མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན། བོད་རྒྱ་ཁོངས་དུ་སྤྲོད་མཁན་ཞིག་ཡོང་གི་རེད་དམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་བ། བཀའ་བློན་ཁྲི་བ། ལག་ཐོག་ཚད་དང་སྐད་ཆ་བཤད་ཤེས་མཁན་གྱི་བོད་མི་དག་གིས་བདུན་ཕྲག་འདི་དག་གི་རིང་དུ་བཀའ་བློན་ཁྲི་བའི་སྐོར་དང་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་མིན་གྱི་སྐོར་རྐྱང་རྐྱང་གླེང་གི་འདུག དེ་བས་ཀྱང་ཤུགས་ཆེན་པོའི་གླེང་གཞི་ནི་བཀའ་ཁྲི་གསར་བའི་སྐོར་རེད། དེ་ལ་འདོད་ཀྱང་རུང་མི་འདོད་ཀྱང་རེད། ཉིན་གཉིས་ཀྱི་རྗེས་སུ་བཀའ་བློན་འོས་མི་གསུམ་ལས་གཅིག་ང་ཚོའི་མིག་གི་མདུན་དུ་ང་ཚོ་བོད་མི་བྱེས་པ་ཚང་གི་སྲིད་ཁྲིའི་སྟེང་་དུ་སླེབས་རྒྱུ་རེད།

ད་ནི་ང་ཚོས་བརྒྱ་བཤད་ཀྱང་སྟོང་བཤད་ཀྱང་། མི་གསུམ་ལས་གཅིག་ཡོང་རྒྱུར་ང་ཚོས་འགོག་དགོས་དོན་མེད་ལ། བཟང་ངན་ཡག་བཙོག་མང་བོ་ཞིག་ཀྱང་གླེང་ཀྱང་དེ་བས་མི་ཕན། ད་ནི་ང་ཚོས་གང་ཞིག་གླེང་དགོས་པ་དེ་ནི་ང་ཚོས་ཁོང་ཚོ་གསུམ་ལས་སུ་ཞིག་བོད་བྱེས་ཀྱི་བཀའ་བློན་ཁྲི་བའི་སྲིད་སྟེགས་སྟེང་དུ་སླེབས་པ་ཡིན་ན། དེ་ཡིས་བོད་ཕྱི་ནང་གཉིས་ལས་བོད་ནང་གི་ད་ལྟའི་གནས་བབ་ཛ་དྲགས་ལ་བསམ་བློ་ཞིབ་མོ་བཏང་ནས། བོད་ནང་གི་བོད་རྒྱ་ཆེ་མི་དམངས་རྒྱ་ཁོངས་སུ་བསྡོད་འདོད་ཡོད་མེད་དེ་ཤེས་དགོས་ཀྱི་ཡོད་པར་སྐུལ་འདེད་གཏོང་དགོས་པ་ཡིན་ལ། བྱེས་སུ་ཡོད་པའི་བོད་མི་བཙན་བྱོལ་བ་དག་གིས་གཉིད་མ་སད་ཀྱི་བཙན་བྱོལ་བའི་རང་གཟུགས་དེ་ལས་བཙན་བྱོལ་བ་ངོ་མ་ཞིག་ཆགས་པར་ཕྱོགས་ངོས་གང་ཐད་ནས་འབད་བརྩོན་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་ཡིན།

དེ་བས་ཀྱང་གལ་ཆེ་བ་ཞིག་ཡོད་པ་དེ་ནི་བཀའ་ཁྲི་གསུམ་ལས་སུ་ཞིག་བཀའ་བློན་ཁྲི་བར་སླེབས་པ་ཡིན་ན། དེ་ཡི་རང་གི་མཛད་དུས་མ་རྫོགས་བར་དུ་རང་ཉིད་ནི་བོད་རྒྱ་ཆེ་གཞིས་ལུས་མི་དམངས་ཀྱི་མགྲིན་ཚབ་པ་ཞིག་དང་བྱེས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་པར་སེམས་སུ་བརྟན་པོར་གཉར་ནས་ཉིན་མཚན་དབྱེར་མེད་དུ་བོད་དོན་དུ་རྒྱལ་ཁབ་གཞན་གྱི་མི་སེར་ལས་དགོངས་པ་ཞུ་དགོས་ཐུག་ཀྱང་ཞུ་དགོས་པ་མ་ཟད། ལས་འགན་གང་ཞིག་བྱེད་པ་ལ་བཙན་བྱོལ་བོད་མིའི་ལག་དེབ་སེར་བོའི་སྟེང་ནས་བྱེད་དགོས་ཀྱི་ཡོད་པ་ཡིན།

བཙན་བྱོལ་བ་ཞིག་གི་དབུ་ཁྲིད་དང་བོད་རྒྱ་ཆེ་གཞིས་ལུས་མི་མང་གི་མགྲིན་ཚབ་པ་བྱེད་པར། བོད་ཀྱི་སྐད་ཡིག་གི་ཆུ་ཚད་ཀྱང་མི་དམན་པ་དགོས་པ་མ་ཟད། བོད་གཞིས་ལུས་གཉིས་ཀྱི་འདོད་དོན་ཡང་རྟོགས་ཐུབ་པར་ག་དུས་ཡིན་ཡང་གྲྭ་སྒྲིག་ཨང་གསར་དགོས་ཀྱི་ཡོད་པ་ཡིན། བོད་ཀྱི་གནད་དོན་ནི་བོད་མི་རིགས་ཤིག་རྒྱལ་ཁབ་ཅིག་གི་ངོ་བོར་གནས་རྒྱུའམ། ཡང་ན། གཞན་གྱི་མངའ་ཁོངས་སུ་བསྡོད་རྒྱུ་དེ་གཉིས་ཀྱི་བར་མཚམས་འདིར། ཕྱོགས་དེ་གཉིས་ལ་གང་བོད་རྒྱ་ཆེ་མི་དམངས་ཀྱི་རེ་འདོད་ངོ་མ་དེ་ཡིན་མིན་རྩར་གཅོད་གཏིང་གནད་བྱེད་པའི་ལས་འགན་དེ་ནི་ཉིན་གཉིས་ཀྱི་རྗེས་སུ་སླེབས་སྲིད་པའི་བཀའ་བློན་ཁྲི་བ་དེ་ལ་འགན་ཡོད་པ་ཡིན།

འཛམ་གླིང་ཡུལ་གྲུ་གཞན་དག་ལ་འབྲེལ་བ་དགོས་པ་བཤད་མ་དགོས་པ་ཡིན་ཡང་། རང་དོན་བྱེད་པ་ལ་རང་གི་འགན་འཁུར་བ་ཡིན་དུས། བོད་དོན་བྱེད་པ་ལ་བོད་མིས་འགན་གཙོ་བོ་འཁུར་ནས་ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲོད་མ་བྱས་པ་ཡིན་ན། ཁ་སྙན་པོ་བཤད་པའི་འཛམ་གླིང་གི་སྲིད་དོན་པ་དག་གིས་ག་དུས་ཡིན་ཡང་བོད་དོན་དུ་སྐད་ཆ་སྙན་པོ་རེ་བཤད་པར་དཀའ་ངལ་གང་ཡང་མེད་ལ། དེ་ལ་རྒྱ་ནག་སྲིད་གཞུང་གིས་ཀྱང་ཨ་ལན་སྟེར་མི་དགོས་པ་གསལ་བོ་ཤེས་ཀྱི་ཡོད་པ་དེ་ཡང་བཀའ་བློན་ཁྲི་བ་གསར་བའི་སེམས་བསམ་པའི་གཏིང་ནས་ངེས་ཟིན་ཐོབ་དགོས་ཀྱི་ཡོད།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 4

  1. wisdom says:
    ལོ་ 15 སྔོན།

    ངའི་ཟིན་བྲིས་ནང་དུ་ངའི་ཟིན་བྲིས་ཞེས་པ་མི་འདུག་རྒྱུ་མཚན་གང་ཡིན་ན།

    Reply
  2. chrgudo says:
    ལོ་ 15 སྔོན།

    བདེན་པ་རེད། བཀའ་བློན་སུ་འཐོབ་ནའང་ཉིན་མཚན་དུས་དྲུག་ཏུ་ལྷོད་ཡངས་གཏན་ནས་བྱེད་མི་རུང་བར་བོད་ཀྱི་འཐབ་རྩོད་ཁོ་ནར་འབད་དགོས་ལ། དེ་ཡང་འཐེན་ཞིག་དང་། ལྷོད་ཅིག་ངེས་པར་དུ་དགོས།

    Reply
  3. gyaltsen dhargyal says:
    ལོ་ 15 སྔོན།

    ད་ག་རང་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་འོས་མི་ཁོང་གསུམ་ལས་སུ་ལ་འོས་ཐོབ་སྟེ་བཀའ་བློན་ཁྲི་པའི་ཞབས་སྟེགས་སུ་ཕེབས་ཀྱང་། བོད་རྒྱ་ཆེའི་མི་མང་གིས་མང་གཙོའི་རིང་ལུགས་ཀྱི་ཚུལ་ཁྲིམས་ལྟར་བསམ་པ་རྣམ་དག་གིས་དབུ་ཁྲིད་དུ་བཀུར་དགོས་པ་རེད།

    Reply
  4. chok zyl says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་ངོ་མ་བསམ་ཚུལ་ཡག་པོ་ཞེ་དྲག་རེད།
    བོད་རང་ལ་ཤ་ཞེན་ཅན་ཞིག་གི་རེ་འདོད་ངོ་མ་ཡིན་པས་མུ་མཐུད་དུ་རྒྱབ་སྐྱོར་ཞུ་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese