས་བཤད་པ་ལྟར་ལག་པ་འཇུ་ས་མེད་པ་ཞིག་མིན་པར་ཁྲིམས་དང་དོན་དངོས་གང་ནས་ཀྱང་རང་བཙན་ཁུངས་སྐྱེལ་བྱ་ཐུབ་པ་བོད་ཀྱི་སྲིད་ལུགས་ལོ་རྒྱུས་ལ་སློབ་ཞིབ་གཏིང་ཟབ་བྱ་མྱོང་མཁན་ཚོས་ཤེས་གསལ་ལྟར་རེད།

གཞན་ཡང་ཆིག་སྒྲིལ་གྱི་གལ་ཆེའི་རང་བཞིན་མི་གླེང་པའི་སྲིད་དོན་པ་སུ་ཡང་མེད།འོན་ཀྱང་ལག་ལེན་ངོ་མའི་ཐོག་“ང་མི་གཅིག་ཡིན་ཡང་དཔུང་སྒྲིག་ཏུ་ཡོང་པའི”འདུ་ཤེས་འཆང་མཁན་ཞིག་ཡིན་ན།མི་རིགས་སྤྱིའི་ཆིག་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་ཟེར་པ་ནི་རྒྱ་དམར་གཞུང་གིས་འཆམ་མཐུན་སྤྱི་ཚོགས་ཤིག་འཛུགས་རྒྱུ་ཟེར་པའི་འབོད་ཚིག་དང་མཚུངས་པར་སྙན་པོ་ཡོད་ཀྱང་དོན་སྙིང་དབེན་པ་རེད།ལངས་ཕྱོགས་དང་ལྟ་བའི་ངོས་ནས་བཤད་ནའང་།ང་ཚོས་མདུང་རྩེ་ཁ་སྤྲོད་ཀྱིས་རྒྱ་དམར་གཞུང་དང་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་བཞིན་པ་མ་གཏོགས་བྱིས་པའི་རྩེད་མོ་མིན་པས་དགྲ་དང་རང་ཕྱོགས་ཀྱི་ངོས་འཛིན་གསལ་པོ་དང་རང་ཕྱོགས་ལ་ལངས་ཕྱོགས་བརྟན་པོ་ཞིག་དགོས་པ་ནི་འགོ་ཁྲིད་མི་སྣ་བྱེད་རྒྱུ་ཡིན་ཟེར་མཁན་ཚོ་ཕར་ཞོག་དམངས་དཀྱུས་ཤིག་ལ་མཚོན་ནའང་གལ་ཆེན་པོ་ལོས་ཡིན།

ང་ཚོས་ནམ་རྒྱུན་བཤད་ཀྱིན་པའི་གཞིས་ལུས་བོད་མིའི་སྙིང་སྟོབས་ཟེར་པའང་མཐར་གཏུགས་ན་འདི་ཡིན།ས་བྱིའི་ཆོལ་གསུམ་ཞི་རྒོལ་ཆེན་མོའི་ནང་རྐྱེན་གཙོ་བོའང་འདི་རེད།འོན་ཀྱང་བློ་སེང་གིས་རང་ཉིད་རྒྱལ་སྤྱིའི་ཁྲིམས་ལུགས་ཁྱད་མཁས་པ་ཡིན་པར་ཁས་འཆེ་བཞིན་དུ་རང་འགུལ་ངང་ཕྱི་སྡོད་ཀྲུང་གོ་བ་ཟེར་པའི་ལག་ཁྱེར་བརྒྱུད་རྒྱ་ནག་ཏུ་བསྐྱོད་པ་ནི་མི་རྣམས་ཧང་སངས་དགོས་པ་ཞིག་མ་རེད་དམ།གནད་དོན་འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་རེད་ཅེ་ན།ཅུང་ཡག་ས་ནས་བཤད་ན་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་གཞིག་རྣལ་མ་བྱས་པའི་ལྟ་བ་ལངས་ཕྱོགས་བརྟན་ཚུགས་ཤིག་རྒྱུད་ལ་མེད་པ་དང་།སྡུག་ས་ནས་བཤད་ན་གོ་སྐབས་རག་ན་ཅི་ཡང་བྱེད་ཕོད་པའི་སྙིང་ཁམས་འཇིགས་ཡེ་རེ་བ་ཞིག་ཡོད་པ་ནུས་ལྡན་གྱིས་མཚོན་གྱི་ཡོད།

སྐབས་འདིར་ངས་རང་གི་ཐད་ཀའི་ཉམས་མྱོང་ཞིག་ཤོད་རྒྱུ་ཡིན།ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་དགུ་བའི་ཚེས་མགོར་ངྷ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་མིའི་ཁྱད་ལས་པའི་ཚོགས་ཆེན་ཐེངས་དང་པོ་ཞེས་པ་དེ་ཉིན་གསུམ་རིང་ཚོགས་སོང་།ཕྲན་རང་བོད་རིག་པའི་ཆེད་ལས་ཉམས་ཞིབ་པ་ཞིག་གི་མིང་ཐོག་ནས་ཚོགས་ཞུགས་བྱས་པ་ཡིན་ལ།སྐུ་ཞབས་བློ་སེང་ཁོང་ཡང་ཚོགས་འདུ་དེར་ཕེབས་འདུགརྩ་བའི་ཆ་ནས་ཚོགས་འདུ་དེ་གྲུབ་འབྲས་ལྡན་པ་བྱུང་སོང་སྙམ་ཞིང་།བསམ་བློའི་སྒམ་བརླིང་གི་ཆ་དང་ལྟ་ཚུལ་གསར་འདོན་སོགས་ཀྱི་ཆ་ནས་འདོད་བློ་ཁེངས་མིན་ལ་མ་ལྟོས་པར་བློ་སེང་ལགས་ཀྱི་གཞོན་སྐྱེས་ཀྱི་ཉམས་སྣང་སྤྲོ་བོ་དང་གཏམ་བཤད་ཀྱི་སྒྱུ་རྩལ་ལ་ཕྲན་ནས་ཡི་རང་བྱས་པ་ཡིན།འོན་ཀྱང་བློ་ཕམ་པའི་དོན་གནད་གཅིག་ནི་སྐད་ཡིག་གི་བརྒྱུད་ལམ་དེ་རེད།ཚོགས་འདུ་དེའི་རིང་འབྲེལ་ཡོད་ཡིག་ཆ་ཁག་དབྱིན་ཡིག་ཁོ་ནའི་ནང་ཡོད་པ་སྨོས་ཅི། བགྲོ་གླེང་གཏམ་བཤད་དང་། དྲི་པ་དྲིས་ལན།ཐ་ན་མི་སྒེར་ཕན་ཚུན་བར་འབྲེལ་འདྲིས་ཚུན་ཀྱང་དབྱིན་སྐད་རྒྱག་ཨེ་ཐུབ་ལྟ་རྒྱུ་གཙོ་འདོན་བྱེད་པ་ལས་བོད་སྐད་རྣལ་མ་རྒྱག་རྒྱུར་དོ་ཁུར་བྱེད་མཁན་ནི་ཚོགས་མི་བརྒྱ་མ་ཟིན་ཙམ་དེའི་ཁྲོད་འགའ་ཟུང་ལས་མི་འདུག

དེར་བརྟེན།ཚོགས་འདུའི་ཉིན་མཐའ་མར་ཕྲན་གྱིས་རྗེས་ཕྱོགས་ཀྱི་ཚོགས་འདུའི་སྐབས་ཚང་མས་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་གལ་ཆེ་སྐོར་བསམ་ཚུལ་བཏོན་པར་ཚོགས་མི་མང་ཆེ་བས་ལམ་སང་ངོས་ལེན་ཡོད་པའི་རྣམ་འགྱུར་བསྟན་བྱུང་།འོན་ཀྱང་བཀའ་ཁྲིའི་འོས་མི་བློ་སེང་ནས་ཨ་རི་སོགས་སུའང་བོད་མི་འདུ་འཛོམས་སྐབས་དབྱིན་སྐད་རྒྱག་དགོས་ཐུག་གི་ཡོད་པ་དཔེར་དྲངས་ནས་བོད་སྐད་སྤྱོད་དགོས་ཟེར་མཁན་ཡོད་ནའང་ལག་ལེན་ཐོག་ཁག་པོ་རེད་ཅེས་གནད་དོན་འདི་གལ་ཆུང་ལྟ་བུར་བསྒྲུབས་སོང་།གནད་དོན་འདི་ཆུང་ཆུང་ཞིག་རེད་དམ།ང་ཧང་སངས་དོན་ནི་བོད་སྐད་ཡིག་མི་རིགས་ཀྱི་བླ་སྲོག་ཡིན་པ་བདེན་ན།བློ་སེང་གིས་བོད་སྐད་ཡིག་ལ་བཅངས་པའི་ངོས་འཛིན་དེ་ལྷག་བསམ་རྣམ་དག་ཅིག་མ་རེད།

ངས་བསམ་ན།བློ་སེང་ལགས་ད་དུང་གོ་རྟོགས་སད་པ་དང་ཉམས་མྱོང་གསོག་རྒྱུའི་དུས་རིམ་ཞིག་ལ་ཡོད་པ་ལས།མཆོང་ཐེངས་གཅིག་གིས་ཨ་རིའི་ཧ་ཝར་ཌིའི་གཙུག་ལག་སློབ་གྲྭའི་ཉམས་ཞིབ་པ་ཞིག་ནས་བོད་བཙན་བྱོལ་སྲིད་གཞུང་གི་བཀའ་ཁྲིར་འདུག་རྒྱུའི་དུས་ལ་བབ་མེད་པར་མངོན།འོན་ཀྱང་དག་སྣང་ཆེ་བའི་བོད་མི་འོས་འཕེན་པ་ཚོས་འདུ་ཤེས་བསམ་བློ་སྣ་ཚོགས་ཁྱེར་ནས་ཁོང་སྐབས་རྗེས་མའི་བཀའ་ཁྲིར་འཁོད་ཚེ།གཅིག་བྱས་ན་ཨ་རིའི་ཨོ་བྷ་མས་བྱེད་སྟངས་བཞིན་རྒྱ་ནག་གི་ཨོ་བྷ་མས་བྱེད་རྒྱུ་ཡིན་ཟེར་ན་”སྟག་མཆོང་སར་ཝ་མཆོང་”པའི་དཔེ་བཞིན་བློ་སེང་རང་ཉིད་དུས་ཐུང་ནང་གནམ་ནས་སར་བརྡབ་མི་སྲིད་པའང་མ་རེད།ཀུན་གྱིས་ཞིབ་འདང་རྒྱག་དགོས་ས་ནི།སྤྱི་དོན་གལ་ཆེ་སར་ཐུག་སྐབས་རང་གིས་རང་ལ་ཞུ་དག་བཏང་སྟེ་རང་ཉིད་མི་རིགས་རིང་ལུགས་པ་ཞིག་རེད་དམ།ཡང་ན་ས་གནས་རིང་ལུགས་སམ་ཚོར་སྣང་རིང་ལུགས་པ་ཞིག་ཆགས་ཀྱི་ཡོད་མེད་དེ་རེད།།
༢༠༡༡ ། ༠༣ ། ༠༤ ཉིན་བྲིས།

 

འབྲེལ་ཡོད་གསར་འགྱུར།

བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

ཆུ་ཚོད་ ༢༠ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༢༣ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧

མཆན། 16

  1. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    ཁྲི་སྲོང་བཙན་ལགས། བཙན་བྱོལ་བོད་མའི་ཁྱད་པའི་འཚོགས་འདུ་ཐེངས་དང་པོ་རྡ་ས་དཔེ་མཛོད་ཚོགས་ཁང་དུ་འཚོགས་དུས་དེའི་སྟེང་གུས་མོ་ཡང་ཡོད། བློས་སེང་གིས་བོད་ཀྱི་སྐད་ཡིག་གལ་ཆེན་མིན་ལུགས་མིན་སྟངས་ཀྱི་དགག་རྒྱག་དངོས་སུ་བྱས་མ་སོང་། དེ་འདྲ་ནི་བོད་པའི་ཁྱད་པ་དག་འཚོགས་ཡོད་ས་ནས་བྱེད་ཀྱང་ཤེས་ཀྱི་མ་རེད། འོན་ཀྱང་ཁོས་དབྱིན་ཡིག་གལ་ཆེན་ཡིན་པའི་རྣམ་འགྱུར་བསྟན་ཏེ་བོད་ཡིག་ལ་མཐོང་ཆུང་དང་ཟུར་ཟ་ཐེངས་ཁ་ཤས་ལ་བྱས་སོང་། མ་ཟད་སྐབས་དེར་འཚོགས་བསྐྱར་བ་ཞིག་གིས་ཀྱང་བློ་སེང་ལ་དེ་འདྲ་གསུངས་ལུགས་མེད་པའི་རྒྱུ་མཚན་གྱི་སྐད་ཆ་འགའ་ཡང་བཤད་སོང་། ད་དུང་མཇུག་མཐར་བློ་སེང་གིས་དགོངས་སེལ་ཞུ་དགོས་ཐུག་སོང་། འདི་ནི་གུས་མོས་མཐོང་པའི་གནས་ཚུལ་ཡིན། གཞན་མི་ཤེས།

    Reply
  2. འདེ་བདུད་་ says:
    ལོ་ 15 སྔོན།

    སྤྲོ་ཚིག་ལགས་་་བློ་ལ་ལྟ་ཚུལ་དེ་ལྟར་ཡིན་ན་
    བཀྲ་མཐོང་ལྟ་ཚུལ་ཇི་ལྟར་ཡིན་ནམ། འདི་བཀླག་ནས་ལན་གསལ་ཞིག་ཡོད་རྒྱུ་རེད་པ་

    དེ་རིང་ངས་བཀའ་ཁྲིའི་སྐོར་གླེང་བརྗོད་ཐུང་རེ་བྱེད་འདོད་བྱུང། དེ་ནི་ད་བར་དུ་བོད་མི་མང་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་དེ་ནི་མཁས་དབང་བློ་བཟང་སེངྒ་དང། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་རེད། ངས་ཀྱང་ཁོང་གཉིས་ལ་དོ་སྣང་བྱས་པ་ཡིན། ངས་ཁོང་གཉིས་ལ་དོ་སྣང་བྱས་པའི་བརྒྱུད་རིམ་གྱི་ནང་དུ་མཐོང་བ་དེ་ནི་་་་བཀའ་ཟུ་་བསྟན་འཛིན་རྣམ་རྒྱལ་གྱིས་བཀའ་བློན་བྱས་པའི་རིང་གི་དངོས་དོན་ཡིན་མིན་ཇི་ཡིན་ཡང་གནས་དོན་མང་པོ་ཞིག་ལ་གླེང་སློང་སྣ་ཚོགས་ཤིག་བྱས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་་་བཀའ་ཟུར་བཀྲས་མཐོང་་མཆོག་གིས་གླེང་རྙོགས་དེ་དག་གཙང་སེལ་གྱི་ཆེད་དུ་རང་དབང་གསར་ཤོག་གི་ཐོག་ནས་གསལ་བཤད་དེ་སྐྱར་དུ་འགྲེམ་སྤེལ་བྱེད་དགོས་བྱུང་བ་རེད།

    དེ་ནས་ངས་རང་དབང་གསར་ཤོག་དེ་ཞིབ་ཏུ་བཀླགས་པ་ཡིན། དེ་དང་མཉམ་དུ་བཀའ་ཟུར་ཁོང་བཀའ་བློན་གནང་སྐབས་སུ་གྲོས་ཚོགས་ཀྱི་ནང་དུ་བགྲོ་གླེང་གང་བྱུང་ཡོད་མེད་ཀྱི་ཐད་ལ་སྐབས་དེའི་གྲོས་ཚོགས་ཀྱི་ཡིག་ཆ་དང། སྐབས་དེའི་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་གང་འགྲེལ་བརྗོད་བྱས་ཡོད་མེད་ཀྱི་ཐོག་ལ་ཡང་ཡང་དཔྱད་ཞིབ་བྱས་པ་ཡིན། གནས་སྟངས་དེ་འདྲའི་འོག་ཏུ་ངས་རང་དབང་གསར་ཤོག་དེ་ལ་དཔྱད་ཞིབ་ཅིག་བྱེད་དགོས་རང་བཞིན་གྱིས་བྱུང་བ་རེད།

    རང་དབང་གསར་ཤོག་ཏུ་བཀའ་ཟུར་ཁོང་གིས་གསུངས་དོན་ལ་གཞིག་ན། ༼བཀའ་ཟུར་གྱིས་་་་་་ཁོང་དཔལ་འབྱོར་བཀའ་བློན་གྱི་སྐབས་སུ་ཡོང་འཆར་གཉིས་ཁ་འདུམ་པ་དངུལ་ཆད་ཡོང་དོན་དེ་ནི་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ལ་དོ་སྣང་རྒྱ་ཆེ་རུ་ཕྱིན་པའི་རྒྱུ་མཚན་གྱིས་རེ ད་ཅེས་བཀའ་ལན་ཞིག་གཏནང་ཡོད༽ བཀའ་ལན་དེ་གནད་ལ་འཁེལ་བ་ཞིག་རེད་དམ། ངས་ཁོང་བཀའ་བློན་སྐབས་གྲོས་ཚོགས་ནང་དུ་ཚོགས་གཙོ་རིན་པོ་ཆེས་གསུངས་བཤད་འདི་འདྲ་ཞིག་གནང་ཡོད་པའི་ཡིག་ཆ་ཞིག་མཐོང་བྱུང། དེ་ནི་ཕྱི་ལོ་ ༡༩༩༣ ཕྱི་ཟླ་ ོ༡ ཚེས་ ༡༤ ནས་ ༢༦ བར་དུ་ཚོགས་པའི་གྲོས་ཚོགས་ཀྱི་ནང་དུ་སྐབས་དེའི་ཚོགས་གཙོ་ཟམ་གདོང་བླ་མས་གསུངས་དོན་། ༼དཔེ་མཚོན་ཞུ་ན། དེ་སྔོན་བསྐྱར་བཅོས་སྔོན་རྩིས་སྐབས་བཀའ་ཤག་ནས་བཀའ་བློན་ཁྲི་པའི་མཚན་རྟགས་འཁོད་པ་འབྱོར་བར་རྒྱུན་ལས་ནས་བཀའ་བསྡུར་གནང་སྟེ་བཀའ་བློན་ལ་དོགས་འདྲི་ཞུ་སྐབས་། བཀའ་བློན་རྣམ་པས་དྲུང་ཆེ་དང། དེས་གཤམ་འོག་གི་ལས་བྱེད་ལ་དྲིས་པས་སུ་ལའང་གསུང་རྒྱུ་མེད་པ། ཚང་མས་མགོ་མ་འཚོས་པ་དེ་འདྲ་འདུག། གང་མཚམས་ནས་མགོ་འཚོས་མཁན་དཀོན་མཀཆོག་མ་གཏོགས་མེད་པར་ཆགས་ཉེན་འདུག་ཅེས་གསུངས་འདུག༽ སྐབས་དེའི་ཚོགས་གཙོའི་གསུངས་བཤད་དེས་བོད་གཞུང་གི་དཔལ་འབྱོར་གྱི་དངུལ་ཆད་དེ་ལྟར་ཡོང་དོན་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ལ་དོ་སྣང་ཆེ་རུ་ཕྱིན་པའི་དབང་གིས་བྱུང་ཡོད་དམ། སྐབས་དེའི་བཀའ་བློན་ཚོས་དོ་སྣང་མ་བྱས་པ་དང། དབུ་པ་མ་འཚོས་པའི་དབང་གིས་བྱུང་ཡོད་མེད་ཀྱི་ཐད་ལ་དྲི་བ་འདི་དང། དོགས་འཆར་ཞིག་སློངས་སོང།

    གལ་ཏེ་རང་དབང་གསར་ཤོག་གི་བཀའ་ལན་ལྟར་བོད་དོན་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ཆེ་རུ་ཕྱིན་པའི་དབང་གིས་དངུལ་རྩིས་ཁ་མ་འདུམ་པ་བྱུང་ཡོད་ན། དེ་ནི་གལ་གནད་ཆེན་པོ་ཞིག་མ་རེད་ལ། སེམས་འཚབ་སྐྱེ་དགོས་པ་ཞིག་ཀྱང་དེ་བས་མ་རེད།
    ཡིན་ནའང་ཕྱི་ལོ་ ༡༩༩༤ ཕྱི་ཟླ་ ༡ པོའི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང་དུ་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་འདི་ལྟར་གསུངས་ཡོད། ༼ འདས་པའི་ལོ་གཉིས་ནང་དུ་སེམས་འཚབ་ཡོང་རྒྱུའི་གནས་ཚུལ་ནི། ཡོང་འབབ་དང། འགྲོ་ཁུངས་གཉིས་ཁ་མ་འདུམ་དེ་རེད། དེའི་སྐོར་བརྡ་བཏང་ཡོད་ཅེས་གསུངས་པ་རེད། ༽ སྐབས་དེའི་དངུལ་ཆད་དེ་བོད་དོན་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ཡིན་ན། བཙན་བྱོལ་གྲོས་ཚོགས་ལ་སེམས་འཚབ་ཡོང་དགོས་དོན་ཅི་ཡིན་ནམ།
    མདོར་ན་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ཚོགས་དུས་དེའི་ནང་དུ་གསུངས་བསྡོམས་འདི་འདྲ་ཞིག་བརྒྱགས་ཡོད། ༼ ཚོགས་གཙོས་་་་་རྩིས་འགོ་གཅིག་གྱུར་མེད་པ། བསྡོམས་རྩིས་ནོར་བ། ཕྱི་རྒྱལ་དངུལ་གྱི་ཛ་ཐང་གཅིག་གྱུར་མེད་པ་། དམིགས་བཀར་དང། དམིགས་བསལ་གང་ཡང་མེད་པ། མཉམ་སྦྱར་ཡིག་ཆ་མེད་པ། ལྷག་པར་དུ་ཨ་ལས་དང། ཅ་ལག་ཉོ་རྒྱུ་སོགས་ལ་མཉམ་སྦྱར་ཡིག་ཆ་མེད་པ་སོགས་ནོར་འཁྲུལ་མང་པོ་འདུག ས་གནས་སོ་སོའི་ཚུར་ཡོང་དེ་ཚོ་ཡང་གསལ་མི་འདུག་ཅེས་གསུངས༽ གསུང་བཤད་འདི་དག་གིས་སྐབས་དེའི་རྩིས་ཆད་ཡོང་དོན་དེ་ཚོ་ཧ་ཅང་གིས་གསལ་རྟོགས་ཐུབ་ཀྱི་མི་འདུག་གམ་

    ཡང་གནད་དོན་གཞན་ཞིག་གི་ཐོག

    ་ནས་གླེང་ན། བཀའ་ཟུར་བཀྲས་མཐོང་ལགས་བཀའ་བློན་བྱེད་པའི་སྐབས་ཨ་རི་ལ་བོད་མི་ཆིག་སྟོང་བཏང་བ་རེད། བོད་མི་ཆིག་སྟོང་དེའི་ཁོངས་སུ་བོད་གཞུང་གི་གཞུང་ཞབས་ལས་བྱེད་དང། སློབ་གྲའི་དགེ་ལས་སོགས་མང་པོ་ཞིག་བསྐྱོད་པའི་དབང་གིས་་བོད་གཞུང་ལ་སྐུ་ངལ་ཧ་ཅང་གི་ཆེན་པོ་འཕྲད་པའི་ལོ་རྒྱུས་ཤིག་ཡོག་རེད།
    དངོས་དོན་ཇི་ཡིན་ཡང་ཁོང་བཀའ་བློན་སྐབས་དངུལ་ཆད་དང་འབྲེལ་ཡོད་ལས་བྱེད་ཁག་ཅིག་ཨ་རི་ལ་ཕྱིན་པ་ནི་གསལ་པོ་འདུག། དངུལ་ཆད་དང་འབྲེལ་བ་ཡོད་པའི་ལས་བྱེད་དེ་ཚོ་ཁོང་གིས་བཏང་བའི་བོད་མི་ཆིག་སྟོང་དང་མཉམ་དུ་ཡོད་མེད་ངས་གསལ་ཆ་མི་ཤེས།
    རྩིས་ཆད་དང་འབྲེལ་བ་ཡོད་པའི་ལས་བྱེད་དེ་ཚོ་རྒྱུ་གང་ལ་བརྟེན་ནས་ཨ་རི་ལ་ཕྱིན་ཡོད་མེད་བཤད་ཚོད་དཀའ་ཡང། ཨ་རི་ལ་ཕྱིན་ཡོད་པ་ནི། སྐབས་དེའི་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་འགྲེལ་བརྗོད་གནང་དོན།
    ༼རིན་པོ་ཆེས་་་་་་དེ་སྔ་ཕན་ཆད་ཡང་ཡང་ཡོང་བསྡད་རྒྱུའི་དངུལ་ཆད་ཡོད་པའི་རྩིས་པ་དེ་ཚོ་མང་བ་ཆེ་ཨ་རི་ལ་ཕྱིན་ཚར་བ་རེད་ཟེར་ནས་ཨ་རི་ལ་ཕྱིན་ཚར་དུས་ཧ་ལམ་འཇིག་རྟེན་གྱི་ཁམས་གཞན་དག་ཅིག་ལ་ཕྱིན་པའི་བཟོ་འདྲ་ཞིག་གིས་བདའ་འདེད་གཏོང་ས་མེད་པ་འདྲ་ཞིག་གིས་ཆགས་བཞག་ནས་བློ་མི་བདེ་བ་ཡང་ཡང་ཡོང་རྒྱུ་དེ་ག་རེ་བྱས་ནས་ཡོང་གི་ཡོད་རེད་ཅེ་ན། བཀའ་བློན་རྣམ་པ་ཚོས་དངུལ་འབོར་གྱི་ཐོག་ལ་ཐུགས་འགན་ག་ཚོད་ཡོད་མེད་་དེ་གསལ་པོ་མ་མཁྱེན་པ་དང།
    ཐུགས་སྣང་ཆུང་དྲགས་པའི་རྐྱེན་གྱིས་རེད་ཅེས་དང། ཡང་རྩིས་པ་རྙེད་ཀྱི་མི་འདུག། དེར་བརྟེན་བྱེད་རྒྱུ་གང་ཡང་མི་འདུག་ཅེས་བཀའ་གནང་ནས་དག་གི་ཡོད་མ་རེད། ་རྩིས་པ་འཇིག་རྟེན་འདིའི་ནང་དུ་ཡོད་ནའང་རེད། འཇིག་རྟེན་ཕར་རོལ་ཏུ་ཕྱིན་ཟིནའང་རེད། གྲོས་ལ་དངུལ་དེ་དག་ཆ་ཚང་བ་བཟོ་རྒྱུ་དེ་བཀའ་བློན་དེར་བབས་བསྡད་ཡོད་རེད། དེ་འདྲ་མིན་པར་མི་གཅིག་གི་རྗེས་ཤུལ་མ་རྙེད་པའམ། རྩིས་ཁྲ་བཞག་སྟངས་བུ་ལོན་ནག་ཟེར་བའི་འགྲོ་སྟངས་ཤིག་ཡོད་པ་དེ་རྒྱུ་མཚན་དུ་བྱས་ནས་དངུལ་འབོར་མ་ཚང་བ་དེ་དག་མཐའ་མ་བསྐྱལ་བར་བ་ལྡིང་དུ་བཞག་རྒྱུ་དང། དྲུང་ཆེ་མི་འདུག་ཟེར་ནས་བཞག་རྒྱུ་མེད་པ་དེ་གྲོས་ཚོགས་ཀྱི་ཐུགས་ལ་མངའ་དགོས་པ་ཞིག་རེད། ཅེས་་་་ཚོགས་གཙོ་མཆོག་གིས་གྲོས་ཚོགས་སུ་གསུངས་པ་ཞིག་རེད། དེས་ནས་རང་དབང་གསར་ཤོག་གི་གསལ་བཤད་དེ་དེ་འདྲིའི་སྟབས་བདེ་པོ་ཞིག་མེད་པ་མཐོང་ཐུབ་ཀྱི་མི་འདུག་གམ།

    ཡང་བཀའ་ཟུར་བཀྲས་མཐོང་མཆོག་གིས་རང་དབང་གསར་ཤོག་ཏུ་གསལ་བཤད་གཞན་ཞིག་བྱས་དོན། རྒྱ་གར་མི་ཞིག་དང་མཉམ་དུ་ལ་དགས་ཁུལ་དུ་ར་སྤུའི་་་ཚོང་འབྲེལ་བྱས་པས་རྒྱ་གར་བ་དེའི་ལག་ནས་སྒོར་མོ་འབུམ་བཅུ་གྲངས་ཤིག་མ་རག་པའི་སྐོར་གྱི་གནས་དོན་ལ་བཀའ་ལན། ༼ཚོང་དེ་ནི་ཐོག་མ་ནས་ཚོད་ལྟ་རེད་ཅེས་གསུངས༽ བཀའ་ལན་འདི་ཡང་སྟབས་བདེ་ཞིག་རེད་ཀྱང། དོན་དངོས་ཐོག་སྐབས་དེའི་གྲོས་སུ་བགྲོ་གླེང་གང་བྱུང་ཡོད་མེད་དང། ཚོགས་གཙོས་འགྲེལ་བརྗོད་གང་བྱས་ཡོད་མེད་ལ་བལྟ་ཅི་ཡོད།

    ་
    ཕྱི་ལོ་ ༡༩༩༤ ཕྱི་ཟླ་ ༧ གྲོས་ཚོགས་ཚོགས་དུས་བདུན་པའི་ནང་དུ་ཚོགས་གཙོ་རིན་པོ་ཆེས་གསུངས་ན། ༼དཔེར་ན་དྲི་བ་དྲིས་ལན་གཅིག་གི་སྐབས་སུ་རག་པའི་མཐོང་ཚུལ་གྱི་གནས་ཚུལ་ཞིག་ཞུས་པ་ཡིན་ན། རྒྱ་གར་གྱི་མི་ཞིག་དང་མཉམ་དུ་ལ་དགས་ཁུལ་དུ་ར་སྤུའི་་ཚོང་འབྲེལ་གྱི་དྲི་བ་བྱུང་སྐབས་ལ། ཐོག་མ་འབྲེལ་ཡོད་བཀའ་བློན་གྱིས་བཀའ་ལན་ག་རེ་གནང་སོང་ཟེར་ན། དེ་ད་ལྟ་ང་ཚོ་དང་འབྲེལ་བ་ཡོད་པ་མརེད་ཅེས། ལས་སླ་པོ་ཞིག་གིས་འབུད་རྒྱག་བཏང་ནས་འགྲིག་ཐབས་དང། ཐར་ཐབས་ཀྱི་དགོངས་པ་བཞེས་སོང། དེ་ནི་གྲོས་ཀྱི་ནང་དུ་ལས་རིམ་གྱི་ཆ་ཤས་ལེན་སྟངས་ཡག་དག་པ་ཞིག་མིན། ཅེས་དང། གནས་འདི་ནི་ལོ་མང་པོ་ཞིག་བརྒྱུད་རིམ་ཡོད་པའི་གནས་སྟངས་རྙོག་འཛིངས་ཅན་ཞིག་རེད།

    ་
    ཁ་སང་ཕྱི་ཟླ་ ༧ ཚེས་ ༡༧ དགོང་མོར་འབྲེལ་རྒྱ་གྱི་མི་དེ་ཚོགས་གཙོ་ཐུག་སར་སླེབས་བྱུང། མགོ་ནས་མཇུག་བར་དུ་ཡིག་ཆ་དང་བཅས་གསལ་བཤད་བྱེད་ཀྱི་འདུག། ང་དང་འབྲེལ་བ་མེད་པ་སོང་ཙང་བློ་གཏད་བྱ་རྒྱུ་མ་བྱུང། འོན་ཀྱང་ཕྱོགས་གཅིག་གི་སྐད་ཆ་དེ་རགས་པ་ཙམ་བང་བསྒྲིགས་ནས་བལྟས་ན། དྲིས་ལན་གནང་སྐབས་ཀྱི་གསུངས་པ་ནམ་བཞིན་ལས་པོ་དང། སྟབས་བདེ་པོ་ཞིག་རྩ་བ་ཉིད་ནས་མི་འདུག། ཁྲིམས་དང། དཔལ་འབྱོར་གྱི་ཐོག་ནས་རྩིས་བརྒྱབ་པ་ཡིན་ན། ཕྱོགས་གཉིས་ཀར་སྐུ་ངལ་ཡོང་གཞི་མ་གཏོགས་། ལས་སླ་པོ་ཞིག་གི་ཐོག་ནས་འབྲེལ་བ་མེད་ཅེས་གསུངས་ཆོག་ཆོག་ཅིག་མ་རདེ་ཅེས་་་་་་་་་་གྲོས་ཚོགས་ཀྱི་ནང་དུ་ཚོགས་གཙོ་་་ཟམ་གདོང་རིན་ཆེས་འགྲེལ་བརྗོད་བྱས་པའི་དངོས་དོན་ཞིག་ཡིན་།
    དེ་འདྲ་ཡིན་དུས་ད་བར་དུ་བཀའ་ཟུར་་་བཀྲས་མཐོང་་་བཀའ་ཁྲིའི་འོས་མི་མི་འོས་པའི་་སྒྲུབ་བྱེད་བཀོད་མཁན་ཚོས་གླེང་རྒྱུའི་དོན་དག་གཙོ་བོ་གོང་དུ་བགྲང་ཟིན་པའི་དཔལ་འབྱོར་གྱི་གནས་དོན་དང། ར་སྤུའི་ཚོང་འབྲེལ་བཅས་ཀྱི་སྐོར་དེ་རེད། དེ་ལ་བཀའ་ཟུར་བཀྲ་མཐོང་མཆོག་གི་རྒྱུད་ལམ་སྣ་ཚོགས་དང། རང་དབང་གསར་ཤོག་བཅས་ཀྱི་ལམ་ནས་གསལ་བཤད་ཇི་ཙམ་བྱས་ཀྱང་མི་མང་པོ་ཞིག་གིས་་ད་དུང་ཡང་བཤད་མཚམས་འཇོག་གི་མེད། དེ་ལ་ངས་དངོས་དོན་ཇི་ཡིན་ཤེས་རྟོགས་ཀྱི་ཆེད་དུ་ཡིག་ཆ་འདྲ་མིན་རྩད་འཚོལ་བྱས་མཐར་སྐབས་དེ་དང་དེའི་ཚེ་གྲོས་ཚོགས་ཀྱི་ཚོགས་གཙོས་གྲོས་ཚོགས་སུ་འགྲེལ་བརྗོད་ཇི་བྱས་ཀྱི་ཡིག་ཆ་དང། བཀའ་ཟུར་བཀྲ་མཐོང་མཆོག་གི་གསལ་བཤད་གཉིས་རགས་པ་ཙམ་མཚུངས་བསྡུར་བྱས་ནས་གླེང་བརྗོད་ཐུང་ངུ་འདི་སྤེལ་བ་ཡིན་ནོ།།

    Reply
  3. གཤེད་མ། says:
    ལོ་ 15 སྔོན།

    གང་ལྟར་སྤྲོ་ཚིགས་ཆོས་གྲགས་ཀྱིས་རྩོམ་ཐུང་འདི་ཡག་པོ་བྲིས་འདུག རྗེས་སུ་ཡི་རངས་དང་བསྔགས་ཡོད།

    Reply
  4. གཤེད་མ། says:
    ལོ་ 15 སྔོན།

    གང་ལྟར་སྤྲོ་ཚིགས་ཆོས་གྲགས་ཀྱིས་རྩོམ་ཐུང་འདི་ཡག་པོ་བྲིས་འདུག རྗེས་ཡི་རངས་ཡོད།

    Reply
  5. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    སྤྲོ་ཚིགས་ལགས་ཁྱེད་ཀྱིས་སྨྱོན་ལབ་འདི་མ་ལབ་རོགས། ང་སུན་སྣང་སྐྱེས་ཀྱི་འདུག གཞི་མེད་ལ་མི་གཞན་ལ་དམའ་འབེབས་དང་སྐྱོན་འཛུགས་འཁྱོག་བཤད་ཕྱོགས་འཐེན་བྱེད་རྒྱུ་བཞག་ན་ལེགས་པར་ཤེས།
    ཁྱེད་རང་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་བཀྲས་མཐོང་གི་སྐོར་ལ་དགེ་སྐྱོན་གཉིས་ཀ་རྩ་བ་བཟུང་ནས་དཔྱད་རྩོམ་རིགས་སྤེལ་ཐུབ་ན་བཟང་། ཉེ་འཆར་ཟམ་གདོང་རིན་པོ་ཆེའི་འོས་བསྡུའི་བརྒྱུད་རིམ་འགྲོ་བཞིན་དུ་ཁོ་རང་གིས་འོས་བསྡུའི་སྒྲིག་གཞི་དང་འགལ་བ་འགྲོ་དང་མི་འགྲོ་ངས་བློ་ཐག་བཅད་ནས་བཤད་ཐུབ་ཀྱི་མི་འདུག་གལ་སྲིད་སྒྲིག་གཞི་དང་འགལ་ཡོད་ན་ང་རང་གིས་ཉེས་ཁ་མ་འཛེམ་པར་ཚིག་ཁ་ཤས་ཞུ་དགོས་ས་རེད་དེ་མ་ཞུས་ན་སྤྱི་ཚོགས་སྟེང་ལབ་ལོང་མང་པོ་ཡོང་དུས་བློ་སེང་ནག་པོ་བཟོ་རྒྱུ་ཉེས་ཁ་ཡོད་རེད་ཟེར་ནས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བ་དེ་བླུན་པོ་ཁྱེད་ཀྱི་མཐོང་མྱོང་དང་གོ་ཐོས་མི་འདུག་འདིར་གཟིགས་དང་http://www.youtube.com/watch?v=8yK1pv7t0pU&feature=player_embedded
    ཁྱེད་རང་མཐོང་རྒྱ་དང་ཐོས་རྒྱ་མང་པོ་ཞིག་རྙེད་ཐུབ།་ ་བརྡ་ལན་གཅིག་ཡོད་པར་ཞུ།

    Reply
  6. གངས་རིའི་བུ says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་ནི་ནོར་བ་དང་འཁྲུལ་བ་ཡོད་མི་སྲིད། གང་ཡིན་ཟེར་ན། ཁྱེད་ནི་འཇོན་ཐང་ལྡན་པ་ཡི་ཅོ་རི་བ་ཞིག་རེད། ཁྱེད་ནི་བཟང་ངན་ཤེས་པའི་གངས་ཅན་པ་ཞིག་རེད་ལ། ཁྱེད་ནི་གཞན་སྐྱོན་མཐོང་བའི་སྤྱན་ལྡན་པ་ཞིག་ཀྱང་རེད།

    Reply
  7. གྲྭ་རྒོད says:
    ལོ་ 15 སྔོན།

    སྤྱིར་ང་རང་ལ་མཚོན་ན་འོས་མི་གསུམ་གྱི་ནང་སུ་བཀའ་ཁྲིར་འོས་ཐོབ་ཀྱང་དེ་ཙམ་ཁྱད་པར་མེད།ཡིན་ན་འང་བསམ་བློ་ཞིབ་མོར་བཏང་ན་སྐབས་དང་དུས་ཀྱི་དབང་གི་ད་ལྟའི་བཀའ་དེ་ན་གཞོན་ཞིག་ལ་ཉམས་མྱོང་ཞིག་སྤྲད་དགོས་པ་རེད་བསམ།དེ་ཡང་ལམ་ལུགས་དང་དབྱེ་པ་མེད་པ་འགྲོ་ལུགས་མཐུན་པ་ཞིག་མིན་འགྲོ་བསམ།ང་ཚོ་ང་ཚོའི་སྤྱི་ཚོགས་ནང་མ་ནོར་བ་ཞིག་དང་ཞེན་ཁོག་ཀྱི་དབང་དུ་མ་སོང་བ་ཞིག་ངེས་པར་བྱེད་དགོས།མ་འོང་པར་ན་གཞོན་ཞིག་ལ་ཐོབ་པའི་དུས་ཞིག་ཤར་བ་ཡོད་ན་ད་ལྟ་དུས་ལ་བབ་ཡོད། གང་ཡིན་ཟེར་ན་གོང་ས༸མཆོག་དང་སམ་གདུང་རིན་པོ་ཆེ་སོགས་མདོར་ན་ང་ཚོ་ལ་གང་ཡོད་རྣམས་ཞལ་བཞུགས་ཡོད་ལ།སྐབས་འདི་མ་ཤོར་བ་ཞིག་བྱེད་བོད་མི་ཡོད་དོ་ཅོག་གི་བསམ་ཤེས་བྱེད་དགོས།

    Reply
  8. རྨོངས་སད་སྒྲོན་མེ། says:
    ལོ་ 15 སྔོན།

    ༧གོང་ས་ཡིད་བཞིན་ནོར་བུས་གསོལ་རས་གནང་བཞག་པའི་མང་གཙོའི་ཁེ་དབང་ཡོངས་སུ་ལོངས་་སྤྱོད་པ་པོ་སྤྲོ་ཚིགས་གཙོས་པའི་མཆན་འདེབས་པ་པོ་ཚང་མ་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། འོན་ཀྱང་སྤྲོ་ཚིགས་ཁྱེད་ཉིད་ཀྱིས་བློ་སེང་བཀའ་ཁྲིར་མི་འོས་ཞེས་པའི་རྒྱུ་མཚན་རེ་ཟུང་བགྲང་འདུག་ཀྱང་དེ་དག་འབྲེལ་མེད་དོན་སྟོང་ཁོ་ན་ལས་གཞན་ཅི་ཡང་མ་མཐོང་། ང་ཚོ་བོད་མི་ཚོས་ངེས་དགོས་པ་ཞིག་ནི་སླེབས་ལ་ཉེ་བའི་བཀའ་ཁྲི་འོས་མི་གསུམ་ལས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་རྐུབ་སྟེགས་སུ་སུ་སླེབས་མིན་ལ་མ་བལྟོས་པར། གཞི་མེད་སྙོན་འཛུགས་མང་དྲགས་ན་ལ་ཕར་རྒྱབ་ཀྱི་དགྲ་བོ་རྒྱ་དམར་གྱི་ལག་ཆར་འགྲོ་མི་སྲིད་པ་ངེས་པ་མེད་པས། ཁྱེད་སྙུག་ཐོགས་པ་རྣམས་ཀྱིས་ཡིད་གཟབ་བྱེད་དགོས་པ་དེ་སྐབས་བབ་ཀྱི་འོས་འགན་ཞིག་ཏུ་འཁུམས། རང་དབང་ལྡན་པའི་རྒྱལ་ཁབ་ཨ་རི་དང་། རྒྱ་གར་ལྟ་བུའི་སྲིད་འཛིན་འདེམས་སྟངས་ལ་མིག་དཔེར་བལྟས་ནས་འུ་ཚོའི་གནས་བབ་ལ་མནོ་བསམ་མ་གཏོང་པར་སྐྱོན་མང་དྲགས་ན་བླུན་པོའི་བྱེད་ལས་ཙམ་ལས་མ་འདས།

    Reply
  9. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    སྐད་ཆ་རིང་ན་འཁྲུག་འགྲོ། སྐུད་པ་རིང་ན་ཆད་འགྲོ།།

    དང་པོ་དག་སྣང་སྒོམ་པའི་སྐྱོན།

    བོད་མིས་སངས་རྒྱས་ཆོས་ལུགས་ལ་དག་སྣང་སྒོམ་པ་དེ་ནོར་འཁྲུལ་མཐོང་མཁན་བོད་རིག་པའི་ཆེད་ལས་ཉམས་ཞིབ་ཁྱེད་ནི་དེ་འདྲའི་མི་དགོད་དྲོ་པོ་ཞིག་འདུག བྱེས་བཞུགས་བོད་མིས་བློ་སེང་ལ་དག་སྣང་བྱེད་པའི་གོ་དོན་ནི་མང་མང་ཞིག་གིས་བློ་སེང་བཀའ་ཁྲིད་འདོད་པ་དེ་ཡིན་པ་འདྲ། འོ་ན་བཀྲས་མཐོང་ལ་བོད་མི་དམངས་ཀྱིས་མི་ལོ་ ༤༠ ལྷག་གི་རིང་དག་སྣང་བསྒོམས་བ་མ་ཡིན་ནམ། ཡིན་ནའང་མི་དམངས་ནས་ནམ་ཡང་བརྗེད་མི་ཐུབ་པ་ནི་ཁོང་ལ་དག་སྣང་སྒོམ་བཞིན་སྒོམ་བཞིན་རང་དོན་ཁོ་ནའི་ཆེད་དུ་བྱེས་བཞུགས་བོད་མི་དམངས་དོར་ནས་ནུབ་ཕྱོགས་པའི་འཚོ་བ་རོལ་བར་ཕེབས་པ་དང་། ཁོང་ནས་བཙན་བྱོལ་སྤྱི་ཚོགས་ནང་བཞག་པའི་གྲུབ་འབྲས་ནི་ང་ཚོའི་མིག་མདུན་དུ་ལྷག་པའི་མི་ལོ ༥༠ རིང་འཐུས་ཤོར་གྱི་གནས་སྟངས་འཇིགས་ཡེར་བའི་གནས་ཚུལ་དེ་རེད། ༧གོང་ས་མཆོག་ནས་ཐུགས་ཕམ་དང་བཅས་གསུངས་ཤོར་བ་དེ་ཚང་མས་ཤེས་གསལ་རེད། ང་ཚོས་ཞིབ་ཏུ་བསམས་ན་མི་ལོ་ ༥༠ འཐུས་ཤོར་དེ་ལ་རྒྱུ་འབྲས་ཀྱི་གོ་རིམ་ལྡན་པ་ཞིག་རེད། ལ་ལས་བོད་གཞུང་གིས་འགྲིགས་མ་སོང་ཟེར་ནས་བཤད་ཡང་། དེ་ནི་མ་འགྲིགས་པ་དང་འཐུས་ཤོར་ཇི་ལྟར་སོང་བའི་གོ་རིམ་ལ་བསམ་བློ་མ་བཏང་བའི་སྐྱོན་རེད། འོ་ན་སུས་མ་འགྲིགས་པ་རེད་སུས་འཐུས་ཤོར་བཏང་བ་རེད་ཟེར་ན། ང་ཚོས་ཐག་གཅོད་ནས་བཤད་ཐུབ་པ་ནི། བཙན་བྱོལ་བའི་ལས་ཀྱི་སྣེ་མོར་གཏོགས་པའི་མཛད་གཙོ་རྣམ་པ་སྤྱི་དང་། ལྷག་པར་བཀའ་ཁྲི་རིམ་ཕེབས་རྣམས་ཀྱི་མ་འགྲིགས་པའང་མ་འཇོན་ནས་འཐུས་ཤོར་བཏང་བའི་འབྲས་བུ་རེད། མི་དམངས་ངོས་ནས་ད་བར་བཀྲས་མཐོང་ཚུད་པའི་བཀའ་བློན་ཁྲི་པ་རིམ་ཕེབས་ལ་དག་སྣང་སྒོམ་པ་དེས་ཀྱང་མ་འགྲིགས་པ་རེད།།

    གཉིས་པ་བོད་དང་ནུབ་ཕྱོགས་སྲིད་དོན་པའི་ཁྱད་པར།

    འཇིག་རྟེན་འདིའི་ཁེ་ཕན་གཙོ་བོ་དོན་དུ་གཉེར་བའི་ཐབས་ཇུས་དེ་ལ་སྲིད་དོན་ཟེར། དེ་ལའང་རང་ཉིད་ནས་མི་རིགས་དང་རྒྱལ་ཁབ་བར་དམིགས་ཡུལ་ཆེ་ཆུང་མི་འདྲ་བ་མང་པོ་ཡོད། དེས་ན་ང་ཚོས་སྲིད་དོན་པ་ཡག་ངན་དབྱེ་འབྱེད་བྱེད་དུས་དེའི་གྲུབ་འབྲས་ཡག་ངན་ལ་ལྟ་དགོས། དེ་ཡང་སྲིད་དོན་དེས་དབང་དུ་བསྒྱུར་བའི་མི་རིགས་དང་རྒྱལ་ཁབ་དེའི་བདེ་སྐྱིད་དང་ཡང་རྒྱས་གྱི་གནས་ཚད་ལས་ཤེས་ཐུབ་པ་ཡིན། བོད་རིག་པའི་ཆེད་ལས་ཉམས་ཞིབ་པ་ཞིག་གིས་ཡོངས་གྲགས་ཀྱི་གནས་ཚུལ་འདི་འདྲ་ཞིག་མི་ཤེས་པ་ག་སྲིད།།
    ད་དུང་ཁྱེད་ནས་༼ཆོས་སྲིད་ཟུང་འབྲེལ་གྱི་བསམ་བློའི་མཁའ་དབུགས་འོག་བོད་མི་མང་ཆེ་བའི་སེམས་ངོར་སྲིད་དོན་པ་ཚོ་ཡང་ལས་རིགས་གཞན་གྱི་མི་ལྟར་ཡིད་ཆེས་ལིང་འགེལ་བྱ་ཆོག་ཆོག་ཅིག་ཏུ་ངོས་འཛིན་ཡོད་པ་མ་ཟད། ཆོས་དང་མཐུན་པའི་ཆབ་སྲིད་པ་ཟེར་པའང་ཡོང་ཆོག་གི་ཡོད།༽ ཞེས་པ་དེའི་ལན་གནད་ལ་འཁེལ་བ་ཞིག་ཆོས་སྲིད་ཟུང་འབྲེལ་དབུ་འཁྲིད་རིམ་བྱོན་བོད་ཀྱི་བླ་སྤྲུལ་རྣམ་པར་་་༼དེ་ཚོས་གང་བྱས་གང་བསྒྲུབས་མཐའ་དག་མཛད་པ་རྣམ་ཐར་དུ་དག་སྣང་སྒོམ་པའི་བློ་སྦྱོང་ཚད་མཐོན་པོ་བྱས་ཡོད་པས་སོ།༽ ཞེས་ཁྱེད་ནས་གོང་དུ་གསུངས་འདུག་པས་ངས་དེ་ལས་ལྷག་པའི་ལན་ཞིག་རྙེད་མ་སོང་། ནང་འགལ་གྱི་སྐད་ཆ་འདི་ལ་བལྟས་ན་ཁྱེད་གནས་ལུགས་མི་ཤེས་ནས་བྲིས་པ་རེད་མི་འདུག། ཆ་སྲིད་དགོས་མཁོ་གཞན་དབང་སྟབས་བསྟུན་གྱིས་བྲིས་པ་གསལ་པོ་རེད།།

    གསུམ་པ་དཔུང་སྒྲིག་མཁན་ཞིག་ཡིན་ན། བཀའ་བློན་ཁྲི་པ་མོ་འོས་ཟེར།

    ང་ཚོས་ཐོག་མར་”དཔུང་སྒྲིག”་གི་བརྗོད་ཚིག་འཇུག་སའི་ཡུལ་ལ་དཔྱད་ཞིབ་བྱེད་ན་དེ་ལ་གཉིས་རེད། བཟང་ཕྱོགས་དང་ངན་ཕྱོགས། ཡང་ན་ཡག་ཕྱོགས་དང་སྡུག་ཕྱོགས་རེད། བློ་སེང་གིས་”ང་མི་གཅིག་ཡིན་ཡང་དཔུང་སྒྲིག་ཏུ་ཡོང་བ་ཡིན་”གསུང་ས་ནི་༧གོང་ས་མཆོག་བརྟན་བཞུགས་བསྟར་འབུལ་སྐབས་རེད། ཆོལ་གསུམ་བོད་རིགས་ཡོད་དོ་ཅོག་གམ་ཡང་ན་མི་གཅིག་ཡིན་ཡང་དཔུང་སྒྲིག་ནས་༧རྒྱལ་བ་དོན་གྱི་བདག་པོར་ཁ་ཞེ་གཉིས་མེད་ཀྱི་བརྟན་བཞུགས་འབུལ་ན་དེ་ལས་ལྷག་པའི་ཆིག་བསྒྲིལ་གྱི་གཞི་རྟེན་ད་བར་ང་ཚོར་མེད། ཕྱོགས་རིས་ཀྱི་དུག་ཆུས་བཟི་བའི་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པའི་མིང་ཅན་སོགས་ཁྱོད་དང་ཁྱོད་ལྟ་བུའི་དཔུང་སྒྲིག་འདི་འདྲ་ནི་རྒྱ་མིས་ཆེད་དུ་བསྐྲུན་པའི་བཙན་བྱོལ་བའི་སྤྱི་ཚོགས་ནང་ཆིག་བསྒྲིལ་གཏོར་བྱེད་ཀྱི་ལག་ཆ་ཡིན་མི་སྲིད་མིན།།

    བཞི་པ་མཐོང་ན་རྩེད་མོ་དང་མ་ཐོང་ན་རྐུས།

    ངྷ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་མིའི་ཁྱད་ལས་པའི་ཚོགས་ཆེན་ཐེངས་དང་པོ་ཚོགས་དུས་ང་ཡང་ཚོགས་བཅར་བ་ཡིན། ཁྱེད་གཉིས་སྒེར་གྱི་བཀའ་མོལ་ནང་གསུང་ཡོད་ན་མ་གཏོགས་ཚོགས་འདུའི་ནང་བློ་སེངགི་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱེད་པའི་གསུང་བཤད་དེ་འདྲ་ངས་གོ་མ་སོང་། །
    ཚང་མས་སྐྱོན་དང་ཡོན་ཏན་ཅི་ཞིག་བགྲང་ནའང་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ནས་གསུང་རོགས་ཞེས་ཨུ་ཚུགས་ཀྱིས་ཞུ་འདོད་བྱུང་།།

    Reply
  10. གྲྭ་རྒོད says:
    ལོ་ 15 སྔོན།

    བློ་བཟང་སེངྒེ་ལགས་ལ་དེ་འདྲ་བཤད་ན་མི་འོས་པ་ཞིག་རེད་དེ་ལས་ཟློག་ཏེ་རྒྱབ་སྐྱོར་བྱེད་དགོས་ང་ཚོའི་བོད་མའི་ནང་དུ་མཁས་དབང་འདི་ལྟ་བུ་ཞིག་ཡོད་པ་དེ་ང་ཚོའི་ངོས་ནས་དགའ་བསུ་བྱེད་རོགས།གཞོན་སྐྱེས་ནང་བོད་མའི་བཀའ་བློན་ཁྲི་བ་བྱོན་པའི་དུས་ཡོད་དམ་མེད།གལ་སྲིད་ཡོད་ན་གོང་ས་༸མཆོག་བཞུགས་སྐབས་སུ་དུས་ལ་བབ་ཡོད།མེད་ན་སྔོན་ལྟར་རེད། ཡར་ཐོན་གྱི་ན་གཞོན་ལ་དམན་འབབ་བྱེད་པ་བོད་མའི་ནང་སྔ་མོའི་ནས་འགྲོ་ལུགས་ངན་པ་ཞིག་གི་ཤན་ཞུགས་པ་ཞིག་རེད།ད་དུང་རང་གི་ནང་དུ་ཕྱོགས་གང་ཐད་ནང་ཡར་ཐོན་གྱི་མི་རེ་བྱུང་ན་དེ་དག་ལ་དམན་འབབ་བྱེད་པ་དེ་སྔོན་སྲོད་ཞིག་ལས་མ་འདས།ད་ལྟ་ང་ཚོ་འགྲོ་བ་མའི་སྤྱི་ཚོགས་དང་ཉམས་དུ་འགྲོ་དགོས་ན་དེ་དག་ངེས་པར་ཟློག་དགོས་དེ་དག་མ་ཟློག་ན་དུས་ནམ་ཡིན་ཡང་ང་ཚོགས་སྔོན་ལྟར་ཡིན་ལ་ང་ཚོ་ནི་ཁ་འཐོར་ལྟར་གྱུར་བའི་སྤྱི་ཚོགས་ཞིག་ཏུ་འགྱུར་ཉིན་ཆེ།གོང་ས་༸མཆོག་ཞལ་བཞུགས་དུས་སུ་ང་ཚོ་ལམ་ཕྱོགས་འདེམས་སྟེང་མ་ནོར་བ་ཞིག་བྱེད་དགོས་པ་དེ་ང་ཚོའི་ལས་འགན་གལ་ཆེན་ཞིག་རེད་བསམ།

    Reply
  11. བསང་གཡུ་ལྷ། says:
    ལོ་ 15 སྔོན།

    རྩོམ་ཡིག་འདིའི་ནང་དོན་ཐོག་མཐའ་བར་གསུམ་དུ་ཁང་གསར་རྡོ་རྗེའི་རྩོམ་ཡིག་ནང་དོན་བཤུ་འབྲི་བྱས་པ་ཞིག་དང་། ནུབ་ཕྱོགས་སྲིད་དོན་པའི་གོ་དོན་ཡང་སྲིད་དོན་རིག་པ་མ་མཐོང་བའམ་ཡང་ན་མ་ཤེས་ཁུལ་གྱིས་ཁོ་རང་གིས་རང་བཟོ་བྱས་འདུག འོན་ཀྱང་རྩོམ་ཡིག་བྲིས་པ་ཡག་པོ་རེད་དཱ། མུ་འཐུད་འབྲི་རོགས་ཞུ། བསམ་ཚུལ་འདི་རང་གི་རྗེས་མ་རྩོམ་ཡིག་ཡག་པོ་ཡོང་བའི་ཆེད་ཡིན་དཱ

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཐོག་མར་གྲོགས་སྤྲོ་ཚིགས་ལགས་སུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    དེ་ནས་རྩོམ་ཡིག་འདི་ནི་དཔྱད་པ་རང་གི་ཐོག་ནས་གོ་བ་ལེན་རྒྱུ་འདུག་ལགས་ན་དེ་ལུགས་ཀློག་པ་པོ་ཚོས་མྱོང་ཐུབ་པར་སྨོན།

    Reply
  13. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    དང་པོ་བློ་བཟང་སེངྒེ་ལྷ་རེད།
    བར་དུ་བློ་བཟང་སེངྒེ་མི་རེད།
    མཐའ་མ་བློ་བཟང་སེངྒེ་འདྲེ་རེད།
    དང་པོ་བློ་བཟང་སེངྒེ་མཁས་དབང་རེད།
    བར་དུ་བློ་བཟང་སེངྒེ་བླུན་པོ་རེད།
    མཐའ་མ་བློ་བཟང་སེངྒེ་ལྐུག་པ་རེད།
    དང་པོ་བློ་བཟང་སེངྒེ་བཀའ་བློན་འོས།
    བར་དུ་བློབཟང་སེངྒེ་ཁྲིམས་དཔོན་འོས།
    མཐའ་མ་བློ་བཟང་སེངྒེ་སྒོ་སྲུང་འོས།
    དང་པོ་བློ་བཟང་སེངྒེ་བོད་མི་རེད།
    བར་དུ་བློ་བཟང་སེངྒེ་རྒྱ་མི་རེད།
    མཐའ་མ་བློ་བཟང་སེངྒེ་སེངྒེ་རེད།
    དང་པོ་བློ་བཟང་སེངྒེ་ཆོས་མེད་རེད།
    བར་དུ་བློ་བཟང་སེངྒེ་སྲིད་མེད་རེད།
    མཐའ་མ་བློ་བཟང་སེངྒེ་ཀླད་མེད་རེད།

    Reply
  14. Mr.Owen says:
    ལོ་ 15 སྔོན།

    ཆོས་གྲགས་ཀྱི་ལྟ་ཚུལ་དེར་ངས་དགའ་བསུ་ཡོད་ལ་མོས་མཐུན་དེ་བས་ཀྱང་ཡོད། ངས་ཀྱང་བློ་སེང་སྐོར་ལ་རྩོམ་ཡིག་ཁ་ཤས་སྤེལ་བ་ཡིན། དེའི་རྒྱུ་མཚན་ནི། གཅིག་ནས་བློ་སེང་གིས་ཁ་ནས་སྙན་པོ་ཞིག་ཤོད་ཁུལ་བྱས་པ་ལས། དོན་ལ་ལག་ལེན་གང་ཡང་བསྟར་གྱི་མེད་པ་ནི་ཡིད་སྐྱོ་བ་ཞིག་རེད། དཔེར་ན། ཁ་ནས་ཆིག་སྒྲིལ་ཟེར་ཞིང་། དོན་ལ་གནས་ཚུལ་གསལ་རྟོགས་མེད་པར་གླེང་འགེལ་བྱེད་པ་དང་། མི་ཤེས་བཞིན་དུ་ཧམ་བཤད་བྱེད་པ་སོགས་སྤྱི་ཚོགས་དང་མི་སྒེར་གང་ཅིར་གནོད་ཚབ་ཆེ་བ་གང་མང་ཞིག་ཤོད་ཀྱི་འདུག གཤམ་གྱི་བསམ་ཚུལ་དེའང་བློ་སེང་གི་སྐོར་ལ་བྲིས་པ་ཡིན་པས། ‘འདིར་ཆེད་དུ་ཀློག་པ་པོ་ཚོར་དེ་ལུགས་གཟིགས་རོགས་ཞུ་འདོད་བྱུང་།

    ངས་བསྐྱར་དུ་ཁྱེད་རང་ལ་ཡིག་ལམ་ནས་སྐུལ་འདེད་ཅིག་བྱེད་འདོད་བྱུང་། དེའི་རྒྱུ་མཚན་ནི་ཁྱེད་ཀྱི་སྐད་ཆ་འགའ་ཞིག་ངའི་བློ་ངོར་མ་བབས་པས་ཡིན་ལ། ངས་བལྟས་ན་ཁྱེད་ཀྱི་སྐད་ཆ་དེ་རིགས་ཤོད་རྒྱུར་ཧ་ཅང་གཟབ་ནན་བྱེད་རྒྱུར་ངས་འབོད་སྐུལ་བྱེད་ཀྱི་ཡོད།
    གཅིག
    ཁྱེད་ཀྱིས་ཉེ་ཆར་རྡ་རམ་ས་ནས་བོད་ཀྱི་བང་ཆེན་གསར་འགོད་པའི་དྲི་བ་ཞིག་གི་ལན་འདེབས་ནང་། ‘‘བོད་དོན་དེ་ལོ་རྒྱུས་གཞི་ལ་བཞག་ནས་རྩོད་རྒྱུ་ཡོད་མོད། ལོ་རྒྱུས་དེ་མགོ་ཉོག་པོ་ཡིན་པས་ཕར་ས་ཁྲ་ཞིག་བསྟན་ན། ཚུར་ས་ཁྲ་ཞིག་སྟོན་པ་དང་ཕར་ཚེས་གྲངས་ཤིག་བཤད་ན་ཚུར་ཚེས་གྲངས་ཤིག་བཤད་ངེས། གལ་སྲིད་བདེན་པ་གཞི་ལ་བཞག་ན་ཕར་བདེན་པ་ཞིག་བཤད་ན་ཚུར་བདེན་པ་ཞིག་བཤད་སྲིད་པས་འཇུ་ས་མེད་པ་ཞིག་ཆགས་སྲིད།,, ཅེས་པའི་སྐད་ཆ་འདི་འདྲ་ཞིག་བཤད་འདུག ངས་གོ་ཚོད་ལྟར་ན། བོད་མི་རིགས་ཀྱི་ངོས་ནས་ཕར་རྒྱ་གཞུང་ལ་ལོ་རྒྱུས་ཀྱི་བདེན་པ་བཤད་ན། ཚུར་ཡང་ལོ་རྒྱུས་ཀྱི་བདེན་པ་སྐྱོར་རྒྱུ་ཡོད་པས། མཐར་ང་ཚོར་ལག་པ་འཇུ་སའི་ལོ་རྒྱུས་ཀྱི་བདེན་པ་ཞིག་མེད་ཚུལ་ཤོད་ཀྱི་འདུག དེ་ལྟར་ཤོད་ཀྱི་ཡོད་ན་ཁྱེད་རང་ནོར་བ་ཡིན་ལ། ཁྱོད་རང་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གང་ཡང་མ་ཤེས་པའི་རྟགས་བསྟན་པ་ཡང་ཡིན། དེ་སྔ་བོད་རང་བཙན་ཅན་གྱི་རྒྱལ་ཁབ་ཞིག་མིན་པའི་ལོ་རྒྱུས་ཀྱི་བདེན་པའི་སྒྲུབ་བྱེད་ཅིག་རྒྱ་ནག་ལ་ཡོད་དམ། ལོ་རྒྱུས་ནང་ཕྱི་ལོ་ ༡༩༥༩ སྔོན་བོད་ཀྱི་རང་བཙན་ཟླ་ཚེས་འདིའི་ཉིན་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ལུགས་ཀྱི་བདེན་དོན་ཞིག་རྒྱ་གཞུང་ལ་ཤོད་རྒྱུ་ཡོད་དམ། དེ་སྔ་བོད་རྒྱ་ཁོངས་ཡིན་པའི་ས་ཁྲ་ཚད་ལྡན་ཞིག་རྒྱ་གཞུང་ལ་སྟོན་རྒྱུ་ཡོད་དམ། སྐད་ཆ་དེ་རིགས་བཀའ་ཁྲིའི་འོས་མི་ཞིག་གིས་ཤོད་རྒྱུ་ཞིག་མ་རེད་ལ། མི་ཤེས་བཞིན་དུ་དེ་ལྟར་བཤད་ན་ཕན་ལས་གནོད་ཆེ་གི་རེད། རྒྱ་ནག་གིས་ཚུར་ལོ་རྒྱུས་ཤོད་པ་དང་། ས་ཁྲ་བསྟན་པ། བདེན་དོན་བཤད་པ་རྣམས་གང་དང་གང་ཡིན་ནམ། ཁྱོད་རང་གིས་ཕར་བཤད་ཚུར་བཤད་མང་པོ་ཞིག་བྱས་པའི་དམིགས་ཡུལ་དེ། བོད་ཀྱི་རྩ་དོན་དེ་ལོ་རྒྱུས་ཀྱི་ཕྱོགས་ནས་སྒྲུབ་དཀའ་བ་གང་ཞིག་ལ། ཁྲིམས་ཀྱི་ཐོག་ནས་སྒྲུབ་སླ་བ་དང་། ཁྲིམས་ངས་ཤེས་པས་ང་བཀའ་བློན་བྱས་ན། རྩ་དོན་འགྲུབ་མདོག་གི་རྣམ་འགྱུར་ཞིག་ྟོན་གྱི་འདུག་མོད། ཡིན་ན་ཡང་། སུས་ཀྱང་ཤེས་གསལ་ཞིག་ལ། བོད་རྒྱའི་དཀའ་ངལ་དེ་ཁྲིམས་དང་། ལོ་རྒྱུས་ཀྱི་གསལ་ཁ་ཐོན་མིན་ཙམ་དང་། ར་འཕྲོད་མིན་ཞིག་གིས་འགག་ནས་ཡོད་པ་ཞིག་མིན་པར། གནད་འགག་གཙོ་བོ་དེ་ཆབ་སྲིད་ཚོང་ལས་ཅན་ནམ། ཤོད་སྟངས་གཞན་ཞིག་ནས་བཤད་ན།རྒྱལ་ཁབ་ཕན་ཚུན་གྱི་ཁེ་ཕན་བརྒྱུད་སྤྲོད་ཀྱི་བར་ནས་བོད་ཀྱི་རྩ་དོན་དེ་གལ་ཆུང་དོན་ཆུང་ཞིག་གམ། སུས་ཀྱང་གནད་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཏེ་ལག་པ་འཆང་མ་ཐུབ་པར་ལུས་ནས་ཡོད་པ་འདི་ཡིན་ལ། མཐར་གཏུགས་ན།
    ཕྱིའི་རྒྱལ་ཁབ་དང་ཚོགས་སྡེ་མི་སྒེར་སུ་ལ་ཡང་། རང་དོན་ཨང་དང་པོ་ལས། བོད་དོན་ཨང་དང་པོ་མ་ཆགས་པས་ཡིན་པ་ལས། བོད་ཀྱི་ལོ་རྒྱུས་ཀྱི་བདེན་པས་མ་འདངས་པ་མིན་ལ། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་ད་དུང་གསལ་རྟོགས་མ་བྱུང་བ་དང་། དེ་རྒྱ་གཞུང་ལ་གསལ་བཤད་མ་ཐུབ་པར་ལུས་ནས་ཡོད་པ་དེ་རིགས་གང་ཡང་མིན། ནམ་ཞིག་རྒྱ་ནག་རང་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ན། དེའི་ཉིན་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་ལྟ་ཉན་ཞིག་བྱེད་རྒྱུ་ཞིག་ཡོད་ངེས་ལས། གཞན་ཁྱོད་རང་གི་ཁྲིམས་ལུགས་ཤེས་ཡོན་ཙམ་གྱིས་ཁ་ལོ་བསྒྱུར་ཐུབ་ས་ཞིག་ན་མེད་སྟབས། སྐད་ཆ་དེ་རིགས་ལ་ཁ་གཡར་ནས་མང་ཚོགས་ཀྱི་འོས་ཤོག་དེ་གཡོ་སྒྱུས་མ་ལེན་རོགས། ང་ཚོ་འོན་པ་མིན་ལ། ང་ཚོ་ལོང་བའང་མིན།
    གཉིས།
    ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས་པ་ཞིག་ལ། ཁྱེད་ཉིད་ཨ་མི་རི་ཁའི་སྙན་གྲགས་ཆེ་བའི་ཧ་ཝལ་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་འབུམ་རམས་པ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་ལ། གནས་ཚུལ་དེའི་ཐད་ནས་ངས་ཁྱོད་ལ་བརྩི་བཀུར་དང་གུས་ཞབས་ཆེན་པོ་ཡོད། གལ་ཏེ་ཁྱོད་ཀྱི་དྲན་ངོགས་ན་ཡོད་ཚེ། སྐབས་དེར་ངས་འཚམ་འདྲིའི་ཤོག་བྱང་ཞིག་ཀྱང་ཁྱོད་ལ་ངོས་སུ་སྤྲད་པ་ཡིན། ཡིན་ཡང་། ད་ལྟའི་ཆར་ཁྱོད་ཀྱི་ཧ་ཝལ་གཙུག་ལག་སློབ་གྲྭ་དང་། མཁས་པའི་བགྲོ་གླེང་། ཁྲིམས་ཀྱི་གནད་དོན་ཟེར་བ་དེ་གསུམ་འོས་འཚམ་ཡིན་མིན་གང་སར་བེད་སྤྱོད་མང་དྲགས་པས། ངས་ཁྱོད་ལ་དྲན་སྐུལ་བྱེད་རྒྱུར། ཁྱོད་ཀྱིས་སྦྲང་རྩི་དེ་སྤྲོད་ཤེས་པ་ཞིག་བྱེད་རོགས་ཞེས་འབོད་སྐུལ་བྱེད་ཀྱི་ཡོད། ཁྱོད་ཀྱི་སྦྱངས་བྱ་དེ་ཁྲིམས་ལུགས་ཡིན་པས་བོད་དོན་དང་འབྲེལ་མེད་མིན་ཁར། སྐབས་འགར་ཕན་ཐོགས་ཀྱང་ཆེན་པོ་ཡོང་སྲིད། ཡིན་ཡང་། ང་ཚོས་མཐོང་འདོད་པ་དང་། ཤེས་འདོད་པ་དེ། ཁྱོད་རང་ཧ་ཝལ་གཙུག་ལག་སློབ་གྲྭ་ནས་ཐོན་མིན་དང་། ཁྲིམས་ལུགས་འབུམ་རམས་པའི་ལག་འཁྱེར་ཡོད་མིན་དེ་ཙམ་ཞིག་མིན་པར། དེ་ལས་བརྒལ་ཏེ། བབ་བརླིང་བརྟན་གསུམ་གྱི་གཤིས་སྤྱོད་ཡོད་ཁར། དུས་རབས་ཀྱི་གོ་རྟོགས་དང་། ཕུགས་རྒྱང་རིང་བོའི་དམིགས་ཡུལ་ངེས་ཅན་ཡོད་པའི་རྣམ་དཔྱོད་ཅན་ཞིག་ཡོད་ན་འདོད་པ་ལས། ང་ཚོ་སློབ་གྲྭའི་ལག་འཁྱེར་ཙམ་གྱིས་ཡིད་ཁ་ཁེངས་འགྲོ་མཁན་ཞིག་དང་། དེ་ཙམ་ཞིག་མེད་པས་སེམས་ཤི་འགྲོ་མཁན་ཞིག་མིན་པས། ཁྱོད་ཀྱིས་ཡང་ནས་ཡང་དུ་དྲིས་ལན་ལ་འགྲོ་མིན་ཇི་ལྟར་ཡང་། ང་ཁྲིམས་ལུགས་ཀྱི་མཁས་པ་ཡིན་ཚུལ་བཤད་པ་མང་དྲགས་པ་འདིས་ཡང་སྙིང་ཁྱོད་རང་གི་བསམ་བློའི་གནས་རིམ་དེ་འདོད་བློ་ཁེངས་བྱེད་ཅིག་ཏུ་སླེབས་མེད་པ་གསལ་བཤད་བྱེད་ཀྱི་འདུག་པས།
    ངསབསྐྱར་དུ་རེ་སྐུལ་བྱེད་རྒྱུར། བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་འགན་འཁུར་རྒྱུ་ཟེར་བཞིན། དེ་ལྟའི་ཅོར་ཆུང་གི་རྣམ་པ་མ་སྟོན་རོགས་ཟེར་གྱི་ཡོད། དུས་རབས་ཀྱི་སྐྱོགས་མཚམས་འདི་ནས་དོན་དངོས་གང་ཡིན་ལ་མ་ལྟོས་པར། ནུབ་ཕྱོགས་ལུང་བར་སེམས་ཁ་ཕྱོགས་པའི་བོད་རིགས་མང་པོ་ཞིག་ལ་དགོས་མེད་ཀྱིས་མགོ་སྐོར་མ་གཏོང་རོགས། ཁོང་ཚོའི་འོས་ཤོག་དེ་གཡོ་སྒྱུས་མ་ལེན་རོགས།

    Reply
  15. གནས་ཚང་། says:
    ལོ་ 15 སྔོན།

    བློ་སེང་ལ་ཁ་གཡར་ནས་དབུ་མའི་ལམ་ལ་སྨོད་པ་མ་བྱེད་རོགས། དགག་སྒྲུབ་བྱེད་བསམ་ན་ཐད་ཀར་བརྗོད་གཞིར་འཇུག་པ་ལས་བློ་སེང་ལ་ཁ་གཡར་ནས་དེ་འདྲ་གནང་དོན་ཡོད་པ་མ་རེད། འདི་ནི་བཟང་སྤྱོད་མིན་པའི་ཁར་གཡོ་འཕྲུལ་འབའ་ཞིག་མ་ཡིན་པར་སུས་ལབ་ཐུབ་བམ།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་རྩོམ་ཡིག་གནད་ལ་ཁེལ་བ་ཞིག་བྲིས་འདུག་པས་བཀའ་དྲིན་ཆེ་ཞུ་རྒྱུ་དང་ལོ་གསར་པའི་ནང་དུ་སྐུ་ཚེ་བརྟན་པའི་སྨོན་འདུན་ཡོད།

    བློ་སེང་གིས་བོད་ཡིག་ཡག་པོ་མ་ཤེས་ནའང་ཤེས་མདོག་བྱས་ནས་དུས་བབ་དྲ་ཐོག་ཏུ་བོད་ཡིག་གི་ཐོག་ནས་རྩོམ་ཡིག་གཉིས་སྤེལ་མྱངས་ཡོད། བློ་སེང་གིས་བོད་མི་རིགས་མགོ་སྐོར་བཏང་མྱངས་ཡོད་པ་དངོས་ཡོད་གནས་ཚུལ་ཡིན།

    བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་བླ་སྲོག་རེད་ཞེས་བོད་ཀྱི་མཁས་དབང་ཚང་མས་ཁ་གཅིག་གྲགས་ཡིན་པར་མ་ཟད་དེང་སང་གི་དེང་དུས་རབས་འདིར་བོད་ཕྲུག་ལོ་བརྒྱད་ཅན་རྣམས་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་གི་ཆེད་དུ་རང་སྲོག་བློ་བཏང་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པ་རེད།

    སྤྱིའི་ཆ་ནས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཤི་གསོན་འདི་བོད་ཀྱི་སྐད་ཡིག་བོད་མི་རྣམས་ཀྱིས་སྲུང་སྐྱོབ་བྱེད་ཐུབ་མིན་ལ་རག་ལུས་ཡོད། བོད་ཀྱི་སྐད་ཡིག་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་དགོས་པ་ནི་༧གོང་ས་མཆོག་གི་དགོངས་གཞི་རེད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ཡང་རེད།

    བོད་ཀྱི་སྐད་ཡིག་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་དགོས་ན་བོད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་རྒྱ་ཆེ་རེ་གཏོང་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་རེད། བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གི་ནང་དུ་ལས་བྱེད་དཀྱུས་མ་བ་བོད་ཡིག་ཡག་པོ་མི་ཤེས་མཁན་བློ་སེང་ལྟ་བུ་མང་བས་རྒྱུ་མཚན་གྱིས་མི་ལོ་ལྔ་ཅུའི་རིང་དུ་བོད་ཡིག་ཡར་རྒྱས་གཏང་ཐུབ་མེད། ༧གོང་ས་མཆོག་གིས་ག་ཚོད་གསུངས་ཀྱང་བོད་ཡིག་ཡར་རྒྱས་བཏང་ཐུབ་མེད་པ་ནི་བློ་སེང་ལྟ་བུའི་བོད་ཡིག་ཡག་པོ་མི་ཤེས་མཁན་གྱི་ལས་བྱེད་པ་མང་བས་རེད་འདོད།

    དེ་ལས་ལྡོག་ཏེ་བོད་ཡིག་ཤེས་མཁན་གྲྭ་པ་གྲྭ་རྐྱང་ཚོས་བོད་ཡིག་གི་ཐོག་ནས་སྙན་ཞུ་བརྒྱབས་དུས་སུ་ངོ་ལེན་མི་བྱས་པ་དབྱིན་ཡིག་ཐོག་ནས་ཁུར་ཤོག་ཟེར་ནས་བོད་ཡིག་ཤེས་མཁན་རྣམས་སུ་མཐོང་ཆུང་དང་ཁྱད་བསད་བྱས་ཀྱི་ཡོད་པར་དྲ་རྒྱ་ཁག་ཏུ་བསྒྲགས་ཀྱི་འདུག

    ད་་་དེ་ལས་སྡུག་བ་བཀའ་ཁྲི་ཡང་བོད་ཡིག་ཡག་པོ་མི་ཤེས་མཁན་ཞིག་སླེབས་པ་ཡིན་ན་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་སྐྱོ་རེ་འགྲོ་བ་ནི་དངོས་ཡོད་གནས་ཚུལ་རེད།

    གཙོ་བོ་གྲྭ་ས་ཁག་གིས་ཐུགས་བསམ་བཞེས་དགོས་པའི་དུས་སུ་བབ་ཡོད། གྲྭ་ས་ཁག་གི་ནི་འོས་ཤོག་གི་བང་མཛོད་ལྟ་བུ་ཡིན། གལ་སྲིད་བློ་སེང་གི་བོད་ཡིག་ཡག་པོ་ཤེས་ཀྱི་མེད་པ་འདིར་ཤེས་ཀྱི་ཡོད་དམ། ངས་གོ་ཐོས་བྱས་ན་གྲྭ་ས་ཁག་གི་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རབས་འདུག འདིར་བདེན་ན་ཡག་པོ་མ་རེད།

    གལ་སྲིད་བོད་མི་ཚང་མས་བོད་ཡིག་རྒྱབ་ཏུ་བསྐྱུར་ནས་དབྱིན་ཡིག་པང་དུ་ལེན། ཕ་ཡུལ་མིག་གི་མ་མཐོང་གོང་ནས་རྒྱ་ཡུལ་རྒྱ་ཟས་ཟ་མཁན་བློ་སེང་གི་བྱས་སྟངས་ལྟར་བྱེད་པ་ཡིན་ན་མི་ལོ་ཉེར་ཤུ་རྗེས་སུ་བོད་མི་རིགས་དང་བོད་རྒྱལ་ཁབ་ཟེར་བ་ཞིག་རྩ་ནས་གོ་རྒྱུ་མེད་པ་ཆགས་ངེས་ཡིན།

    གྲྭ་ས་ཁག་གི་མཁས་དབང་ཚོས་ཁ་གྲགས་དགོས་པའི་དུས་སུ་བབ་ཡོད། བོད་ཡིག་དགོས་དང་མི་དགོས། རིག་གཞུང་དགོས་དང་མི་དགོས། ནང་ཆོས་དགོས་དང་མི་དགོས།

    གྲྭ་ས་ཁག་གི་གྲྭ་བ་ཚོའི་ཆེད་དུ་ཨ་རི་ཧ་ཝ་མཐོ་སློབ་ཀྱི་ཁྲིམས་རྩོད་པའི་ལག་ཁྱེར་ཟེར་དུས་ཧན་འཐོར་དགོས་པ་ཞིག་ཡིན་སྲིད་ཀྱང་དོན་དངོས་ཐོག་ལག་ཁྱེར་དེ་འདྲ་ཡོད་མཁན་རྒྱ་མིན་བོད་མིན་དེ་ཚོ་ལ་ཧང་སང་དགོས་པ་གང་ཡང་མེད། དེ་འདྲ་བ་ནུབ་ཕྱོགས་རྒྱལ་ཁབ་གི་ནང་དུ་གང་མང་མང་ཡོད།

    བོད་མི་རིགས་དང་བོད་ཀྱི་སྐད་ཡིག བོད་ཀྱི་རིག་གཞུང་། བོད་ཀྱི་ནང་ཆོས་སོགས་ཀྱི་འཆི་གསོན་གྱི་གནད་དོན་ཐོག་ཏུ་སླེབས་དུས་སུ་ཕ་ཡུལ་གཅིག་མིན་དང་ཆོལ་ཁ་གཅིག་མིན་བཅས་ཀྱི་ཕྱོགས་ཞེན་དོར་ནས་འོས་བླུགས་དགོས་པ་ནི་གལ་ཆེ་ནང་གི་དོན་ཆེ་རེད་དོ།

    ང་ཅོ་རིའི་ནོར་བ་དང་འཁྲུལ་བ་ཡོད་ན་དགོངས་བཞེས་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese