མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆར་འགོད་ཚོཊ་ཆུང་།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp




༧གོང་ས་མཆོག་གི་གསུང་འཕྲིན་ལག་ལེན་བསྟར་ཕྱོགས་ཐོག་འཆར་འགོད་ཚོགས་ཆུང་ཞིག་བཙུགས་ཏེ། ཕྱི་ཚེས་ ༢༣ བར་སྙན་ཐོ་འབུལ་དགོས་པའི་ཐག་གཅོད་གནང་སོང་།  

ཕྱི་ཚེས་༡༨ཉིན་གྲོས་ཚོགས་ནང་༧གོང་ས་མཆོག་གི་གསུང་འཕྲིན་ཐད་བགྲོ་གླེང་ཞིབ་ལྷུག་གནང་མཐར་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་བཞག་སྟེ། ༸གོང་ས་མཆོག་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་མཛད་ཁུར་མུ་མཐུད་བཞེས་རྒྱུར་གསོལ་འདེབས་ཞུས་ཡོད་ཀྱང་། ཕྱི་ཚེས་༡༩ཉིན་༸གོང་ས་མཆོག་གིས། སྐུ་སྒེར་ཡིག་ཚང་བརྒྱུད་དེ་སྔོན་གསུང་འཕྲིན་ནང་ཞིབ་གསལ་འཁོད་པ་ལྟར། ཁོང་གི་དགོངས་བཞེད་ཀྱི་ཐག་གཅོད་དེར་འགྱུར་བ་མེད་སྐོར་གསལ་བཤད་ཀྱིས་གྲོས་ཆོད་དེ་ཕྱིར་སློག་གནང་ཡོད་སྟབས།

དེ་རིང་སྔ་དྲོར་བསྐྱར་དུ་སྤྱི་འཐུས་གྲོས་ཚོགས་ནང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་ཕེབས་ཏེ། “དང་པོ། ད་ཆ་༸གོང་ས་མཆོག་གི་གསུང་འཕྲིན་དགོངས་དོན་ཉམས་ལེན་ཞུ་ཕྱོགས་ཐད་འཆར་གཞི་ཞིབ་ཕྲ་ཞིག་བསྒྲིག་རྒྱུ་གལ་གནད་ཆེ་སྟབས།ཚོགས་གཙོ་ལྷན་རྒྱས་ནས་ལས་འཆར་ཚོགས་ཆུང་ཞིག་བསྐོས་འཛུགས་གནང་སྟེ།ཚོགས་ཆུང་དེས་འདི་ཟླའི་ཕྱི་ཚེས་༢༣འགྱངས་མེད་ལས་འཆར་སྙན་ཐོ་ཞིག་གྲོས་ཚོགས་སུ་འབུལ་ཐུབ་པ་དགོས་རྒྱུ། གཉིས་པ།ལས་འཆར་དེའི་ཐོག་གྲོས་ཚོགས་སུ་བགྲོ་གླེང་གིས་འབྱུང་འགྱུར་གྱི་ལས་རིམ་གོ་སྒྲིག་གནང་རྒྱུ་བཅས་ཀྱི་སྤྱི་མོས་མང་མོས་གྲོས་ཆོད་གནང་རྒྱུ” ཞེས་བཀོད་པ་དེར་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།  

གསར་འགོད་པ། དོན་གོ




འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 7

  1. རླུང་བུ། says:
    ལོ་ 15 སྔོན།

    འདི་ནི་དངོས་གནས་ཁོང་གི་དགོངས་པ་བསྒྲུབ་རྒྱུའི་ལམ་དུ་ཞུགས་པ་ཡིན་པས་དགའ་བསུ་ཞུ།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཤག་སྒང་པ་ལགས། ཉེ་ལམ་བོད་ཀྱི་དུས་བབ་ཀྱི་ལས་བྱེད་ལ་འཕོ་འགྱུར་གྱི་དབང་གིས་ལས་བྲེལ་ཧ་ཅང་ཆེ་སྟབས། རྩོམ་སྒྲིག་པའི་གཏམ་དང་གསལ་བསྒྲགས། མི་སྣ་ངོ་སྤྲོད་དང་དཔེ་དེབ་ངོ་སྤྲོད་སོགས་མང་པོ་ཞིག་དུས་ལྟར་དྲ་ཐོག་ལ་སྤེལ་མ་ཐུབ་པ་མ་ཟད། ཐ་ན་གསར་འགྱུར་དང་རྩོམ་ཡིག་མང་པོ་ཞིག་ཀྱང་དུས་ལྟར་འདོན་སྤེལ་མ་ཐུབ་པར་ལྷག་ཡོད།
    ཉིན་འགའི་སྔོན་མཆན་བུ་འདེབས་མཁན་སྐོར་ཞིག་གིས་ཐུགས་སྣང་ཆེན་པོས། ད་ཆར་རྩོམ་སྒྲིག་པའི་གཏམ་འབྲི་ཐུབ་ཀྱི་ཡོད་མེད་ཀྱི་སྐད་ཆ་ཞིག་བཤད་ཡོད་པ་མཐོང་མ་ཐག བློ་འཚབ་ཅིག་སྐྱེས་ཏེ་དུས་བབ་ཚགས་པར་གྱི་ཇུས་འགོད་པ་ལགས་སུ་མངགས་བཀོལ་བྱས་ཏེ། ཚགས་པར་འདོན་ཐེངས་སྔ་ཕྱིའི་རྩོམ་སྒྲིག་པའི་གཏམ་རྣམས་དྲ་ཐོག་ལ་འཇོག་རོགས་ཞུས་ཡོད་ཀྱང་། ཁོང་ལ་ཉམས་མྱོང་མེད་པའི་དབང་གིས་སྤྱིའི་འདོན་ཐེངས་ཀྱི་གྲངས་ཀ་མི་གསལ་བ་མ་ཟད། ད་དུང་རྩོམ་སྒྲིག་པའི་གཏམ་འགའ་ཡང་ལྷག་ཡོད་ཚོད་འདུག་པས་ན། དེ་དག་ཀྱང་ཡག་བཙོག་དང་བཟང་ངན་ལ་མ་ལྟོས་པར་གང་མགྱོགས་བསྐྱར་བཅོས་དང་། ལྷག་འཕྲོས་རྣམས་ཀྱང་ཁྱེད་ཅག་གི་སྤྱན་ལམ་དུ་འབུལ་ངེས་ཡིན།

    Reply
  3. ཤག་སྒང་པ། says:
    ལོ་ 15 སྔོན།

    བཀུར་འོས་དུས་བབ་ལགས། དེ་རིང་དུས་ཚོད་ཕྲན་བུ་བྱུང་བས། ཡུན་རིང་ནས་གཟིམ་བཞུགས་པའི་བོད་ཀྱི་དུས་བབ་རྩོམ་སྒྲིག་པའི་གཏམ་གྱི་སྒེའུ་ཁུངས་ནང་འཛུལ་འཕྲལ། དུས་ཚེས་གཅིག་ཏུ་རྩོམ་སྒྲིག་པའི་གཏམ་བརྒྱད་ཏག་ཏག་སྤེལ་གནང་འདུག་པར། དགའ་བ་དང་ཡ་མཚན་ཟུང་གིས་ལྟ་ཀློག་བྱས་པ་ཡིན། འཐབ་ལམ་གྱི་ངོ་བོ་འཚོལ་བ་ཟེར་བར་མཆན་བུ་ཞིག་བྲིས་ཀྱང་བཀག་ནས་མེད་གསུངས་པའི་རྒྱུ་མཚན་མ་ཤེས། གང་ལྟར་སླར་ཡང་དཔྱད་གཏམ་སྤེལ་པར་རྟེན་འབྲེལ་ཐུགས་རྗེ་ཆེ་ཞུ།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ཚོགས་ཆུང་གི་ཚོགས་མི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་དང་། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་གསུམ་ལ་ཐུགས་གཏན་འཁེལ་འདུག

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འཆར་འགོད་ཚོགས་ཆུང་མིང་དོན་མཚུངས་སམ། ད་ལྟའི་སྤྱི་འཐུས་ཀྱི་ལག་པ་འཕྱིས་ས་རེད། བོད་མི་དམངས་ཀྱི་མིག་འབུར་ལྟོད་ས་མ་ནོར་བ་གྱིས།

    Reply
  6. ཤག་སྒང་པ། says:
    ལོ་ 15 སྔོན།

    ༸གོང་ས་སྐྱབས་མགོན་མཆོག་ལ་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ཏེ། དེ་རིང་ཁོང་ཉིད་ནས་བོད་མིའི་འཕྲལ་ཕུགས་ཁོ་ནར་གཟིགས་ནས་སླར་ཡང་གསུང་འཕྲིན་རིན་པོ་ཆེ་ཕྱིར་སློག་མ་གནང་ན། སྤྱི་འཐུས་འདི་ཚོས་མ་འོངས་བོད་ཀྱི་ཕུགས་རེ་བསྐྱུར་གྲབས་རེད། དུས་གསུམ་སངས་རྒྱས་ཁྱེད་ལ་རྟག་ཏུ་འདུད་དོ།།

    Reply
  7. བསེ་རུ། says:
    ལོ་ 15 སྔོན།

    དངོས་གནས་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད།
    བཀུར་འོས་སྤྱི་འཐུས་ལྷན་རྒྱས་ཀྱིས་བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་པ་བཞེས་ཏེ། ༸གོང་ས་མཆོག་གིས་ཅི་གསུང་བཀའ་སྒྲུབ་གནང་རྒྱུ་ནི་གཡོལ་དུ་མེད་པའི་ལོ་རྒྱུས་ཀྱི་འགན་དབང་ཞིག་དང་། མི་ལོ་ལྔ་བཅུའི་རྗེས་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་ཡིན་སྟབས། ལོ་རྒྱུས་ཀྱི་ཟིན་ཐོ་འདི་བཞིན་འབྱུང་འགྱུར་བོད་མི་རིགས་སྤྱི་ཡི་འཚོ་གནས་དང་འབྲེལ་ཡོད།

    མདོར་ན། སྡུག་ས་ནས་བཤད་ན། ༸གོང་ས་མཆོག་ལ་ང་ཚོས་སྐྱབས་འཇུག་དང་རེ་འབོད་ཡང་ཡང་ཞུས་ཆོག་ཀྱང་། འཆི་བ་མི་རྟག་པར་ང་ཚོས་སྐྱབས་འཇུག་དང་རེ་བ་ཇི་ལྟར་ཞུ་གི་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese