མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་རེག་དུག་ན་ཚ་ཁྱབ་ཆེ་ཤོས་རྒྱལ་ཁབ་ཨང་གཉིས་པར་བསྡད་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉིས་སྟོང་བརྒྱད་ལོར་འདི་གའི་གསར་ཁང་གིས་བཙན་བྱོལ་ནང་རེག་དུག་ན་ཚ་ཡོད་མཁན་ ༣༠༠ ལྷག་ཡོད་ཚུལ་ཕྱིར་བསྒྲགས་བྱས་སྐབས། མི་མང་པོ་ཞིག་ལ་འཇིགས་ཡེར་བའི་ཚོར་སྣང་ཞིག་དང་། དུས་ཡུན་གང་འཚམ་རིང་གླེང་གཞི་གཙོ་གྲས་ཤིག་ཏུ་གྱུར་ཡོད། འོན་ཀྱང་ཉམས་ཞིབ་པ་དང་ཆེད་ལས་སྨན་པ་ཚོའི་ཚོད་དཔག་ལྟར་ན། ཉིས་སྟོང་དགུ་དང་བཅུ་གཉིས་ལ་བཙན་བྱོལ་སྤྱི་ཚོགས་ནང་རེག་དུག་ནད་པའི་གྲངས་ཚད་སྔར་ལས་འཕར་ཡོད་པ་མ་ཟད། སློབ་གྲྭ་ཁག་ཏུ་རང་ལོ་ ༡༥ ནས་ ༢༠ བར་གྱི་སློབ་ཕྲུག་ཚོའི་ཁྲོད་མྱོས་རྫས་ཁྱབ་གདལ་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད།

ཕྱི་ཚེས་ ༣ ཉིན་འདི་གའི་གསར་འགོད་པས་ཀུན་ཕན་ཚོགས་པའི་འགན་འཛིན་བསྟན་འཛིན་ལེགས་འཕེལ་ལགས་སུ་འདས་པའི་ལོ་གཉིས་རིང་བཙན་བྱོལ་སྤྱི་ཚོགས་ཁྲོད། རེག་དུག་ན་ཚའི་འཕེལ་འགྲིབ་གང་འདྲ་ཆགས་ཡོད་མེད་སྐོར་བཅར་འདྲི་ཞུས་པར་ཁོང་གིས། རེག་དུག་ན་ཚ་དེ་ནི་འགོ་ནད་ཀྱི་རིགས་ཤིག་ཡིན་ཞིང་། ན་ཚ་དེ་མིའི་ལུས་སྟེང་དུ་ཁྱབ་པ་ནས་བཟུང་དྲག་སྐྱེད་ཡོང་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་སྟབས། ༢༠༠༨ལོ་ཚུན་གྱི་ལོ་གཉིས་རིང་རེག་དུག་ནད་པའི་གྲངས་ཚད་ཡར་འཕར་བ་ལས་ཇེ་ཉུང་དུ་སོང་མེད་པ་ཁ་ཚོན་བཅད་དེ་བཤད་ཐུབ་པ་ཞིག་རེད། གང་ཡིན་ཞེ་ན། ༢༠༠༨ ལོར་རེག་དུག་ན་ཚ་ཅན་གྱི་མི་ ༣༠༠ དེ་ནི་སྐབས་དེའི་ཡར་སྔོན་ནས་མི་མང་པོ་ཞིག་གིས་རང་ཉིད་ལ་རེག་དུག་གི་ན་ཚ་ཡོད་མེད་ཀྱི་ཐེ་ཚོམ་འོག་བརྟག་དཔྱད་བྱས་ཏེ་ཤེས་རྟོགས་བྱུང་བ་ཞིག་རེད།

ང་ཚོའི་སྤྱི་ཚོགས་ཁྲོད་བརྟག་དཔྱད་མ་བྱས་པར་ལྷག་བསྡད་པ་དང་། གདེང་ཚོད་མེད་པར་བརྟག་དཔྱད་གཏོང་ཕོད་ཀྱི་མེད་མཁན།སོ་སོས་ན་ཚ་དེ་ཕོག་ཡོད་པ་གསལ་བོ་ཧ་གོ་སྟེ་སྨན་ཁང་དུ་ཕྱིན་མེད་པ་བཅས་རིགས་མང་པོ་ཞིག་ཡོད།ང་ཚོས་ཀྱང་ལོ་རེའི་ནང་རེག་དུག་ན་ཚ་གྲངས་འབོར་འཕེལ་བཞིན་ཡོད་པ་ཙམ་ལས་སྤྱིའི་གྲངས་འབོར་གང་འདྲ་ཞིག་ཏུ་བསླེབས་ཡོད་པ་གསལ་བོ་ཤེས་ཐུབ་ཀྱི་མི་འདུག ན་ཚ་དེ་ཡོད་བཞིན་དུ་གཞན་ལ་ལུས་འབྲེལ་བྱས་དང་།མྱོས་རྫས་རིགས་འདྲ་མིན་བེད་སྤྱོད་བྱེད་པ་གཉིས་ན་ཚ་དེ་འགོས་ཁྱབ་ཀྱི་བརྒྱུད་ལམ་གཙོ་བོ་གཉིས་ཆགས་འདུག གལ་སྲིད། ང་ཚོའི་མི་མང་གིས་འདིའི་ཐད་ལ་དོ་སྣང་དང་སྔོན་འགོག་གི་ཐབས་ལམ་འདྲ་མིན་མ་སྤེལ་ཚེ། ང་ཚོ་གནས་ཚང་རྒྱ་གར་ལ་མཚོན་ནའང་ད་ལྟའི་ཆར་རྒྱལ་སྤྱིའི་ནང་རེག་དུག་ན་ཚ་དར་ཁྱབ་ཆེ་ཤོས་ཨང་གཉིས་པ་རེད། རྒྱལ་སྤྱིའི་རེག་དུག་ཉམས་ཞིབ་པ་དང་མཁས་དབང་མང་པོ་ཞིག་གིས་མ་འོངས་པར་རྒྱ་གར་འཛམ་གླིང་ནང་རེག་དུག་གི་ན་ཚ་ཁྱབ་ཆེ་ཤོས་ཨང་དང་པོ་ཆགས་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་ཀྱི་ཡོད། འདི་ལ་བསམ་བློ་བཏང་ན། སྐྱབས་བཅོལ་བོད་པ་ཚོ་ཡང་དངངས་སྐྲག་ཆེན་པོ་སྐྱེ་དགོས་པ་ཞིག་ཆགས་ཡོད།

ད་བར་བཙན་བྱོལ་སྤྱི་ཚོགས་ནང་ན་ཚ་འདི་ཁྱབ་གདལ་ཆེ་ཤོས་ངྷ་རམ་ས་ལ་དང་ལྡི་ལི་གཉིས་ཆགས་ཡོད་ཀྱང་། ད་ཆར་གཞིས་ཆགས་ཆེ་ཁག་གཞན་དག་ཀྱང་ཛ་དྲག་ཆགས་ཡོང་གི་འདུག རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་ཡང་ན་ཚ་འདི་ཁྱབ་གདལ་ཆེན་པོ་ཕྱིན་ཡོད་སྟབས། མ་འོངས་པར་བཙན་བྱོལ་བོད་མི་འདུས་སྡོད་ཀྱི་ས་གནས་ཚང་མར་ཁྱབ་གདལ་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་རེད།ན་ཚ་འདི་སྔོན་འགོག་བྱ་རྒྱུར་གཙོ་བོ་མི་སོ་སོའི་ངོས་ནས་གཟབ་ནན་དང་།བརྟག་དཔྱད་སྨན་བཅོས་ལ་དོ་འཁུར་བྱ་རྒྱུ་གལ་ཆེན་པོ་རེད། དེ་དང་མཉམ་དུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་ཚོགས་པ། གདམ་ཀ་ཚོགས་པ་སོགས་སུ་བཅར་དེ་གནས་ཚུལ་ཞིབ་འདྲི་བྱ་དགོས་པར་མ་ཟད། ལྷག་པར་དུ་ན་ཚ་ཡོད་མཁན་ཚོས་ལས་ཁུངས་འདི་དག་ལ་འབྲེལ་བ་བྱས་ཏེ། མི་གཞན་ལ་མི་གནོད་པའི་ལམ་ཁ་བཙལ་རྒྱུ་གལ་ཆེ་ཤོས་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་མྱོས་རྫས་བེད་སྤྱོད་ཀྱི་ཐད་ནས་བརྗོད་དོན། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་རེག་དུག་གི་ན་ཚའི་འབྱུང་ཁུངས་གཙོ་བོ་ཞིག་མྱོས་རྫས་རིགས་བེད་སྤྱོད་གཏོང་མཁན་ཚོ་ཆགས་འདུགངྷ་རམ་ས་ལ་དང་ལྡི་ལི་གཉིས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མྱོས་རྫས་སྤྱོད་མཁན་མང་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ད་ཆར་ཨ་རུ་ན་ཅཱལ་མངའ་སྡེའི་མེའོ་ཆོས་འཕེལ་གླིང་དང་ཏེ་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སོགས་སུ་ཡང་མྱོས་རྫས་སྤྱོད་མཁན་ཇེ་མང་དུ་འགྲོ་བཞིན་འདུག རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་གཞིས་ཆགས་དེ་དག་བྷང་ལ་ངྷེ་ཤི་སོགས་མྱོས་རྫས་ཐོན་ཁུངས་དང་ས་འབྲེལ་ཡིན་སྟབས།མྱོས་རྫས་རིགས་གསར་པ་མང་པོ་ཞིག་འཐོན་ཡོང་གི་འདུག ད་ལྟའི་ཆར་མྱོས་རྫས་སྤྱོད་མཁན་རྒན་པ་མང་པོ་ཞིག་གིས་མཚམས་འཇོག་བྱེད་ཀྱི་ཡོད་ཀྱང་།སློབ་གྲྭ་ཁག་ཏུ་རང་ལོ་༡༥ནས་༢༠བར་གྱི་གཞོན་སྐྱེས་ཚོའི་ཁྲོད་ཇེ་མང་དུ་འགྲོ་བཞིན་འདུགཅེས་བརྗོད་བྱུང་།

སྐབས་དེར་གསར་འགོད་པས་ཁོང་ལ།སློབ་གྲྭ་ཁག་གི་གཞོན་སྐྱེས་ཚོའི་ཁྲོད་མྱོས་རྫས་ཁྱབ་གདལ་དུ་འགྲོ་རྐྱེན་གང་ཡིན་སྐོར་དྲིས་པར་ཁོང་གིས་ལན་བསྐྱོན་དོན།དེ་སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་ཚོའི་བདག་པོ་རྒྱག་སྟངས་ལ་འབྲེལ་བ་ཡོད་སྲིད་ཀྱང་།གཙོ་བོ་གུང་གསེང་གི་སྐབས་སོགས་ལ་ཕ་མ་ཚོས་རྔན་པར་སྤྲད་པའི་དངུལ་དེ་དག་རོགས་པ་འདྲ་མིན་དང་མཉམ་དུ་ལོག་ལམ་དུ་བེད་སྤྱོད་གཏོང་གི་འདུགམྱོས་རྫས་ངན་གོམས་སུ་སོང་བ་ཡིན་ན།མི་སོ་སོ་འཕྲོ་བརླག་ཏུ་འགྲོ་བ་ཙམ་དུ་མ་ཟད།མྱོས་རྫས་དེ་རེག་དུག་ན་ཚའི་འབྱུང་ཁུངས་གཙོ་གྲས་ཤིག་ཆགས་ཡོད་སྟབས།འདི་མི་སྒེར་བ་རེ་གཉིས་ཀྱི་དཀའ་ངལ་ཙམ་མིན་པར། སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་ཡོད།བོད་གཞུང་དང་འཕྲོད་བསྟེན་སྨན་ཁང་ཁགདེ་བཞིན་སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན།སློབ་ཕྲུག་གི་ཕ་མ་སོགས་ཕྱོགས་ཡོངས་ནས་ཡིད་གཟབ་བྱ་དགོས་པའི་དུས་ཚོད་ཅིག་ལ་བསླེབས་འདུག

མཐར་ཁོང་ལ་ཀུན་ཕན་ཚོགས་པའི་ངོས་ནས་བཙན་སྤྱི་ཚོགས་ཁྲོད་ཀྱི་དཀའ་ངལ་འདི་རིགས་སེལ་ཐབས་སུ་ཕྱག་ལས་གང་འདྲ་གནང་གི་ཡོད་མེད་དྲིས་པར། འདས་པའི་ལོ་ལྔའི་རིང་ང་ཚོའི་ཚོགས་པས་རེག་དུག་ནད་པ་དང་མྱོས་རྫས་སྤྱོད་མཁན་ ༡༥༠ ལྷག་ལ་བརྟག་དཔྱད་སྨན་བཅོས་བྱས་ཤིང་། དེའི་ཁྲོད་ཀྱི་མྱོས་རྫས་སྤྱོད་མཁན་བརྒྱ་ཆ་ ༤༠ ལྷག་དྲག་སྐྱེད་བྱུང་སོང་། ཉེ་བའི་དུས་ནས་ང་ཚོས་རེག་དུག་ན་ཚ་ཡོད་རིགས་ལ་འགྱིག་ཤུབ་དང་།མྱོས་རྫས་སྤྱོད་མཁན་ལ་ཁབ་གསར་བ་སྤྲད་དེ་ཐབས་ཤེས་བྱེད་ཀྱི་ཡོད། མ་འོངས་པར་སྣེ་ལེན་ཁང་ཉེ་འགྲམ་དུ་ཁང་པ་བརྒྱབ་སྟེ།རེག་དུག་ན་ཚ་ཡོད་རིགས་ཟུར་འཇོག་གིས་སྨན་བཅོས་བྱ་འཆར་ཡོད། ཅེས་བརྗོད་བྱུང་།

 གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དེང་དུས་བོད་སྐད་ནང་ལ།
    ཁོ་ཨེཌྶ་འགོས་ནད་ན་ནས་མ་གྲོང་གོང་ལ། མོ་ལ་ཡང་ཧིཝ་ནད་འབུ་བགོས་ཚར་འདུག ཨ་ཁ། གང་དྲག རང་རིགས་ཚོ། ལྟ་བུ་མི་དགོས་སམ། བོད་སྐད་འབྲི་སྟངས་ཞལ་འདེབས་བརྒྱབ་པའི་ཁུལ་ཡིན་ཡང་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རེག་དུག་ན་ཚ་ཞེས་བྲིས་པ་འདི། ཨེཌ་འགོ་ནད་ལ་ཟེར་འདོད་ཡོད་པ་ཡིན་ནམ།

    Reply
  3. ཤག་སྒང་པ། says:
    ལོ་ 15 སྔོན།

    ང་ཚོའི་གསོ་རིག་ལས་གསུངས་པའི་ཁྱད་དུ་འཕགས་པའི་ལམ་སྟོན་ཟབ་མོ། ཟས་དང་སྤྱོད་ལམ་སྐོར་ཞིབ་གསལ་ལམ་སྟོན་རྒྱུད་མངའ་ཤུགས་ཆེར་སྤེལ་དགོས་པར་འདོད།

    Reply
  4. ཟིལ་ཁྲོམ། says:
    ལོ་ 15 སྔོན།

    རྫོགས་ཆེན་སྨན་སྤྲུལ་དགེ་གྲགས་མཆོག་གིས་༢༠༡༠ ལོར་ནད་ངན་འདི་སྔོན་འགོག་བྱེད་ཐབས་ཀྱི་དེབ་ཆུང་ཞིག་ཚར་ཁྲི་བཅུ་པར་ནས་བོད་ཀྱི་ས་ཆ་བརྒྱད་ཅུ་ལྷག་ལ་རིན་མེད་ཐོག་བཀྲམ་འདུག །

    Reply
  5. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    འདི་ནི་དངོས་གནས་ཉེན་ཁ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese