མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅི་ཞིག་ནི་གསུམ་བཅུའི་དུས་དྲན་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp
གཙང་ཕྲུག་སྟོབས་ལགས།

གསུམ་བཅུའི་དུས་དྲན་ནི་བཀའ་ཤག་གི་ལོ་འཁོར་གཅིག་གི་སྲིད་ཇུས་ཕྱོགས་བསྡོམས་དང་། ལོ་གསར་པའི་སྲིད་ཇུས་མི་མང་ལ་བསྒྲགས་གཏམ་སྤེལ་བའི་དུས་ཚིགས་ཤིག་ལ་ངོས་འཛིན་ཞུས་ན་མི་འགྲིགས་ལ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་གྲོས་ཆོད་ཀྱི་འབྲུ་དོན་ཁ་གསབ་ཕྱིར། འཆར་ཅན་གྱི་ལས་འགུལ་དུ་བསམ་སྟེ། གཙུག་ལག་ཁང་ནས་རྡ་ཤོད་བར་ཅི་ཤོད་འདི་ཤོད་མེད་པའི་མུ་ཆོར་རྒྱག་རྒྱུ་དེ་ལ་ངོས་འཛིན་བྱས་ན་དེ་བས་འགྲིག་ཐབས་མེད། འོ་ན། གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་སྟངས་ཅི་འདྲ་ཞིག་ཡིན་ནམ་ཞེས། དེ་རིང་ནས་རྩིས་པའི་མི་ལོ་ལྔ་གཅིག་གི་ཉིན་དེར། བོད་ཀྱི་རང་དབང་དེ་མི་གཞན་ལ་ཆེ་མཐོང་སྤྲད་ནས་རག་མི་ཐུབ་པ་དང། རྒྱལ་ཁབ་དང་གཞན་ལ་སློང་མོ་ནས་རག་མི་ཐུབ་པར། བོད་ཀྱི་རང་དབང་གི་ཆེད་བོད་མི་རང་ཉིད་ཀྱི་ཟུངས་ཁྲག་གི་འགྲོ་གྲོན་བཏང་ནས་རྩོད་ལེན་བྱ་དགོས་པའི་ལྟ་བ་འཛིན་གྱི་བོད་མི་ཁྲི་མ་འབུམ་ཞིག་བྱུང་བ་ཁོ་ཚོའི་སྙིང་སྟོབས་ལ་རྗེས་དྲན་སྲུང་བརྩི་དང་། སློབ་སྦྱོང་བྱེད་པའི་དུས་དྲན་ཞིག་རེད།

 

དེ་རིང་ང་ཚོས། ཝུའུ་ཅིན་ཐའོ། སྡུག་ཤིག་རྒྱོབས། ཝན་ཅའོ་པའོ། རྙང་གཤལ་རྒྱོབས་ཞེས་འབོད་ཚིག་སྒྲོགས་པ་དེས། ང་ཚོའི་བུ་རབས་ཚ་རྒྱུད་ཚོས་ཕྱི་ལོ་ 1959-3-10 ཉིན་གྱི་དོན་རྐྱེན་ཤེས་རྟོགས་དང་། དེ་ལ་བརྟེན་ནས་སྔོན་བྱོན་དཔའ་བོའི་སྙིང་སྟོབས་ལ་མི་རབས་གསར་པས་རྗེས་དྲན་དང་། སློབ་སྦྱོང་ཞུ་བའི་ལས་འགུལ་ཞིག་ཏུ་རྩ་བ་ནས་འགྱུར་ཐུབ་ཀྱི་མི་འདུག་ན། ང་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བའི་གོམས་སྲོལ་ཉོབ་ཏོ་དེ་ལ་འགྱུར་བ་ཞིག་བཏང་སྟེ། སློབ་ཕྲུག་དང་། མང་ཚོགས་རྣམས་ཚ་བ་ཆེ་བའི་རྒྱ་གར་གྱི་ཁྲོམ་གཞུང་དག་ཏུ་འཁྲིད་རྒྱུ་མཚམས་འཇོག་གིས། ཕྱི་ལོ་ 1959-3-10 ཉིན་བོད་མིའི་སྒེར་ལངས་བྱས་པའི་དངོས་གཞིའི་གློག་བརྙན་སྟོན་པ་དང་། དོན་རྐྱེན་དེའི་སྔ་ཕྱིའི་འབྱུང་རིམ་ལ་བགྲོ་གླེང་། སྐབས་དེའི་རྒྱ་མིའི་ལྐོག་གཡོའི་སྲིད་ཇུས་དང་། བོད་གཞུང་དམངས་ཀྱི་རེ་བ་དང་དམིགས་ཡུལ་གང་ཞིག་བརྒྱབ་ཡོད་མིན་ལ་སློབ་སྦྱོང་དང་དབྱེ་ཞིབ་བྱ་དགོས། དཔེར་ན། རྒྱ་མིའི་དམག་ཁུལ་ཁང་གིས་༸གོང་ས་མཆོག་གློག་བརྙན་གཟིགས་པར་གདན་ཞུ་གནང་བ་བཞིན་ཕེབས་ཡོད་ཚེ། ད་ལྟ་གནས་སྟངས་ཅི་ཞིག་ཆགས་ཡོད་དམ། ཉིན་དེར་བོད་མི་མང་གིས་༸གོང་ས་མཆོག་རྒྱ་མིའི་དམག་ཁུལ་ཁང་དུ་གློག་བརྙན་གཟིགས་པར་ཕེབས་གནང་མི་ཡོང་བའི་ཞུ་འབོད་ཀྱིས་བཀག་འགོག་བྱས་པ་དེ། མི་ལོ་ལྔ་གཅིག་ཕྱིན་པའི་དེ་རིང་ང་ཚོས་ཕྱིར་ཤིག་གིས་བསམ་བློ་ཞིག་བཏང་ཚེ་འགྲིག་གམ་ནོར་འདུག  དེས་ན། ཀློག་པ་པོ་ཁྱེད་ཀྱིས་གཤམ་གྱི་དྲི་བ་ལས་གཅིག་བདམས་ཏེ། ཁུངས་ལྡན་དཔྱད་གཞིའི་ཡིག་ཆ་དང་འབྲེལ་རྒྱུ་མཚན་གསུངས་རོགས།

 

དང་པོ། ཕྱི་ལོ་ 1959-3-10 ཉིན། ༸གོང་ས་མཆོག་རྒྱ་མིའི་དམག་ཁུལ་ཁང་དུ་ཆིབས་སྒྱུར་གནང་ཡོད་ཚེ། རྒྱ་མིས་སྐུ་བཀྲོངས་རྒྱུར་ངེས་པས། དེ་རིང་འཛམ་གླིང་ལ་བཀའ་དྲིན་ཆེ་བའི་ཞི་བདེའི་དེད་དཔོན་ཁོང་མེད་ལ། བཙན་བྱོལ་བོད་གཞུང་དང་། ཀུན་ཁྱབ་སེམས་འཁུར་གྱི་དོན་སྙིང་ལྡན་པའི་བོད་ཀྱི་ཆོས་རིག་སོགས་ཀྱང་མེད་པ་མ་ཟད། ད་ཆ་བོད་ཀྱི་གནད་དོན་དང་། བོད་ཀྱི་རིག་གཞུང་ཞེས་པའི་ཐ་སྙད་དེ་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་ལྷག་ཡོད།

གཉིས་པ། ཕྱི་ལོ་ 1959-3-10 ཉིན། ༸གོང་ས་མཆོག་རྒྱ་མིའི་དམག་ཁུལ་ཁང་དུ་ཆིབས་སྒྱུར་གནང་ཡོད་ཚེ།   ༸གོང་ས་མཆོག་རྒྱ་མིས་ལྐོག་བཀྲོངས་བྱེད་མི་སྲིད་ཅིང་། བོད་རྒྱ་མཉམ་གནས་ཀྱིས་ཕན་ཚུན་ཡིད་ཆེས་ངེས་རྙེད་བྱུང་སྟེ། དེ་རིང་ང་ཚོ་གཞིས་བྱེས་གཉིས་སུ་གྱར་བའི་དཀའ་ངལ་དང་། བོད་ཀྱི་ཆོས་དང་རིག་གཞུང་ཐམས་ཅད་ཆབ་སྲིད་ཀྱི་གནད་དོན་དུ་བཟུང་སྟེ་དམ་དྲག་བྱེད་པའི་སྲིད་ཇུས་དེ་ཡང་མེད། ད་ལྟའི་བོད་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་ཤིག་ཐོབ་ཏེ། བོད་མི་དེ་འདྲའི་མང་པོ་ཞིག་གི་ཚེ་སྲོག་འཕྲོ་བརླག་ཏུ་ཕྱིན་མེད།

 
 
 

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 15

  1. tsering tashi says:
    ལོ་ 15 སྔོན།

    སོག་ནག་ཚང་ལགས་ཁྱེད་ཀྱིས་གསུང་པ་དེ་བདེན་པ་རེད།

    མཐོ་སློབ་ཅིག་གི་དགེ་རྒན་ཞིག་གི་མིང་བྱང་ཁུར་ཡོད་ཙང་།

    མཐོ་སློབ་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཡི་གེ་མང་བོ་དེ་ཙམ་ནོར་དུས་ངོ་གནོང་དགོས་པ་ཞིག་རེད།
    ངོ་མ་་་་་་་་་་་།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ།
    འདི་ན་ནི་ད་དུང་དེ་ལས་བློ་མི་བདེ་བའི་གནད་དོན་ཞིག་ཡོད། སྤྱིར་འདི་ལོ་གཟའ་སྐར་འབྱུང་འཕྲོད་གང་ཞིག་ཁེལ་གྱི་ཡོད་མེད་ངས་མི་ཤེས་ཤིང་། ཕ་མ་ཚོར་རང་གི་སྲོག་ལས་གཅེས་པའི་བུ་ཕྲུག་གི་མ་འོངས་མི་ཚེའི་མདུན་ལམ་ལ་ཐུག་སྐབས་ཐུགས་ཁག་ཡོད་རྒྱུ་མ་རེད་དེ། བོད་བསྟན་སྲིད་ཀྱི་དོན་དུ་བསམ་གཞིགས་མ་ཐུབ་པའི་སྣང་ཚུལ་ཐབས་སྐྱོ་བོ་ཞིག་བྱུང་སོང་། དེ་ནི་ཁེ་ཉིན་སུམ་བཅུའི་དུས་དྲན་ཉིན་འདི་གའི་གཞིས་ཆགས་སུ་ཁྱིམ་ཚང་གཉིས་ཀྱིས་གཉེན་སྟོན་བྱས་སོང་ལ་མི་རྣམས་ཀྱང་དགའ་སྟོན་ལ་རོལ་སོང་།

    Reply
  3. གཟི་མིག་༣པ says:
    ལོ་ 15 སྔོན།

    གཙང་ཕྲུག་སྟོབས་ལགས་ད་ངས་ཁྱེད་ལ་རེ་རེ་བྱས་ནས་ལབ་དགོས་སམ་་་གལ་སྲིད་བོད་མི་དམངས་དང་ནང་ཆོས་རྩ་མེད་ཟོས་ན་བོད་ས་ཡོངས་རྒྱ་མིས་་ཤུགས་ལ་རག་མ་རེད་པས་དེ་འདྲའི་ཁྱེད་ཀྱི་གོ་སྟཔབས་ཆུང་བ་ལ་ང་ཡིད་ཆེས་མ་སོང་
    བོད་རྒྱལ་་་ཉེ་ཧོང་ལ་གནས་ཚུལ་ཐབས་འདུག་པོ་ཡོང་གི་འདུག་་བོད་མིཚོ་མ་ནི་མ་ཚང་འདོན་་

    Reply
  4. གཙང་ཕྲུག་སྟོབས་ལགས། says:
    ལོ་ 15 སྔོན།

    དྲ་གྲོགས་སོག་ནག་ཚང་ལགས། ཁྱེད་ཀྱི་དགོངས་འཆར་ངོས་ལེན་ཡོད། དྲ་ཐོག་ནས་ཐད་ཀར་བྲིས་གཏོང་བྱས་པས་དག་ནོར་དང་ཆད་ལྷག་ཕྲན་བུ་བྱུང་འདུག དྲ་སྟེང་ཐོག་གཏོང་ཚར་རྗེས་བསྐྱར་ཀློག་ཅིག་བྱེད་དུས་ཤེས་བྱུང་ཡང་། ཐད་ཀར་བཅོས་ཐུབ་ཀྱི་མི་འདུག་ལ། དུས་བབ་རྩོམ་སྒྲིག་པ་ལའང་འབྲེལ་བ་བྱེད་རྒྱུ་བྱུང་མ་སོང་།

    Reply
  5. སོག་ནག་ཚང་། says:
    ལོ་ 15 སྔོན།

    དུས་བབ་ཚང་གིས་ངའི་མཆན་བཀག་སྟེ་མཆན་ནང་གི་དག་ནོར་བཅོས་པ་ཁག་ལག་བསྟར་གནང་འདུག འདི་ཡང་བྱི་ལིའི་རྟུག་པ་སྦས་སྟངས་ཡག་པོ་ཞིག་རེད།

    Reply
  6. གཙང་ཕྲུག་སྟོབས་ལགས། says:
    ལོ་ 15 སྔོན།

    དྲ་གྲོགས་གཟི་མིག་༣་པ་ལགས། མའོ་ཡིས་དམིགས་ཡུལ་གཙོ་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་སྣུབ་ཡས་གཙོ་དང་བོད་མི་རིགས་རྩ་མེད་བཟོ་རྩིས་ཨེ་ཡིན། བདག་གི་བསམ་ན་མའོ་ཡི་དམིགས་ཡུལ་གཙོ་བོ་བོད་ཀྱི་ས་ཆ་འདི་རྒྱ་ནག་གིས་ཅི་དགའ་ལོངས་སུ་སྤྱོད་རྒྱུའི་ཆེད་དུ་རེད་སྙམ།

    Reply
  7. གཙང་ཕྲུག་སྟོབས་ལགས། says:
    ལོ་ 15 སྔོན།

    དྲ་གྲོགས་ཁང་གསར་རྡོ་རྗེ་ལགས། རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གིས་མཛའ་འབྲེལ་ཟབ་མོ་བཙུགས་ཟིན་པའི་༸གོང་ས་མཆོག་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ན། ཁོ་རང་ཚོར་ཕན་གནོད་ཅི་ཡོད་དམ་ཞེས་ན། ༸གོང་ས་མཆོག་གཏའ་མར་ཉར་ནས་བཅོས་སྒྱུར་མྱུར་དུ་བྱ་རྒྱུར་བོད་གཞུང་དང་། གདན་ས་གསུམ། བོད་མང་གི་ངོ་རྒོལ་མི་བྱེད་པའི་ཁེ་ཕན་ཞིག་ལ་བསམ་ནོར་ཐེབས་ཀྱི་ཡོད་པར་སེམས།

    ༢༽ དམག་ཁུལ་ཁང་དུ་གཟིགས་མོར་ཕེབས་འདོད་པའི་རྣམ་འགྱུར་དེ། ༸གོང་ས་མཆོག་གིས་ཕར་བསྟན་པ་ཞིག་མ་ཡིན་པར་རྒྱ་གཞུང་གིས་ངེས་པར་ཡོང་དགོས་བཤད་པ་རེད། གདན་ཞུ་དེ་ལ་༸གོང་ས་མཆོག་ཀྱང་ཕེབས་རྒྱུའི་དགོངས་པ་འཁྲུངས་པ་འདྲ། སྐབས་དེར་བཀའ་བློན་དང་། མགྲོན་གཉེར་སོགས་ཀྱིས་ཕེབས་གནང་མི་ཡོང་བའི་སྐྱབས་འཇུག་ལ་ཨོ་ཚོད་ཡོང་། དེ་འདྲའི་ཉེན་ཁ་ཨ་ཡོད་གསུངས་འདུག

    ༣༽ སྐུའི་སྲུང་སྐྱོབས་ང་ཚོས་ཐུབ་ཀི་ཡོད། མཚོན་བྱ་ཁྱེར་བའི་བོད་དམག་ཁྲིད་དགོས་དོན་མེད་ཅེས་བཤད་པ་དེ་རྒྱུ་མཚན་ལྡན་པ་རེད་དམ་མ་རེད། སྐབས་དེར་བོད་དེ་ས་གནས་སྲིད་གཞུང་ཆགས་ཡོད་ཀྱང་བཀའ་ཤག་གི་སྒྲིག་གཞི་ཆ་ཚང་ཡོད་ཡོད་པ་རེད། ཕལ་ཆེར་སྐབས་དེར་བོད་དམག་འགྲོ་རྒྱུའི་སྐད་ཆ་ཡོད་ས་མ་རེད། སྐུ་སྲུང་དམག་མི་ཉེར་ལྔ་ཙམ་ཞིག་ག་དུས་ཡིན་ནའང་ལྷན་བཅར་སྐུའི་སྲུང་སྐྱོབས་ལ་ཕེབས་ཀྱི་ཡོད་པ་དེ་ལ། རྒྱ་མི་ཚོ་དམིགས་བསལ་གྱི་དོགས་འདྲོགས་ལངས་དགོས་དོན་ཨེ་ཡོད།
    ཁང་གསར་ལགས་ཀྱི་༸གོང་ས་མཆོག་དམག་ཁུལ་ཁང་དུ་ཕེབས་ཏེ་བཙན་ཁྲིད་བྱས་ནའང་འདྲ། བཙན་ཁྲིད་མ་བྱས་པར་མུ་མཐུད་དེ་རྒྱ་བོད་མཉམ་གནས་བྱས་ནའང་འདྲ། གང་ལྟར་ཁོང་མཛད་འཕྲིན་ད་ལྟ་བཞིན་རྒྱས་ཐུབ་ཀི་མ་རེད། དཔེར་ན་ ༡༩༦༥ ལོར་རིག་གནས་གསར་བརྗེ་ལངས་སྐབས་བཙོན་དུ་ཚུད་ངེས་རེད་ལ། དེ་རྗེས་གོ་མིང་རྫིག་པོ་ཁ་ཤས་མ་གཏོགས་དོན་གྱི་དབང་ཆ་ཡོང་རྒྱུ་མ་རེད་གསུངས་པ་དེ་བདེན་པ་ལྟར་དུ་སྣང་མོད། ༸གོང་ས་མཆོག་གི་མཛད་འཕྲིན་འཛམ་གླིང་ལ་རྒྱས་པའི་མཛད་བཟང་དེ་འདྲ་ཞིག་མེད་ཀྱང་། བློ་ཆུང་བདག་གིས་བསམ་ཚོད་ལ་བོད་རྒྱའི་དབར་གྱི་ཆབ་སྲིད་ཀྱི་གནས་སྟངས་གཞན་ཞིག་ཡིན་ངེས་རེད་སྙམ།

    Reply
  8. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༡༽ རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གིས་མཛའ་འབྲེལ་ཟབ་མོ་བཙུགས་ཟིན་པའི་༸གོང་ས་མཆོག་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ན། ཁོ་རང་ཚོར་ཕན་གནོད་ཅི་ཡོད་དམ།

    ༢༽ དམག་ཁུལ་ཁང་དུ་གཟིགས་མོར་ཕེབས་འདོད་པའི་རྣམ་འགྱུར་དེ། ༸གོང་ས་མཆོག་གིས་ཕར་བསྟན་པ་ཞིག་རེད། ཡང་ན་རྒྱ་གཞུང་གིས་ངེས་པར་ཡོང་དགོས་བཤད་པ་རེད།

    ༣༽ སྐུའི་སྲུང་སྐྱོབས་ང་ཚོས་ཐུབ་ཀི་ཡོད། མཚོན་བྱ་ཁྱེར་བའི་བོད་དམག་ཁྲིད་དགོས་དོན་མེད་ཅེས་བཤད་པ་དེ་རྒྱུ་མཚན་ལྡན་པ་རེད་དམ་མ་རེད། སྐབས་དེར་བོད་དེ་ས་གནས་སྲིད་གཞུང་ཆགས་ཡོད། བཅིངས་འགྲོལ་དམག་མི་ནི་དབུས་གཞུང་གི་དམག་མི་རེད། དེ་ཚོའི་མདུན་ལ་བོད་དམག་མཚོན་ཆ་ཅན་ཁྲིད་ནས་སོང་ན། མཐོང་ཚུལ་ཅི་ཡོང་ས་རེད། འདི་ཚོ་ལ་བསམ་བློ་གཏོང་དགོས།

    ༸གོང་ས་མཆོག་དམག་ཁུལ་ཁང་དུ་ཕེབས་ཏེ་བཙན་ཁྲིད་བྱས་ནའང་འདྲ། བཙན་ཁྲིད་མ་བྱས་པར་མུ་མཐུད་དེ་རྒྱ་བོད་མཉམ་གནས་བྱས་ནའང་འདྲ། གང་ལྟར་ཁོང་མཛད་འཕྲིན་ད་ལྟ་བཞིན་རྒྱས་ཐུབ་ཀི་མ་རེད། དཔེར་ན་ ༡༩༦༥ ལོར་རིག་གནས་གསར་བརྗེ་ལངས་སྐབས་བཙོན་དུ་ཚུད་ངེས་རེད་ལ། དེ་རྗེས་གོ་མིང་རྫིག་པོ་ཁ་ཤས་མ་གཏོགས་དོན་གྱི་དབང་ཆ་ཡོང་རྒྱུ་མ་རེད།

    Reply
  9. གཟི་མིག་༣པ says:
    ལོ་ 15 སྔོན།

    དེའི་ཚེ་་དེའི་དུས་ཀྱི་བསམ་ཚུལ་ལམ་གནས་བབ་ནི་ད་ཆ་ང་ཚོ་སུས་ཡང་ཁ་ཚོད་བྱ་མི་ཐུབ་སྟོབས་ལགས་་་གལ་སྲིད་ཁྱེད་ལ་དངོས་ནས་དེ་དུས་ཀྱི་གནས་ཚུལ་ངོ་མ་ཤེས་འདོད་ན་་་དེ་དུས་ཀྱི་རྒྱ་ཡི་དམག་དཔོན་དང་དེ་དུས་ཀྱི་རྒྱ་ཡི་ལས་སྣེ་ཚོར་འབྲེལ་བ་བྱ་དགོས་
    ངས་བྱས་ན་རང་གི་ལན་དང་པོ་དེ་ལ་ཤུགས་ཆེ་བ་རེད་གང་ལ་ཟེར་ན་ཐོག་མའི་མའོ་ཡིས་དམིགས་ཡུལ་གཙོ་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་སྣུབ་ཡས་གཙོ་དང་བོད་མི་རིགས་རྩ་མེད་བཟོ་རྩིས་ལས་མ་ཆིས་སོ་

    Reply
  10. གཙང་ཕྲུག་སྟོབས་ལགས། says:
    ལོ་ 15 སྔོན།

    སྒྲོན་མ་མེ་ཏོག་ལགས། གུས་པས་ཀྱང་དེ་ལྟར་བསམ་གྱི་འདུག
    ད་ལྟ་ང་ཚོས་རྣམ་པ་གསར་པ་དང་། དངོས་དོན་ལ་བསྟུན། ཁུངས་ཕེར་ལ་བསམ་བློ་བཏང་སྟེ་ཚོར་བ་ཙམ་མིན་པ་གནད་དོན་དེའི་ཐོག་ང་ཚོའི་བསམ་བློ་དེ་ཤ་སིམ་རུས་སིམ་ཞིག་ཆགས་པ་བཟོས་དགོས། ལོ་རྗེས་མར་ང་ཚོས་རྩོམ་ཡིག་དང་། དཔྱད་ཞིབ། བགྲོ་གླེང་། ཕྱིར་དྲན་གྱི་ལས་འགུལ་ཞིག་དྲ་ཐོག་ནས་འཛམ་གླིང་ཡོངས་ལ་དྲ་ཐོག་ནས་སྤེལ་ན་རྣམ་པ་དང་དོན་སྙིང་གཉིས་ཀ་ཆེ་ཆེར་ལྡན་ངེས་རེད་བསམ་གྱི་འདུག སློབ་ཕྲུག་ཚོ་ལ་ཡང་དཔའ་བོའི་གློག་བརྙན། ལོ་རྒྱུས་སློབ་ཁྲིད་ཀྱིས་རྒྱལ་གཅེས་མི་སྣ་ཞིག་ཏུ་འགྱུར་བའི་སློབ་གསོ་སྤེལ་ན་དགེ་མཚན་ཆེ་བ་མཐོང།

    Reply
  11. གཙང་ཕྲུག་སྟོབས་ལགས། says:
    ལོ་ 15 སྔོན།

    དྲ་གྲོགས་རྨ་ཆུའི་སྐལ་བཟང་། བསང་གཡུ་ལྷ། སྒྲོན་མ་མེ་ཏོག་དགོངས་ཚུལ་གསུངས་བ་ཐུགས་རྗེ་ཆེ།
    ལྷག་པར་དྲ་གྲོགས་སྒྲོན་མ་མེ་ཏོག་གིས་དགོངས་ཚུལ་ལྟར། ང་ཚོས་རིག་གནས་ལས་འགུལ་ཡིན་ནའང་། ཆབ་སྲིད་ལས་འགུལ་ཡིན་ནའང་རེད། དུས་བབ་ལ་བསྟུན་དགོས་པ་དང་། དངོས་ཡོད་ལ་བསྟུན་དགོས་པ། ཕུགས་ཕེར་ལ་བལྟ་དགོས་པ་ཧ་ཅང་གི་གལ་ཆེ། དཔེར་ན། ང་ཚོའི་མི་རབས་གསར་པ་མང་པོ་ཞིག་གིས་གསུམ་བཅུའི་དུས་དྲན་ཞེས་རྣ་བར་གསན་དུས། ཕྱི་ལོ་1959 ཟླ་ ༣ ཚེས་ ༡༠ ཡི་དོན་རྐྱེན་མི་ཤེས་པར། འཕྲེད་དར་འཁྱེར་ན་རྒྱ་གར་གྱི་ཁྲོམ་གཞུང་ལ་འབོད་སྒྲ་སྒྲོག་རྒྱུའི་ཉིན་མོ་ཞིག་ཡིན་པའི་སྣང་བ་སྐྱེ་བཞིན་ངོས་འཛིན་བྱེད་ཀྱི་འདུག་པ་དེ་ནི་ཧ་ཅང་གི་ཉེན་ཁ་ཞིག་རེད།
    ད་དུང་༸གོང་ས་མཆོག་རྒྱ་མིའི་དམག་ཁུལ་ཁང་དུ་ཕེབས་ཡོད་ཚེ་གནས་ཚུལ་ཅི་ཞིག་ཆགས་ཡོད་མིན་ཐད་ཉམས་ཞིབ་དང་དཔྱད་ཞིབ་ཁུངས་ཕེར་བྱས་ཏེ། ཕྱིན་ཆད་སློབ་སྦྱོང་ལེན་དགོས་པའི་གནད་དོན་མང་པོ་ཞིག་ཡོད་དེ་ཡང་ཤེས་དགོས་།
    དེ་ལྟ་བུའི་གནད་དོན་ལ་ང་ཚོས་བསམ་བློ་བརྗེ་རེས་ཀྱི་ཆེད་རྩོམ་ཐུང་འདི་སྤེལ་བ་ཡིན་པས། དྲ་གྲོགས་རྨ་ཆུའི་སྐལ་བཟང་དང་། སྒྲོན་མ་མེ་ཏོག་གི་དགོངས་ཚུལ་གནང་བར་གུས་པར་བློ་སྐྱེད་ཤུགས་ཆེན་སྦྱིན་བྱུང་བ་ཐུགས་རྗེ་ཆེ།

    Reply
  12. སྒྲོལ་མ་མེ་ཏོག says:
    ལོ་ 15 སྔོན།

    མཁྱེན་ཡངས་སྟོབས་ལགས། ཉིད་ཀྱི་དགོངས་ཚུལ་ལ་རྒྱབ་སྐྱོར་ཡོད། ང་ཚོས་མེག་ལོར་ནས་ཀ་ཅཱ་རི་བར་སྐད་འབོད་རྒྱག་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་སྟངས་དེ་ད་ཆ་རྣམ་པ་གཞན་དག་ཅིག་གི་ཐོག་བསྒྱུར་དགོས་ཀྱི་འདུག
    དེང་སྐབས་འཛམ་གླིང་ཡོངས་ལ་དྲ་རྒྱ་རྒྱུད་ནས་ལས་འགུལ་སྤེལ་མཁན་མང་དུ་འགྲོ་བཞིན་པའི་དུས་སྐབས་འདིར་དྲ་རྒྱའི་ལས་འགུལ་ཞིག་སྤེལ་ནའང་འོས་པར་མཐོང་།
    གཞན་ཡང་རྒྱ་ནག་གི་མེ་ཏོག་ཀུནྡའི་གསར་བརྗེ་ཞེས་པ་དེའང་དྲ་རྒྱ་དང་འཕྲིན་ལམ་བརྒྱུད་ནས་འགོ་འཛུགས་བྱས་པ་དང་། ངུར་སྨིག་གསར་བརྗེའི་སྐབས་སུའང་འཕྲིན་ལམ་དང་དྲ་རྒྱ་བེད་སྤྱད་ནས་མི་དམངས་ཀྱི་སྣེ་འཁྲིད་བྱས་ཡོད་པས། བརྡ་འཕྲིན་གྱི་དུས་རབས་ནང་དེ་དང་འཚམ་པའི་ལས་འགུལ་འདྲ་སྤེལ་ཐུབ་ན་དགེ་མཚན་ཆེ་བར་སྙམ།
    དཔེར་ན་གསུམ་བཅུའི་དུས་དྲན་ཉིན་རྒྱ་རིགས་དང་བོད་རིགས་བར་དྲ་རྒྱ་དང་ཁ་པར་གྱི་ཚོགས་འདུ་བསྐོང་ཚོགས་བྱས་ནས་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་པའི་ལས་འགུལ་འདྲ་སྤེལ་ཐུབ་ན་ཁྱབ་བསྒྲགས་དང་ཆབ་སྲིད་བསམ་བློའི་དྲིལ་བསྒྲགས་རྒྱ་ཆེར་བྱེད་ཐུབ་སྙམ། དེ་མིན་2010དང་2011ལྟར་གསུམ་བཅུའི་དུས་དྲན་དེ་རྣམ་པ་ཙམ་ལས་ལོ་རབས་བརྒྱད་བཅུའི་དགུ་བཅུའི་འགུལ་ཤུགས་ལྟར་ཐོན་མི་ཐུབ་ན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ། མི་སྒེར་བཅས་ནས་བྱ་ཐབས་གསར་པ་དང་རྣམ་པ་གསར་པ་འཚོལ་བར་རིགས།
    དེ་ནས་དྲི་བ་གཉིས་ལས་དྲི་བ་དང་པོ་དེ་འཐད་པར་མཐོང་། གལ་ཏེ་༸ཡིད་བཞིན་ནོར་བུ་རྒྱའི་དམག་སྒར་དུ་ཆིབས་སྒྱུར་བསྐྱངས་ཡོད་ཚེ། བོད་ཀྱི་གནད་དོན་དེ་སྔ་ས་ནས་ཐག་གཅོད་ཟིན་ཡོད། གཅིག་བྱས་ན་བོད་མི་དེ་བས་མང་བ་ཞིག་གི་ཚེ་སྲོག་ཤོར་ཡོད་ངེས་རེད་ལ་བོད་ཀྱི་གནད་དོན་ཟེར་བ་གླེང་རྒྱུ་མེད་པར་བོད་འདི་རྒྱའི་ཞིང་ཆེན་གཅིག་ཏུ་བསྒྱུར་ཡོད་ངེས། ཡང་མིན་ན་བོད་དང་རྒྱ་གཉིས་རྡུང་ཐུག་དྲག་པོ་བྱུང་སྟེ་བཟང་ཐག་ངན་ཐག་གང་ཡིན་ཡང་ཐག་ཆོད་ཡོད་ངེས་ཡིན།

    གང་ལྟར་ཡང་རྒྱ་མིས་༸གོང་ས་མཆོག་གདན་འདྲེན་ཞུས་པ་བཞིན་ཕེབས་ཡོད་ཚེ་བོད་རྒྱ་མཉམ་གནས་ཀྱི་གནས་སྟངས་ཤིག་ཡོང་རྒྱུ་མེད་པ་གཏན་འཁེལ་རེད། དེ་ནི་ང་ཚོས་པཎ་ཆེན་རིན་པོ་ཆེའི་ལོ་རྒྱུས་ལས་ཤེས་ཐུབ་ངེས་ཡིན། པཎ་ཆེན་རིན་པོ་ཆེ་མཆོག་བོད་དུ་བཞུགས་ནས་བོད་རྒྱ་མཉམ་གནས་ཀྱི་ལས་དོན་གང་མང་བསྒྲུབས་ཡོད་ནའང་མཐའ་མ་རྒྱ་དམར་གྱིས་སྐུ་སྲོག་བཀྲོངས་པ་རེད། ཁོང་སྐུ་བཀྲོངས་དུས་ནི་རྒྱ་ནག་ནང་གུ་ཡངས་གང་འཚམ་ཡོད་པའི་དུས་ཚོད་རེད། ༸སྐུ་མདུན་རྒྱའི་དམག་སྒར་དུ་གདན་འདྲེན་ཞུ་སྐབས་རྒྱ་དམར་གྱིས་བོད་མི་དམར་གསོད་གཏོང་བཞིན་པའི་སྒང་ཡིན་པས། དུས་བབ་གང་གི་ཆ་ནས་བལྟས་ཀྱང་གནས་ཚུལ་ཕྱི་མ་དེ་ཡོང་ཐབས་མེད་པ་ཞིག་ཡིན།
    གང་ལྟར་ཡང་མཆོག་གསུམ་གྱི་བདེན་མཐུ་དང་། འཕགས་མཆོག་ཕྱག་ན་པདྨོའི་བྱིན་རླབས། བོད་མི་དམངས་ཀྱི་སྤྱི་མཐུན་བསོད་ནམས། སྐབས་དེའི་དུས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྣམ་དཔྱོད་དང་ལྷག་བསམ་བཅས་ལ་བརྟེན་ནས་རྒྱའི་གཡོ་འོག་ཏུ་ཤོར་བའི་གནས་ཚུལ་ཐབས་སྡུག་དེ་བྱུང་མེད། དེར་བརྟེན། གོང་གི་དྲི་བ་གཉིས་པོར་བསམ་ཚུལ་གང་འདྲ་བཤད་ཀྱང་དེ་དག་ཚང་མ་ལོ་རྒྱུས་ཐོག་བསམ་ཚུལ་འདོན་པ་ཙམ་ལས་གཞན་གནད་ཆེ་བ་ཅང་མེད།
    དེ་ལས། ཕྱིས་འབྱུང་བོད་མི་ཚོས་གསུམ་བཅུའི་དུས་དྲན་འདི་སྲུང་བརྩི་གང་འདྲ་བྱེད་དམ་ཞེས་པའི་ཐོག་གྲོས་འགོ་མང་ཙམ་འདོན་ན་སྣེ་འཁྲིད་ཀྱི་རྣམ་པ་ཞིག་མེད་འགྲོ་སྙམ། དྲ་གྲོགས་ལགས། ཁྱེད་ཀྱིས་གཟིགས་ན་གང་འདྲ་འདུག

    Reply
  13. བསང་གཡུ་ལྷ། says:
    ལོ་ 15 སྔོན།

    སྟོབས་ཞེས་བྱ་བའི་སྟོབས་མེད་འཁྱམས་པོ་ཁྱོད།།
    ཁོ་བོས་བྲེ་ཏ་བུ་རུའི་འགྲམ་དུ་བཀྲད།། ཧ་ཧ་ཧ། ཁྱེད་རང་སུམ་བཅུའི་དུས་དྲན་ཉིན་གཉིད་ཁྲལ་ཁྲུལ་ཅིག་ལས་ཁུག་ཡོད་བཟོ་མི་འདུག་ད། རྗེས་ཕྱོགས་རྩོམ་ཡིག་ནང་དོན་ཟབ་དང་རྣམ་པ་ལེགས་པ་འབྲི་བར་འབད་པ་བྱོས།། ཕན་སེམས་རང་ཡིན་ཏཱ

    Reply
  14. སོག་ནག་ཚང་། says:
    ལོ་ 15 སྔོན།

    གཙང་སྟོབས་ལགས། བསམ་ཚུལ་ཡག་པོ་འདུག འོན་ཀྱང་དག་ཆར་གཟབ་ནན་བྱེད་རྒྱུ་འདི་ཡང་ཁ་སྟབས་འདི་དང་མཉམ་དུ་ཡོད་ལོས་དགོས། མཐོ་སློབ་ཅིག་གི་དགེ་རྒན་ཞིག་གི་མིང་བྱང་ཁུར་ཡོད་ཙང་། དཔེར་ན།
    ༡དེ་ལ་རྟེན་ནས། དེ་ལ་བརྟེན་ནས།
    ༢དེ་རིང་ནས་རྩིས་པའི་མི་ལོ་ང་གཅིག་གི་ཉིན་དེར། ཉིན་འདིར།
    ༣ཁྲོམས་གཞུང་། ཁྲོམ་གཞུང་།
    ༤དོན་རྐྱེན་དེའི་སྔ་ཕྱིའི་འབྱུར་རིམ། བྱུང་རིམ།
    ༥རྒྱ་མའི་དམག་ཁུལ། རྒྱ་མིའི།
    ༦ད་རིང་འཛམ་གླིང་། དེ་རིང་།
    ༧བོད་ཀྱི་རིག་གཞུང་ཅེས་པའི། རིག་གཞུང་ཞེས་པའི།
    ༨ཆབ་སྲིད་ཀྱི་གནད་དོན་དུ་འཛིན་ནས། བཟུང་ནས།
    ཁ་ནས་སྐད་ཆ་ནོར་བ་དང་ལག་ནས་དག་ཆ་ནོར་བ་གཉིས་ལས་ཕྱི་མ་ནི་ཉེན་ཚབས་ཆེ་བར་སྙམ།

    Reply
  15. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    རྣམ་དཔྱོད་ལྡན་པའི་གྲོགས་པོ་རང་གི་གསུམ་དུས་རྩི་སྲུང་བྱེད་བའི་ཐབས་ལམ་ལ་ཡི་རིང་སྔགས་བརྗོད་དང་མོས་མཐུན་ཡོད་ཡག་པོ་མཐོང་སོང་།
    ང་ནི་རང་གིས་དྲི་བ་དང་པོའི་འཇུག་འབྲས་དེ་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་
    ཡོངས་ཀྱི་བསོད་ནམས་ཀྱི་འབྲས་བུ་ལྷ་དང་བླ་མས་མགོན་སྐྱབས་ཆོས་སྐྱོང་སྲུང་མས་གདོང་གྲོགས་ལ་བརྟེན་ནས་བོད་མིའི་ལས་དབང་ལ་གནང་པའི་ལོ་རྒྱུས་ཀྱི་གཟི་བརྗིད་ཆེ་དེ་ཡིན་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན།
    ད་དུང་ཚར་མ་སོང་ཡང་དུས་ཚོད་མི་འདུག་དགོང་མོ་འབྲི་གི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese