མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ལུས་རིན་པོ་ཆེ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་རིགས་ཁྲོད་ཆང་རག་དང་མྱོས་རྫས་སྤྱོད་མཁན་ཧ་ཅང་མང་པོ་རེད། དེ་དག་ཁྲོད་གཞུང་གི་ལས་བྱེད་དང་སློབ་མ། བླ་མ་གྲྭ་པ་བཅས་ཀྱང་ཚུད་འདུག་ཟེར།
དེ་རིང་ཉིན་གུང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པའི་ནང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྐུ་ཞབས་བསྟན་འཛིན་སྲིད་ཞི་ལགས་ཀྱིས་བཟོ་སྐྲུན་གནང་བའི་གློག་བརྙན་༼མི་ལུས་རིན་པོ་ཆེ ༽ ཞེས་པ་ཞིག་སྤྱན་འབུལ་ཞུས་པ་དང་འབྲེལ་གསར་འགོད་པ་ཚོར་གློག་བརྙན་དེའི་སྐོར་ངོ་སྤྲོད་གནང་བྱུང་།
གློག་བརྙན་དེའི་ནང་དོན་གཙོ་བོ་ནི། དེང་དུས་འཛམ་གླིང་སྤྱི་ཚོགས་ཡོངས་དང་ཡང་སྒོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གཞོན་སྐྱེས་མང་པོ་ཞིག་མྱོས་རྫས་དང་ཆང་རག་ལ་ངན་གོམས་སུ་སོང་སྟེ། མི་སྒེར་གྱི་འཚོ་གནས་བདེ་ཐང་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་ཡོད་པ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ལ་བརྡབ་གསིག་འགྲོ་བཞིན་ཡོད་པའི་ཛ་དྲག་གི་གནས་བབ་ལ་ཉེན་བརྡ་བཏང་ཡོད་པ་ཞིག་རེད།
དངོས་བྱུང་གློག་བརྙན་འདིའི་ནང་གི་མི་སྣ་གཙོ་བོ་དག་ནི། དེ་སྔ་མྱོས་རྫས་བེད་སྤྱོད་བྱས་མྱོང་ཤིང་། རྗེས་སུ་སྨན་བཅོས་ཀྱིས་དྲག་སྐྱེད་བྱུང་ཡོད་པའི་བོད་རིགས་གཞོན་སྐྱེས་ཁག་ཅིག་གིས་རང་རང་གི་མྱོང་སྣང་བརྗོད་ཡོད་པ་མ་ཟད། སྤྱི་ཚོགས་ནང་གི་མི་སྣ་གལ་ཆེན་ཁག་ཅིག་ལ་བཅར་འདྲི་བརྒྱུད་དེ་མྱོས་རྫས་དང་ཆང་རག་ནི་ཆོས་འཇིག་རྟེན་གཉིས་ཐད་ནས་ཧ་ཅང་གནོད་འཚབ་ཆེ་བ་དང་། གང་ཟག་མི་རེ་ངོ་རེ་ནས་སྔོན་འགོག་དང་སྲུང་བྱ་ནན་མོ་བྱ་དགོས་པའི་གནས་ལུགས་སྐོར་བརྗོད་འདུག  
གློག་བརྙན་གཟིགས་འབུལ་ཟིན་རྗེས་སྐུ་ཞབས་བསྟན་འཛིན་སྲིད་ཞི་ལགས་ཀྱིས་གསར་འགོད་པ་ཚོར་བརྗོད་ན། ང་རང་གི་གློག་བརྙན་ཐོག་མ་ “མེ་ལོང ” བཟོ་སྐྲུན་གྲུབ་རྗེས་འོད་སྡེར་འགྲེམས་སྤེལ་ཐད། བོད་ཀྱི་བུད་མེད་ཚོགས་པས་རོགས་འདེགས་གང་ལེགས་གནང་སོང་ལ། ཐེངས་འདིའི་གློག་བརྙན་གཉིས་པ་ “མི་ལུས་རིན་པོ་ཆེ ” བཟོ་སྐྲུན་ཟིན་མ་ཐག་བུད་མེད་ཚོགས་པར་འབྲེལ་བ་ཞུས་སྐབས། ཚོགས་གཙོ་མཆོག་དང་རྒྱུན་ལས་རྣམ་པས་ང་ལ་སེམས་ཤུགས་སྤར་བ་དང་རྒྱབ་སྐྱོར་ཆེན་པོ་གནང་བྱུང་ཟེར།

དེའི་རྗེས་བུད་མེད་ཚོགས་པའི་ཚོགས་གཙོ་ཀིརྟི་སྒྲོལ་དཀའ་ལྷ་མོ་ལགས་ཀྱིས། ང་ཚོ་བོད་པའི་སྤྱི་ཚོགས་ནང་ན་གཞོན་ཟེར་བ་འདི་ལ་མ་འོངས་པའི་སོན་རྩ་ཡིན་ཞེས་རྗོད་ཀྱི་ཡོད་པ་ལྟར་ཧ་ཅང་གལ་ཆེན་པོ་ཞིག་ཀྱང་ཆགས་ཡོད་པ་རེད། གློག་བརྙན་འདི་ནི་བོད་ཀྱི་ན་གཞོན་མང་པོས་མྱོས་རྫས་བེད་སྤྱོད་ཀྱིས་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པར་བརྡ་ལན་གསལ་བོ་ཞིག་ཆགས་ཡོད་སྟབས། ལས་གཞི་འདི་ལྟ་བུ་བོད་པའི་གཞོན་སྐྱེས་ཤིག་གི་ངོས་བརྩམས་ཡོང་དུས་སེམས་ལ་དགའ་ཚོར་ཆེན་པོ་དང་རྒྱབ་སྐྱོར་བྱ་དགོས་ངེས་ཤིག་ཆགས་ཡོད་པ་རེད། ཅེས་དང་།

གསར་ལམ་ཁག་བརྒྱུད་དེ་ཞུ་རྒྱུ་ཞིག་ལ། གློག་བརྙན་འདིའི་ཁ་བྱང་དུ་བསྟན་ཡོད་པ་བཞིན་ང་ཚོའི་མི་ལུས་རིན་པོ་ཆེ་འདི་རྩ་ཆེན་པོ་ཡིན་པ་ཤེས་པའི་ཐོག་ནས་སྒེར་དང་སྤྱི་ཚོགས། བོད་མིའི་རྩ་དོན་ལ་མི་གནོད་པ་དང་ལམ་ནོར་དུ་མི་འགྲོ་བ་བྱ་རོགས་ཞེས་འབོད་སྐུལ་ནན་མོ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

མཇུག་ཏུ་ཀུན་ཕན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ལེགས་དཔལ་ལགས་ཀྱིས། ད་ལྟ་མྱོས་རྫས་སྤྱོད་མཁན་དང་རེག་དུག་གི་གནས་ཚུལ་འདི་བོད་པའི་སྤྱི་ཚོགས་ནང་གི་དཀའ་ངལ་ཆེ་གྲས་ཤིག་ཆགས་འདུགའོན་ཀྱང་བོད་རང་ལ་རེག་དུག་དང་མྱོས་རྫས་ནད་པར་སྨན་བཅོས་བྱེད་སའི་བསྟི་གནས་མེད་སྟབས། ད་ཆར་ང་ཚོས་ཤེས་རབ་དགའ་ཚལ་སློབ་གླིང་གི་ཉེ་འཁྲིས་སུ་བོད་རང་གི་ནད་བཅོས་བསྟི་གནས་ཤིག་འཛུགས་རྒྱུར་ས་ཆ་ཉོས་ཡོད་ཀྱང་། འཛུགས་སྐྲུན་ལས་གཞིའི་ཐད་དཔལ་འབྱོར་གྱི་དཀའ་ངལ་འོག་ལྷག་ཡོད། ཚང་མས་ལས་གཞི་འདིའི་ཐད་དཔལ་འབྱོར་གྱི་རོགས་རམ་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

འདི་གའི་གསར་འགོད་པས་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་སྲིད་ཞི་ལགས་ལ་གློག་བརྙན་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་བྱས་པའི་ལན་དུ་ཁོང་གིས། བོད་པའི་གཞོན་སྐྱེས་ཚོའི་ཁྲོད་ཆང་རག་དང་མྱོས་རྫས་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། དུས་རྒྱུན་ནས་ཕ་མ་དང་དགེ་རྒན་ཚོས་ཕྲུ་གུ་ཚོར་སློབ་སྦྱོང་ཡག་པོ་བྱ་དགོས་པའི་སྐུལ་མ་གཏོང་གི་ཡོད་པ་ཙམ་ལས། ཆང་རག་དང་མྱོས་རྫས་རིགས་ཀྱི་ཐད་སློབ་གསོས་འདང་གི་མི་འདུག ད་ལྟ་རྒྱ་གར་དང་ཕྱི་རྒྱལ་ཁག་གི་བོད་རིགས་ཁྲོད་ཆང་རག་དང་མྱོས་རྫས་རིགས་སྤྱོད་མཁན་ཧ་ཅང་མང་པོ་རེད། དེ་དག་ཁྲོད་གཞུང་གི་ལས་བྱེད་དང་སློབ་མ། བླ་མ་གྲྭ་པ་བཅས་ཀྱང་ཚུད་འདུག སྤྱི་ཡོངས་ནས་ཚོད་དཔག་བྱས་ན་བོད་མའི་བརྒྱ་ཆ་ ༡༠ ཙམ་འདིའི་ཁོངས་སུ་ཚུད་འདུག ཅེས་བརྗོད་བྱུང་།

གཞོན་སྐྱེས་བསྟན་འཛིན་སྲིད་ཞི་ལགས་ཀྱིས་གློག་བརྙན་ཐོག་མ་ “མེ་ལོང་།” ཞེས་པར་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་ཅིང་།ད་ཆར་ཁོང་གིས་སྤྱི་ཚོགས་སློབ་གསོའི་སྐོར་གྱི་གློག་བརྙན་གཞན་ཞིག་དང་། རྒྱལ་སྥྱི་རང་བཞིན་གྱི་གློག་བརྙན་༼ཐེག་ཆེན་སོ་སྦྱོང༽(Mahayana Ordination) ཞེས་པ་ཞིག་བཅས་བཟོ་མུས་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༩ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 5

  1. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བླ་མ་དང་གྲྭ་པ་ཚུད་འདུག་ཅེས་ཁོངས་མེད་ཅིག་བཤད་ན་ཡག་པོ་མི་འདུག བླ་མ་གན་དང་གྲྭ་འདི་ཞེས་མཛུབ་མོ་བཙུགས་ནས་སྟོན་ཐུབ་ན་དགེ་མཚན་ཆེ་བ་དང་ཕན་ཐོག་འབྱུང་ངེས།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    རྒྱབ་སྐྱོར་ཡོད། དེང་སྐབས་གཞིས་ཆགས་ནས་རྡ་སར་སླེབས་པའི་གསར་བུ་རེ་འགས་མྱོས་རྫས་འཐུང་སྟེ་ལག་ཁྱེར་ཀམ་པུ་ཏྲིར་སོགས་ཁྱིམ་ཆས་རྐུན་མ་རྒྱག་གི་འདུག་སྐད་ཐོས། ཁ་སང་དེ་རིང་སྒྲུང་དེ་འདྲ་གོ་ཡ་མང་པོ་འདུག ལས་གཞི་འདིས་དེ་དག་ལ་བསླབ་བྱ་རེ་རག་གི་རེད་བསམ་སོང་།

    Reply
  3. ནོར་འཛིན་དོན་འགྲུབ། says:
    ལོ་ 15 སྔོན།

    དེ་དངོས་ནས་རེད་་་་་་་་་་་་་་་་་་་་་་་་དར་སྐབས་གྲ་ཕྲུག་ང་སེམས་ཁྲལ་ཆེ་ཤོག་དེ་དེ་ཡིན་་་་་་་་་་་་་་་སློབ་ཕྲུག་མང་པོ་མྱོས་རྫས་ཟ་བ་མཐོང་མྱོང་ལ་སྐད་ཆ་ཡང་མང་པོ་བཤད་ཀྱིས་འདུག་་་་་་་་་་་་་་
    འདིར་ང་ཚོས་འཁོར་ཡུག་བཟང་པོ་འདིའི་ནང་མེད་པ་བྱེད་དགོས་པས་ཕ་མ་དང་དགེ་རྒན་ཡོངས་ཀྱིས་ལས་འགོན་ཡིན་་་་་་་་་་་་་་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཀུན་ཕན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ལེགས་དཔལ་ལགས་སུ།
    ཞལ་འདེབས་བསྡུ་གསོག་རོག་རམ་ཆེད་དུ། འདིར་འབྲེལ་བ་གནང་རོགས།
    E-mail:kardorime@gmail.com
    Tel:+06 30 90 39 788

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    མི་ལུས་རིན་པོ་ཆེ་དེ། མྱོས་རྫས་དང་ཆང་རག་གིས། གསོ་དགོས་དོན་ཅི་ནམ། བཀའ་ཁྲི་གསར་རྙིང་གཉིས་ཀ་ལ་དྲིས་པ་ཡིན་པས་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese