མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ལྷན་གྱིས་གྲོས་ཚོགས་ལ་གསལ་འདེབས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp
 ང་ཚོས་ད་དུང་ཡང་འགན་འཁུར་རྣམས་ྋགོང་ས་མཆོག་གི་སྐུའི་ཕྲག་ཐོག་ལ་མི་གཡུགས་པར། ཚང་མས་རྩ་དོན་ཐོག་འགན་འཁུར་སྔར་ལྷག་འཁྱེར་དགོས་པས། གཞོན་ལྷན་ནས་ཀྱང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཤིག་གི་ངོས་ནས་བོད་རྒྱལ་ཁབ་དང་གངས་ཅན་པའི་མདུན་ལམ་ཐད། སྔར་ལྷག་འགན་འཁུར་བསྒྲུབ་རྒྱུའི་དམ་བཅའ་ཞུ་རྒྱུ་ཡིན་ཟེར།
 
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་གིས་གྲོས་ཚོགས་ལ་མང་གཙོ་མདུན་སྐྱོད་དང་། བོད་དོན་སྲ་བརྟན་ཕུགས་འཕེར་བཟོ་ཆེད་གསུང་འཕྲིན་ཕེབས་ཡོད་པའི་ཐད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐབས་བཅུ་བཞི་བའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་སྟེང་ལ་གསལ་འདེབས་ཀྱི་སྙན་ཞུ་ཞིག་ཕུལ་ཡོད་འདུག སྙན་ཞུའི་ནང་བསྟན་དོན།  སྤྱིར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནི། བོད་རྒྱལ་ཁབ་དང་བོད་མི་རིགས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད། ལྷག་པར་དགྲ་བོ་རྒྱ་ནག་གིས་བོད་རྒྱལ་ཁབ་ཏུ་བཙན་འཛུལ་གྱི་དུས་ངན་དཀའ་སྡུག་ཁྲོད། ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་ ༡༦ ལས་སོན་མེད་ཀྱང༌། ཐུགས་བསྐྱེད་བཙན་པོས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་ཟུང་གི་མཛད་འགན་ལྕི་མོ་ཕྲག་ཏུ་བཞེས་ཏེ། བོད་འབངས་ཡོངས་རིས་མེད་ཀུན་སྙོམ་ཆེན་པོས་བྱམས་ཀྱིས་བསྐྱངས་ཤིང༌། བཙན་བྱོལ་དུ་ཕེབས་རྗེས་ཆ་རྒྱུས་དང་བདེན་རྒྱབ་མེད་པའི་གཞན་ཡུལ་དུ་བོད་མི་ཁྲི་ཚོ་དུ་མའི་འཚོ་ཐབས་དང་བོད་དོན་བདེན་རྒྱབ་གསར་འཚོལ། གཞིས་ཆགས་ཁག་གསར་འཛུགས། དེ་བཞིན་བོད་ཀྱི་རིག་གཞུང་གི་ལྟེ་གནས་དགོན་སྡེ་གྲྭ་ཚང་དང༌། སློབ་གྲྭ་གསར་སྐྲུན་གྱིས་བོད་ཕྲུག་རྣམས་འདབ་ཤོག་གཉིས་ལྡན་ཅན་དུ་གསོ་སྐྱོང༌། ལྷག་པར་ཡུན་རིང་ཁ་འཐོར་དུ་ཕྱིན་པའི་གངས་ཅན་པ་རྣམས་ཆོས་སྲིད་གཉིས་ཐད་ནས་ཚད་མཐོའི་ཆིག་སྒྲིལ་རང་བཞིན་དུ་དབུ་ཁྲིད་དང༌། བཙན་འཛུལ་བའི་མཐའ་འབུད་དང་གཞན་ཡུལ་གྱི་དཀའ་སྡུག་ཁྲོད་ནས་བོད་ཀྱི་དམངས་གཙོའི་ལམ་བཟང་གསོལ་སྩལ་གྱིས་གོམ་པ་རིམ་བགྲོད་མདུན་སྐྱོད་གནང་བ་སོགས། མདོར་ན། བོད་ཤི་གསོན་གྱི་མཚམས་ནས་མྱུར་སྐྱོབ་སྣེ་འཁྲིད་གནང་བའི་བཀའ་དྲིན་ནི་གངས་ཅན་པའི་བྱུང་རབས་ནང་སྔར་མ་གྲགས་པའི་ངོ་མཚར་ཅན་གྱི་མཛད་བཟང་ཞིག་དང༌། ནམ་ཡང་ང་ཚོས་བརྗེད་དུ་མི་རུང་བ་ཞིག་ལགས་པ་མ་ཟད། ངེད་བོད་འབངས་རྣམས་ལ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་དབུ་ཁྲིད་ཅིག་ནམ་ཡང་བརྙེད་དུ་མེད། ཅེས་དང་།
 
ཡང་སྙན་ཞུའི་ནང་། གསུང་འཕྲིན་རིན་པོ་ཆེའི་ནང༌། མདོ་དོན་མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་འགན་འཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་འཁུར་བྱེད་པའི་དུས་ལ་བབས་ཡོད། ཞེས་དང༌། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་འཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་འཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས། དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད། ཅེས་དང༌། བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ། བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས། ཞེས་དང༌། དེ་བཞིན་གསུམ་བཅུའི་དུས་དྲན་ཐེངས་ང་གཉིས་པའི་ཐོག་བསྩལ་བའི་གསུང་འཕྲིན་ནང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར། བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་ཞེས་བཀའ་གསལ་མཐའ་ནན་དུ་ཕེབས་པ་བཅས་ནི། ཕ་བཟང་པོས་བུ་ལ་མགོ་འདོན་རེ་བཅོལ་གནང་བ་ལྟར། མགོན་པོ་མཆོག་བོད་འབངས་རྣམས་ལ་སྙིང་ནས་བརྩེ་བའི་རླབས་ཆེའི་དགོངས་གཞི་ཟབ་མོ་ཞིག་སྟེ། མདོར་ན། མགོན་པོ་མཆོག་གིས་མི་མང་དང་མི་མང་གིས་བདམས་པའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ལྷན་ཚོགས་ལ་དམངས་གཙོ་མདུན་སྐྱོད་དང༌། འཐབ་རྩོད་ཀྱི་འགན་འཁུར་ཐད་རང་འགན་རང་འཁུར་དགོས་པའི་ཐུགས་རེ་དང༌། ལམ་སྟོན་ཟབ་མོ་ཞིག་སྟེ། ལོ་རྒྱུས་རང་བཞིན་གྱི་མདུན་སྐྱོད་དང་འགྱུར་བ་རླབས་ཆེན་ཞིག་ལགས་པས། ང་ཚོས་ད་དུང་ཡང་འགན་འཁུར་རྣམས་ྋགོང་ས་མཆོག་གི་སྐུ་ཕྲག་ཐོག་མ་གཡུགས་པར། ཚང་མས་རྩ་དོན་ཐོག་འགན་འཁུར་སྔར་ལྷག་འཁྱེར་དགོས་པས། གཞོན་ལྷན་ནས་ཀྱང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཤིག་གི་ངོས་ནས་བོད་རྒྱལ་ཁབ་དང་གངས་ཅན་པའི་མདུན་ལམ་ཐད། སྔར་ལྷག་འགན་འཁུར་བསྒྲུབ་རྒྱུའི་དམ་བཅའ་ཞུ་རྒྱུ་ཡིན་ཞིང༌། གྲོས་ཚོགས་འཐུས་མི་རྣམ་པས་ཀྱང་དམངས་གཙོ་མདུན་སྐྱོད་དང༌། བོད་གཞུང་དང་བོད་དོན་འཐབ་རྩོད་སྲ་བརྟན་གོང་འཕེལ་སོགས། བོད་ཀྱི་མ་འོངས་པར་འགན་འཁུར་བའི་ཐོག་ནས་ྋགོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་བཞིན། ཚོགས་དུས་འདིའི་ཐོག་ནས་བརྒྱུད་རིམ་དང༌། འཆར་གཞི་རང་བཞིན་གྱི་ཐག་གཅོད་ངེས་གནང་ཡོང་བའི་འབོད་སྐུལ་གསལ་འདེབས་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པར་མ་ཟད།
 
ྋགོང་ས་མཆོག་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་ཆ་ཚང་གང་ཞིག་གནང་ཡང༌། དུས་གཏན་དུ་མགོན་པོ་མཆོག་བོད་རྒྱལ་ཁབ་དང་གངས་ཅན་པའི་སེམས་དབུས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལགས་ཤིང༌། ྋརྒྱལ་དབང་རིམ་བྱོན་ནི། གངས་ཅན་པར་འདས་པའི་བྱུང་རབས་ནང་བཀའ་དྲིན་ཧ་ཅང་ཆེ་བ་བཞིན། མ་འོངས་པར་ཡང་ྋརྒྱལ་དབང་རིམ་ཕེབས་ཀྱིས་བོད་འབངས་རྣམས་ཚེ་རབས་རྗེས་འཛིན་དགོས་པ་ནི། ངེད་གངས་ཅན་པའི་ལས་སྨོན་བཟང་པོ་ཞིག་དང༌། ང་ཚོའི་འགྱུར་བ་མེད་པའི་རྟག་བརྟན་གྱི་རེ་སྨོན་དེ་ཡིན་པ་གསོལ་འདེབས་དང་ནན་བརྗོད་ཞུ་རྒྱུ་ཡིན། ཞེས་གྲོས་ཚོགས་སུ་སྙན་ཞུ་ཕུལ་ཡོད་པ་རེད།
 
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་ཤས་གོང་ནས་༸གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་བཀའ་ཡང་ཡང་ཕེབས་པའི་ཐད། ཕྱེད་བགྲེས་ཡོལ་ལས་དེ་མིན་བགྲེས་ཡོལ་མི་མཛད་པ་མཁྱེན་ཞེས་མཚན་འཁོད་སྙན་ཞུ་ཕུལ་ཡོད་པ་དང་། ཐེངས་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྐུར་སྒེར་ཡིག་ཚང་། བཀའ་ཤག་ལྷན་རྒྱས་བཅས་ལ་སྙན་ཞུ་ཕུལ་ཏེ།  ྋགོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་བཞིན། ཚོགས་དུས་འདིའི་ཐོག་ནས་བརྒྱུད་རིམ་དང༌། འཆར་གཞི་རང་བཞིན་གྱི་ཐག་གཅོད་ངེས་གནང་ཡོང་བའི་འབོད་སྐུལ་གསལ་འདེབས་ཞུས་ཡོད་པ་རེད།
 
གསར་འགོད་པ། དོན་གོ།     
 

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༧ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༧ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༨ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་བགྲེས་ ཡོལ་དུ་འདོད་མཁན་ཤོག་ཁག་གཉིས་འདུག་སྙམ།
    གཅིག་ནི། བཙན་བྱོལ་སྤྱི་ཚོགས་ས་བརྟན་སླད་དུ་དང་། ༸གོང་ས་མཆོག་མཛད་འཕྲིན་སྔར་ལྷག་ཏུ་རྒྱས་པའི་ཆེད་དུ་སྟེ། ང་ཡང་དེ་ལྟར་བསམས་ཤིང་རེ་བཞིན་ཡོད།
    ཡང་ཤོག་ཁག་གཅིག་ནི། དམར་གཞུང་ལྟར། སྤྱི་ཚོགས་རྙིང་པ་དང་། དེའི་རྒྱུན་དང་བཅས་པ་མི་དགའ་ཞིང་། མཐོ་རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པ་དང་། ཆོས་ལ་ཡང་། མི་དགའ་མཁན་རིགས་གཅིག་ཡོད། དེ་དག་གི་ལག་ཏུ་བོད་པའི་ཆབ་སྲིད་ཤོར་བ་ཡིན་ན། དེ་ནས་ག་འདྲ་ཞིག་ཆགས་འགྲོ་ཡོད་དམ་ངས་ནི། མི་ཤེས་སོ། །
    གང་ལྟར་ཡང་སྤྱི་འཐུས་བཟང་ དུ་གཏོང་དགོས་པ་དང་། བཀའ་ཁྲི་འཇོན་དུ་འགྲོ་དགོས་པ་ནི། གནད་ཁག་ཆེ་ཤོས་དེ་རེད་གདའ། ༸གོང་ས་མཆོག་གི་དགོངས་དོན་ལྷུན་གྲུབ་ཤོག ། བོད་རྒྱལ་ལོ། །

    Reply
  2. གཟི་མིག་༣པ says:
    ལོ་ 15 སྔོན།

    ཡང་གཞོན་ནུས་ཆབ་སྲིད་ཁྲབ་སོང་ཧའ་ཧའ་དངོས་ནས་གཞོན་ནུས་རང་བཙན་ལེན་ཐབས་ཡག་པོ་རེད་འོན་ཀྱང་ཐབས་ལམ་གང་ཡང་མེད་རྒྱ་ཡི་དཔོན་རིགས་ལ་ངོ་བརྒོལ་བྱ་རྒྱུ་ཅིག་པོས་རང་བཙན་ག་ལ་ལེན་ཐུབ་ཐབས་ལམ་ཡག་པོ་ཞིག་མགོ་བརྩམས་དང་ནས་མཇུག་འཁྱོལ་བ་བྱེད་དང་རང་བཙན་དགོས་ངེས་རེད་

    Reply
  3. མངའ་རིས་བུ། says:
    ལོ་ 15 སྔོན།

    ད་གཞོན་ལྷན་ལ་གཏོང་རྒྱུ་ཞོག་རྒྱུ་ཡོད་ན་དུས་ལ་བབས་སོང།
    རྒྱལ་ཁབ་འདྲ་མིན་ནང་དུ་གོང་ས་མཆོག་གི་སྐུ་ཡི་འཚབ་ཡོད་པ་རྣམས་བོད་གཞུང་ངམ་བཙན་བྱོལ་གཞུང་ལས་སོགས་གང་གི་སྐུ་འཚབ་དུ་ཇི་ལྟར་བསྒྱུར་ཐུབ་བམ
    དང་པོ་བཙན་བྱོལ་གཞུང་ཞེས་ངོས་ལེན་བྱེད་མཁན་ཞིག་དགོས།
    DALAI་་LAMA་ADMINSTRATION་
    ཞེས་པའི་དོད་དུ་ཇི་ལྟར་འཇོག་དགོས་སམ།
    དེ་ཚོ་ལ་དཀའ་ངལ་རིམ་པ་ཞིག་འཕྲད་སྲིད་སྙམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese