ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་འབྲེལ་གསར་གནས་མི་དམངས་ཉིན་རེའི་ཚགས་པར་སྟེང་། ༼ དྲག་སྤྱོད་མི་སྣས་བཙན་བྱོལ་བོད་གཞུང་གི་སྣེ་འཁྲིད་པར་གྲ་སྒྲིག་བྱེད་བཞིན་ཡོད་དམ༽ཞེས་པའི་རྩོམ་ཞིག་སྤེལ་ཏེ་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་སུ་ཉེས་འཛུགས་དང་ཁ་རྡུང་བཏང་འདུག
རྩོམ་ཡིག་དེའི་ནང་བློ་བཟང་སེང་གེ་ལགས་ནི་དེ་སྔ་གཞོན་ལྷན་གྱི་རྒྱུན་ལས་ཡིན་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་དྲག་སྤྱོད་རྩ་འཛུགས་ཤིག་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན། བོད་ཀྱི་མི་རབས་གསར་པས་བཙན་བྱོལ་བོད་གཞུང་གི་དབང་ཤུགས་བཟུང་ཚེ། མ་འོང་པར་དྲག་སྤྱོད་ཀྱི་རྣམ་པའི་ཐོག་ནས་བོད་རང་བཙན་རྩོད་སྲིད་པར་མ་ཟད། བོད་ནང་དུ་མུ་མཐུད་ངན་བྱུས་དང་འཁོན་འཛིན་གྱི་ས་བོན་གཏོར་སྲིད་པའི་སྐོར་བརྗོད་ཡོད་པ་རེད།
གོང་གསལ་རྒྱ་ནག་གི་གཏམ་བརྗོད་དེའི་ཐད། བློ་བཟང་སེང་གེ་ལགས་ཀྱིས་གསར་ལམ་ཁག་ཏུ་བརྗོད་རྒྱུར། རྒྱ་ནག་དམར་གཞུང་གིས་བཤད་སྟངས་འདི་ལས། ཁོ་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཡང་དག་པའི་དམངས་གཙོའི་ལམ་ལུགས་ལ་འཇིགས་སྣང་སྐྱེ་བཞིན་ཡོད་པ་གསལ་བོར་མཚོན་ཡོད། ཅེས་ལན་འདེབས་གནང་འདུག
གསར་འགོད་པ། ཚེ་རིང་རྒྱལ།
བློ་བཟང་སེང་གེ་ལ་རྒྱ་ནག་གི་སྐྱོན་བརྗོད་བྱས་པ་ནི་རྒྱ་ནག་གཞུང་བཙན་བྱོལ་གཞུང་དང་མ་འོངས་པའི་བཀའ་གཞུང་གསར་བ་ལ་བྱེད་གནང་སྐྱེས་བཞིན་པའི་རྣམ་པ་ཞིག་གོ
ལྷ་སྲིན་གྱི་བུ་ལགས་ ཁྱོད་རང་བཤད་སྟངས་ལ་ནོར་འཕྲུལ་ཆེན་པོ་འདུག། གང་ཡིན་ཟེར་ན་བློ་སེང་ལ་རྒྱལ་ཁ་འཐོབ་ན་དྲང་བདེན་དང་བོད་མི་རིགས་ཀྱི་རྩ་དོན་ལ་རྒྱལ་ཁ་འཐོབ་པ་དོན་གང་ཡིན་ནམ། གཞན་གཉིས་ལ་རྒྱལ་ཁ་འཐོབ་ན་དྲང་བདེན་མ་ཡིན་པ་དང་བོད་མི་རིགས་ཀྱི་རྩ་དོན་ལ་གནོད་འཚེ་ག་རེ་འདུག་གམ། ཁྱོད་རང་གི་ཀླད་པ་ལ་སྐྱོན་ཤོར་མེད་དམ་བསམ་གྱི་འདུག། ང་རང་བསམ་ཚུལ་ལ་སུ་རྒྱལ་ཁ་འཐོབ་རུང་དེ་ནི་མང་གཙོའི་འགྲོ་ལུགས་དང་བོད་མི་རིགས་ཀྱི་རྩ་དོན་གྱི་ཆེད་དུ་ལོས་ཡིན།
༡འདིར་འཆན་མགོད་འཁན་གྱི་དབྱིན་ཡིག་གི་ཚེ་རིང་བཀྲ་ཤིས་དེ་རྫ་ཚེ་རིང་བཀྲ་ཤིས་མིན་པ་དྲ་གྲོགས་ཚོས་མཁྱེན་པ་གནང་རོགས།
༢ངས་ལྟས་ན་ད་ཆ་བཀའ་ཁྲིའི་འོས་མི་རྣམ་པར་སྐྱོན་འཚང་འབྲུ་བའི་དུས་ཚོད་ཡོལ་ཟིན་པ་རེད་སྙམ།
༣ཁྱད་པར་ཁང་སར་ལགས་ཀྱིས་དགྲ་དགའ་གཉེན་སྡུག་གི་བཀའ་མོལ་ལྟ་བུ་ཆགས་འདུག
༤ཁོང་ལྟ་བུའི་ཆ་འཇོག་བྱེད་སའི་དཔྱད་བརྗོད་པ་ཞིག་གིས་བསམ་བློ་ཞིག་ཐོངས་དང་། སྐད་ཆ་འདི་རིགས་གལ་ཏེ་བློ་བཟང་སེང་གེ་བཀའ་ཁྲིར་ཐོབ་ཀྱི་མེད་ན་ནི་བརྗོད་ཀྱང་དོན་འབྲས་མེད་པ་ཞིག་རེད།
གལ་ཏེ་ཐོབ་ཀྱི་ཡོད་ན་ནི་བཟང་རུང་ངན་རུང་མི་མང་གིས་འདེམས་པའི་དབུ་ཁྲིད་ཡིན་སྟབས་ང་ཚོས་བརྩི་བཀུར་བྱེད་པ་ལས་མ་མཐའ་ཡང་དམའ་འབེབས་གང་ཐུབ་བྱེད་པ་ནི་དགའ་དགའ་གཉེན་སྡུག་རང་རེད་བསམ་གི
བློ་སེང་ལ་རྒྱལ་ཁ་འཐོབ་ན་དྲང་བདེན་ལ་རྒྱལ་ཁ་འཐོབ་པ་རེད་་བློ་སེང་ལ་རྒྱལ་ཁ་འཐོབ་ན་བོད་མི་རིགས་ཀྱི་རྩ་དོན་ལ་རྒྱལ་ཁ་འཐོབ་པ་རེད་ཅེས་ངས་བྲིས་པ་ཡིན་་་ནོར་འདུག་ན་རྒྱུ་མཚན་ཤོད་དང།
ཁང་གསར་རྡོ་རྗེ་ཟེར་བ་འདི་རྩོམ་ཡག་པོ་འབྲི་མཁན་ཞིག་རེད་འདུག་ལ་སྤྱི་ཚོགས་ལ་རྒྱུས་མངའ་དང་དོ་སྣང་ཡང་ཡག་པོ་ཡོད་མཁན་ཞིག་རེད་འདུག་་་འོན་ཀྱང་ཁོང་ནི་བློ་སེང་ལ་གཏན་ནས་མི་དགའ་མཁན་ཞིག་རེད་འདུག་་དེའི་རྒྱབ་ལོགས་སུ་མཆེ་བ་དང་སྦར་མོ་མང་པོ་ཞིག་སྦས་ཡོད་པ་ཁ་གསལ་པོ་བྱེད་ནས་ཤེས་ཐུབ་་་་་བོད་པའི་སྤྱི་ཚོགས་ཆུང་ཆུང་འདི་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་ཁོང་ཚོ་རེད་འདུག
རྡོ་རྗེ་ཚེ་རིང་ལགས་ ཁྱོད་རང་ག་བྱུང་མ་ཤོད། ལྷ་སྲིན་གྱི་བུ་ནི་དངོས་གནས་སྨྲ་བ་བོ་ཞིག་དང་ཕྱོགས་རེ་མེད་མཁན་ཞིག་རེད། ཁོ་ལ་འོས་ཤོག་ཐོབ་དགོས་པ་བློ་སེང་རེད།
ཁྱོད་རང་དམིགས་ཡུལ་འགྲུབ་ཀྱི་རེད།
ཧཧཧཧཧཧཧཧ
༄༅། །ཚེ་རིང་བཀྲ་ཤིས་ལགས་ལ་བཀའ་འདྲི་ཞིག་ཞུ་འདོད་བྱུང། ཁྱེད་རང་གི་དགོང་པར་ད་ལྟ་ང་ཚོ་སྐྱབས་བཅོལ་གཞུང་གི་བལྟ་བ་ལངས་ཕྱོགས་དེ་བཞིན་༧གོང་ས་མཆོག་གི་དགོང་གཞི་ལྟར་འཚེ་མེད་ཞི་བའི་ལམ་དབུ་མའི་ཐོག་བོད་དེ་ཚད་དང་ལྡན་པའི་རང་སྐྱོངས་ལྗོངས་ཞེས་གཙོད་བཞིན་པ་དེ་གལ་ཏེ་ལམ་ལྷོངས་བྱུང་ན། ༡༽རྩེ་ཕོ་བྲང་པོ་ཏ་ལ་རུ་རྒྱ་དམར་གྱི་དར་ཆ་འཛུགས་ཀྱི་རེད་དམ་ཡང་བོད་ཀྱི་རྒྱལ་དར་གཙུག་གི་རེད། ༢༽བོད་ནས་རྒྱལ་ཁབ་གཞན་དུ་འགྲིམ་འགྲུལ་བྱ་ཚེ་རྒྱ་དམར་གྱི་ལག་འཁྱེར་ཐོག་འགྲིམ་འགྲུལ་བྱེད་ཀྱི་རེད་དམ་ཡང་བོད་རང་སྐྱོངས་ལྗོངས་ཞེས་པའི་ལག་འཁྱེར་ཞིག་གསར་བཟོའི་ཐོག་འགྲིམ་འགྲུལ་བྱེད་ཀྱི་རེད། ཡང་ཁྱེད་རང་གི་བལྟ་བ་ལངས་ཕྱོགས་དེ་བཞིན་རང་བཙན་གཙང་མ་ཡིན་ན་གནས་ཚུལ་ཁ་ཁག་རེད། དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འཇམ་དབྱངས་ནོར་བུ་དེ་བཞིན་རང་བཙན་གཙང་མ་གཙོད་མཁན་གྱི་ཚོགས་སྒྲིག་ཁག་རེད། དེ་མིན་བོད་བརྒྱ་ཆ་ ༧༠-༨༠ ཐམས་པས་ལམ་དབུ་མར་རྒྱབ་སྐྱོར་ཡོད་དུས་མ་འོངས་པར་ཕྱིར་བསྡོད་རྒྱ་རིགས་ཁས་ལེན་བྱས་ཚར་བ་རེད་བསམ་གྱི་ཡོད། སོང་ཙང་ཁྱེད་རང་གི་དགོང་ཚུལ་ཤེས་འདོད་བྱུང་སོང་བས་བཀའ་ལན་ཡོད་པ་ཅི་ནས་ཀྱང་ཞུ། ཐུགས་རྗེ་ཆེ།
དྲ་གྲོགས་ཁག་གཅིག་གིས་ད་དུང་ཡང་སྡང་སེམས་དོར་མི་འདུག
རྒྱུ་མཚན་ནི།སོ་སོའི་ལྟ་བ་དང་མཐུན་པའི་མི་སྣ་དེར་བཙན་བྱོལ་བོད་མིའི་མི་མང་བརྒྱ་ཆ་བརྒྱད་བཅུ་ཙམ་གྱི་རྒྱབ་སྐྱོར་མ་རགས་བའི་རྐྱེན་གྱིན་རེད་འདུག་པ་ལས་གཞན་ཅིའི་ཕྱིར་དུ་སྐད་ངན་ཤོར་དགོས་པ་ཞིག་རེད།ད་ལྟ་དྲ་ཐོག་ཏུ་སྐྱོན་བརྗོད་བྱེད་སྡོད་མཁན་དེ་དག་ནི་དེ་སྔོན་འོས་འདེམས་མ་བྱས་གོང་ནས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་དོན་མེད་སྙོན་འཛུགས་དང་བསྐྱོན་བརྗོད་ཅང་བྱེད་མཁན་དག་རེད་འདུག་པ་ལགས་ན་དེ་དོན་ཚང་མས་དྲ་ཐོག་ཏུ་དཔྱད་ཞིབ་ལེགས་པར་བྱེད་ན་ཤེས་ངེས།
ཁང་གསར་གྱི་རྣམ་རྟོག་སྐམ་པོ་དེས་ཕན་ཐོགས་གང་ཡང་མི་འདུག
རྒྱ་གཞུང་གིས་ད་ལྟ་བར་ཏཱ་ལའི་རུ་ཚོགས་དང་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཟེར་ནས་བཤད་དང་ཤོད་བཞིན་པ་རེད་ལ། བོད་གཞུང་ལ་ནུབ་ཕྱོགས་ནས་རོགས་དངུལ་མང་པོ་ཡོང་གི་ཡོད་པ་ཁོ་ཚོས་ཧ་གོ་ཡི་ཡོད་རེད་ལ་བཤད་ཀྱི་ཡོད་པ་རེད། དེར་བརྟེན་རྒྱ་གཞུང་གིས་གཅིག་ལབ་ས་རེད་ཟེར་ནས། བློ་སེང་ལ་བསྙོན་འཛུགས་བྱེད་པ་དེ་དགྲ་ཤར། གཏོར་མ་ནུབ་ཅེས་པ་དེ་རེད།
ད་དུང་༧གོང་ས་མཆོག་གིས་ལམ་སྟོན་པ་དེ་བློ་སེང་གིས་འགོག་གི་ཡོད་པའི་བཟོ་འདྲ་པོ་སྐད་ཆ་རྫབ་ཆེན་དེ་འདྲ་བཤད་ནས་ཕན་ཐོགས་གང་ཡང་ཡོད་མ་རེད།
དྲ་གྲོགས་ཁྱེད་རྒྱ་མིའི་གཡོ་འོག་ཏུ་ཚུད་འཚར་འདུག རྒྱ་མིས་བློ་སེང་ལ་ཁ་རྡུང་གཏོང་གི་ཡོད་ནི་མ་རེད། བོད་མིར་མགོ་བསྐོར་གཏོང་གི་ཡོད་ནི་རེད། བློ་སེང་བཀའ་ཁྲིར་འཁོད་ན་རྒྱ་མི་ལ་དགོས་རྒྱུ་འདི་རེད། བོད་དེ་རྒྱ་དམར་གྱི་ཆ་ཤས་སུ་ཁས་ལེན་མཐོ་སློབ་ཀྱི་སློབ་མ་ཐོག་མར་ཁོང་རང་རེད། དེར་བརྟེན་ཁོང་ལ་རྒྱ་དམར་ཡིད་ཆེས་བློས་འགལ་བྱས་ཏེ་ཁོ་ལ་ཕྱིར་སྡོད་རྒྱ་མིའི་ལག་ཁྱེར་སྤྲད་ཡོད། ཧ་གོ་སོང་ངམ།
རྒྱ་ཕྲུག་དང་དེའི་ཕྱོགས་གཏོགས་དང་བཅས་པས་ཉོས་ཤིག། མཁས་དབང་བློ་སེང་ཁོང་ལ་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཆོལ་ཁ་གསུམ་པོ་དབྱེར་མེད་ཐོག་དྲངས་བདེན་གྱི་མི་སྣ་དང་མི་རིགས་ཀྱི་ལ་རྒྱ་ཅན་འདྲ་མཚུངས་སུ་ཡོད་པ་དངོས་སུ་མཐོང་ཐོས་བྱུང་ལ་གནས་ཚུལ་འདི་མི་རིང་པ་ཡོངས་གྲགས་ཆགས་ངེས་རེད་། འོན་ཀྱང་ངས་འདིར་བརྗོད་དོན་གཙོ་བོ་ནི་ཁོང་སྙན་གྲགས་ཆེ་བའི་མཐོ་སློབ་ནང་ཚད་ལྡན་མཁས་དབང་གི་ཆེ་མཐོང་ཡོད་པའི་བོད་མི་ན་གཞོན་གཅིག་པོ་དེ་ཡིན་པས་སྐུ་ཡོན་གྱི་ཆ་ནས་དཔེ་མཚོན་ཙམ་ཞུས་ན་ཁོང་དེ་གར་བཞུགས་རིང་ཉིན་གཅིག་བླ་ཡོན་རྩིས་ན་རྡ་རམ་སར་ལོ་གཅིག་གི་བླ་ཕོག་ལས་ཆེ་བའི་གནས་སྟངས་དེ་དང་དེ་འདྲའི་གནམ་ས་ལྟར་བུའི་གནས་སྟངས་འོག་རང་མི་རིགས་ཀྱི་དོན་དུ་བློས་བཏང་ཆེ་པོ་བྱེད་ཏེ་དངོས་འབྲེལ་ན་མ་སོན་པའི་བོད་མི་རིགས་ཀྱི་དམངས་གཙོའི་ལས་དབང་ལ་༧རྒྱལ་བའི་བཀའ་དགོངས་བཞིན་ཚད་ལྡན་ལམ་ལུགས་ཞིག་ཏུ་འགྱུར་བའི་རེ་བ་བཅངས་ཏེ་དོན་ཚན་གསུམ་གྱི་འབོད་སྒྲའི་འོག་འདས་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་སྔར་མེད་གསར་གཏོད་གྱི་ལེའུ་ཐོག་མ་འབྱེད་དེ་བཀའ་ཁྲི་འོས་ལང་པ་ན་བསམ་མེད་རྒྱ་ཕྲུག་འགས་དངོས་འབྲེལ་རྒྱལ་སྤྱིའི་ནང་བོད་དང་བོད་རིགས་སུ་གཏོགས་པའི་ཁྲོད་ཐོག་མ་ཡིན་པའི་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་པ་སློབ་དཔོན་ཆེ་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ལོང་བས་བལྟས་ཀྱང་མཐོང་ཐུབ་པའི་ཉེས་འཛུགས་རིམ་པ་བྱས་སོང་བ་མ་ཟད་ད་དུང་གནས་ཚུལ་འགའ་བོད་གཞུང་བཀའ་བཤག་གི་གསལ་བཤད་གནང་ཡང་བོང་གུའི་རྣ་བར་གསེར་རླུགས་པ་དང་ཆ་ཆགས་སོང་བས་ཚད་ལྡན་བོད་རིགས་མི་མང་གི་མིག་ནང་ཡལ་ཐབས་བྲལ་བར་ཁོང་ལ་བསྙོན་འཛུགས་གནང་བའི་ལས་འགུལ་འདྲ་མིན་སྤེལ་མཁན་ཁམས་ཕྲུག་ཅོ་རི་དང་ཨམ་ཕྲུག་ཁང་གསར་རྡོ་རྗེ་རྣམས་ནི་དེང་སྐབས་རྒྱ་གཞུང་དངོས་ཐོན་ནས་དེ་སྔོན་ཏ་ལའི་ཅེས་འབོད་པའི་ཚབ་དུ་བློ་སེང་ཅེས་ཁོང་ལ་དྲག་སྤྱོད་པའི་ཉེས་འཛུགས་གནང་བའི་རྒྱུན་རིམ་དང་དམིགས་ཡུལ་འདྲ་བའམ་དེ་མཚུངས་སུ་གཏོགས་པའི་བརྙན་འཕྲིན་ཞིག་ཏུ་མཐོང་བས་རྒྱ་ཕྲུག་དེ་དག་ལ་དོགས་ཟོན་གནང་བའི་རེ་བ་ཆེ་དགོས་མཁོ་བྱུང་ན་ངས་རྒྱ་ཕྲུག་འདི་གི་ལོ་རྒྱུས་བཀོད་ངེས་ཡིན་།
ཡུན་རིང་དྲ་ལམ་ལ་ཡོང་ཁོམ་མ་བྱུང་། ད་རེས་དུས་ཚོད་སྐར་མ་བཅུ་གྲངས་ཡོད། ངས་བསམ་ཚུལ་མི་མཐུན་པ་ཞིག་བཤད། དེ་བསམ་ཚུལ་ཙམ་ཡིན།
༡) ༸གོང་ས་མཆོག་གིས་རྦད་དེ་བགྲེས་ཡོལ་དུ་ཕེབས་ཏེ་བོད་ཀྱི་ཆབ་སྲིད་སྐོར་ཁོང་དང་རྒྱ་ནག་བར་འབྲེལ་མོལ་གནང་ས་མེད་པ་བཟོས་པ་དང་མཉམ་དུ། ཁོང་གིས་དེའི་གོང་ལ་གནང་བའི་སྲིད་བྱུས་ཀྱི་ཡིག་ཆ་གལ་ཆེན་ཁག་ནུས་མེད་དུ་བཏང་བ་ཡིན་ཞེས་དང་། བོད་གཞུང་སྲིད་གཞུང་མ་ཡིན། བཙན་བྱོལ་བོད་མིར་ལྟ་རྟོགས་བྱེད་མཁན་གྱི་སྒྲིག་འཛུགས་ཡིན་ཞེས་གསལ་པོ་བཟོས་ཡོད། ང་ཚོས་བཀའ་སློབ་དེའི་སྙིང་དོན་ལ་བསམ་གཞིགས་བྱེད་དགོས། ང་རང་གི་གོ་བ་ལེན་སྟངས་བྱས་ན། ༸གོང་ས་མཆོག་གིས་བོད་གཞུང་དེ་སྲིད་གཞུང་མ་ཡིན་པར་སྒྲིག་འཛུགས་ཤིག་ཡིན་པར་གསུངས་པ་སོགས་ཀྱིས་རྒྱ་ནག་གཞུང་གིས་བཙན་བྱོལ་སྒྲིག་འཛུགས་དང་གྲོས་མོལ་འགོ་འཛུགས་ཆོག་པའི་ལམ་ཁ་ཞིག་བསྐྲུན་བཞིན་ཡོད་པ་རེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་བཙན་བྱོལ་སྲིད་གཞུང་ཟེར་བ་ཁྲིམས་འགལ་རེད། དེ་ལ་སྐད་ཆ་བཤད་ས་མེད་ཟེར་གྱི་ཡོད་རེད།
༢) ༸གོང་ས་མཆོག་གིས་ལམ་ཁ་དེ་འདྲ་ཞིག་བསྐྲུན་ཡོང་དུས་བློ་སེང་གིས་སྡོད་མ་ཚུགས་པར། འོས་བསྡུའི་ཉིན་དེར་ང་རྒྱ་གར་ནང་སྐྱེས་པ་ཡིན། ཨ་རི་ལ་བུ་ལོན་ཆད་ཡོད་(ཨ་རིའི་དྲིན་ལན་འཇལ་རྒྱུ་བསྡད་ཡོད་ཅེས་གོ་ནའང་འགྲིག) ཡིན་ནའང་ངའི་སེམས་པ་བོད་ཡིན་ཞེས་སྐད་ཆ་བཤད་ཡོད། (http://articles.timesofindia.indiatimes.com/2011-03-20/all-that-matters/29148573_1_kalon-tripa-tibetan-government-tibetan-settlements) སྐད་ཆ་དེའི་དོན་དག་ནི། རྒྱ་ནག་གི་གོ་སྟངས་བྱས་ན། ང་ཨ་རི་བཙན་རྒྱལ་རིང་ལུགས་ཀྱིས་གསོ་སྐྱོང་བྱས་པའི་མི་ཡིན་ཟེར་གྱི་ཡོད་པ་རེད། བཤད་སྟངས་གཞན་གྱིས་བཤད་ན། ང་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀི་རྒྱུག་ཁྱི་ཡིན་ལབ་པ་འདྲ་བོ་ཆགས་པ་རེད།
༣) རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་དགོངས་གཞི་དེ་ཚོ་ལམ་སང་ཤེས་ཡོང་གི་ཡོད་རེད། ཡིན་ནའང་བློ་སེང་བཀའ་ཁྲིར་འཁོད་ན། མི་དེའི་རྒྱབ་ལྗོངས་ཨ་རིར་སློབ་སྦྱོང་བྱས་པ་དང་། ཐེ་ཝན་གྱི་ཚོགས་པ་ཞིག་གིས་འགྲོ་གྲོན་བཏང་བའི་ལབ་རྙོག་ཡོད་པ། སེམས་ནང་ཨ་རི་དྲིན་ཅན་ཡིན་པར་དྲན་མཁན་ཞིག་དང་འབྲེལ་བ་འཛུགས་འདོད་ཡོད་མ་རེད། དེར་བརྟེན་གོམ་པ་དང་པོར་བློ་སེང་གིས་དེ་སྔོན་གཞོན་ནུ་ལྷན་ཚོགས་ནང་འཛུལ་བ་དང་སྐབས་རེ་རང་ཐག་རང་གཅོད་དང་སྐབས་རེ་རང་བཙན། སྐབས་རེ་དབུ་མའི་ལམ་སོགས་ཀྱི་འདོད་ཚུལ་འདྲ་མིན་བཏོན་པའི་ནང་ནས་ད་རེས་རང་ཐག་རང་གཅོད་ཟེར་བ་དེ་འཇུས་ཏེ། བློ་སེང་དྲག་སྤྱོད་པ་ཡིན་པའི་སྙོན་འཛུགས་དང་དྲག་སྤྱོད་པར་རྒྱ་གཞུང་གིས་འབྲེལ་བ་བྱེད་ཀི་མིན་ཞེས་སྔོན་བརྡ་གཏོང་གི་ཡོད་རེད། རྒྱ་ནག་གཞུང་གིས་གཞོན་ནུ་ལྷན་ཚོགས་དྲག་སྤྱོད་པའི་ཐོ་གཞུང་གི་ནང་དུ་འཇུག་ཐབས་བྱེད་བཞིན་པ་དང་མཉམ་དུ་ད་ཆ་བཀའ་ཤག་ཀྱང་དྲག་སྤྱོད་ཀྱི་ཁོངས་སུ་བསྒྱུར་ཐབས་ཀྱི་གོམ་པ་སྤོ་བཞིན་ཡོད།
༤) གོང་དུ་བརྗོད་པ་བཞིན་བློ་བཟང་སེང་གེས་ཨ་རི་དྲིན་ཅན་དུ་སྒོམ་བཞིན་པ་དང་ཐེ་ཝན་གྱི་ཚོགས་པ་ཞིག་གིས་འགྲོ་སོང་གི་རོགས་རམ་བྱས་པའི་ལབ་རྙོག་ཐོན་པ་དེར་གསལ་བཤད་གང་ཡང་མེད་པར་བརྟེན། འབྱུང་འགྱུར་བློ་སེང་ནི་བཙན་རྒྱལ་ཨ་རིས་མཚོན་པའི་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱིས་གསོ་སྐྱོང་བྱས་པ་མ་ཟད། ཐེ་ཝན་གྱི་དགྲར་འཛིན་སྟོབས་ཤུགས་ཀྱིས་གཞོགས་འདེགས་བྱས་པའི་མི་ཞིག་རེད་ཅེས་སོགས་བརྗོད་སྲིད་པ་རེད། ད་བཙན་བྱོལ་བོད་གཞུང་སྐུ་དྲག་གིས་བཟུང་མེད། མི་དཀྱུས་མས་བཟུང་ཡོད། མི་རབས་རྙིང་པས་བཟུང་མེད། གསར་པས་བཟུང་ཡོད། བོད་ནས་སླེབས་པས་བཟུང་མེད། བཙན་བྱོལ་དུ་འཚར་ལོང་བྱས་པས་བཟུང་ཡོད་ཅེས་བརྡ་སྤྲོད་པའི་ཆེད་དུ་བློ་སེང་བཀའ་ཁྲིར་བདམས་ཁུལ་བྱས་ཀྱང་། རྒྱ་ནག་གཞུང་ལ་གོ་བརྡ་གཞན་ཞིག་འཕྲོད་འགྲོ་བ་འདི་ཚོ་ངོ་མ་གཟབ་དགོས་པ་ཞིག་རེད། ལྷག་པར་ཉེ་དུས་བློ་སེང་ཁོ་རང་གིས་ཨ་རིར་དྲིན་ལན་ཆད་ཡོད་ཟེར་བའི་སྐད་ཆ་དེ་ཚོར་གཟབ་ནན་བྱེད་དགོས་པ་ཞིག་རེད། སྐད་ཆ་འདིས་རྒྱ་ནག་ཙམ་མ་ཟད་རྒྱ་གར་ལའང་དོགས་པ་བསྐྲུན་ཡོད་རེད། བཙན་བྱོལ་བོད་མིའི་སྲིད་དོན་གནས་སྟངས་ཤེས་མཁན་ཞིག་དང་ལྷག་པར་རྒྱ་གར་ནང་སྐྱེ་འཚར་བྱས་པ་ཞིག་གི་ངོས་ནས་བཤད་ན། དྲིན་བགྲང་ས་དེ་རྒྱ་གར་གཞུང་དང་༸གོང་ས་མཆོག་ཡིན་དགོས། ད་རྒྱ་གར་གྱིས་ག་རེ་དྲན་གྱི་རེད།
སྙིང་པོ་བསྡུས་ནས་བཤད་ན། ༸གོང་ས་མཆོག་གིས་ཐུགས་ནུས་ཡོད་རྒུས། ལམ་གསར་པ་ཞིག་བཟོས་པ་དེ། བློ་སེང་གི་བསམ་གཞིགས་ནན་ཏན་མེད་པའི་བྱིས་སྤྱོད་ཀྱིས་བཀའ་བློན་ཁྲི་པའི་ཁྲི་ལ་འཁོད་མིན་ངེས་པ་མེད་པའི་སྐབས་དུས་དེ་རང་ནས་སྤྱིར་བཏང་འཕྲོ་བརླག་བཏང་ཚར་བ་འདྲ་ཞིག་ཆགས་སོང་། གང་དྲག
དེ་ནས་ཅོ་རི་ཉི་མས་བཤད་པ་དེ་ཚོར་ཡང་གོ་བ་ལེན་རྒྱུ་ཆེན་པོ་འདུག གང་ལྟར་ཆབ་སྲིད་ཅེས་པ་དེ་གཏིང་གནག་པོ་རེད།
ཧ་ཧ་ཧ་འདི་ནི་རྒྱ་ནག་གཞུང་བློ་བཟང་སངྒེ་ལ་སྐྲག་གི་ཡོད་པའི་རྣམ་པ་གསར་པོ་ཞིག་ལྟོན་པ་རེད།
ད་དྲ་འབུ་སུའི་ཕྱོགས་ལྷུང་ཡིན་མིན་རྟོགས་དཀའ་བའོ།
གངས་ཆབ་ལགས། ཁྱེད་ཀྱིས་ང་ལ་ཆོལ་ཁའི་ཕྱོགས་ལྷུང་ཅན་གྱི་མི་སྣ་ཅོ་རི་ཉི་མ་ལབ་འདུག་ཀྱང་ངས་རང་ངོས་ནས་ཆོལ་ཁ་སུ་ཡི་ཕྱོགས་སུ་ང་རང་ལྷུང་ཡོད་པའང་མ་ཤེས། མདོ་སྟོད་ཀྱི་ཕྱོགས་སུ་ལྷུང་ཡོད་ན་མདོ་སྟོད་མི་ཞིག་རྒྱབ་རྩ་བྱས་ཀྱི་ཡོད་མདོག་ཁག་པོ་རེད། དེ་འདྲ་ནི་ཅང་ལབ་ཀྱི་ཡོད་པས། དབུས་གཙང་ཆོལ་ཁའི་ཕྱོགས་སུ་ལྷུང་གི་འདུག་ལབ་ན་ང་རང་ཁམས་པ་གཙང་མ་གཙང་རྐྱང་ཞིག་ཡིན།་་་ཧཧཧཧཧཧ
ཕྱོགས་ལྷུང་ཞེས་པའི་མིང་ཚིག་འདི་ང་ཅོ་རིའི་མགོ་ཐོག་ཏུ་བཞག་འོས་པའི་ཚིག་གཅིག་མ་རེད།
འོས་བསྡུའི་སྐབས་སུ་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་བཤད་སོང་། དངོས་མིང་ཡོད་མེད་དང་དངོས་ཡོད་ཡིན་མིན་ལ་མ་བལྟས་པ་གོ་རྒྱུ་མང་པོ་ཞིག་བྱུང་།
བློ་སེང་གི་སྐོར་དུ་འོས་བསྡུའི་འགྲོ་མགྲོན་ཡོང་ཁུངས་གསལ་པོ་མི་འདུག་ཞེས་མང་པོ་བཤད་སོང་། ཁྱེད་ཀྱིས་ཀྱང་ཤེས་ཡོད་ཆ་ཡིན། འགྲོ་མགྲོན་གྱི་ཡོང་ཁུངས་ཐད་ཝན་ནས་རེད་ཞེས་མིང་ལྷག་གི་འོག་ནས་མཆན་བུ་འདྲ་མིན་བསླེབས་སོང་།
རྒྱ་དམར་གོང་ཁྲན་གཞུང་གིས་བློ་སེང་ལ་ཆོག་ཅན་སྤྲད་ནས་རྒྱ་ནག་ཏུ་མགྲོན་འབོད་བྱས་ཡོད་པ་དངོས་ཡོད་རེད། དེང་སང་འཇིགས་སྐུལ་དྲག་སྤྱོད་པ་རེད་ཞེས་ལབ་མདོག་བྱས་ཀྱི་འདུག
ཐད་ཝན་གྱི་གསར་ཤོག་ཁག་ཏུ་བློ་སེང་གི་སྐོར་བཤད་ཀྱི་ཡོད་པ་རེད་འདུག འོས་མིའི་འགྲོ་མགྲོན་གསལ་པོ་བཟོ་རོགས་བྱོས་ཞེས་བོད་མི་མང་པོས་རེ་བསྐུལ་བྱས་སོང་། ཡིན་ནའང་ཁ་གསལ་གང་ཡང་གནང་མ་སོང་།
དེ་དག་གི་ཐོག་ཏུ་གནས་ཚུལ་གཅིག་ཀྱང་མེད་པ་རེད་པས།