མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་སེང་ལ་རྒྱ་ནག་གི་ཁ་རྡུང་།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་འབྲེལ་གསར་གནས་མི་དམངས་ཉིན་རེའི་ཚགས་པར་སྟེང་།  ༼ དྲག་སྤྱོད་མི་སྣས་བཙན་བྱོལ་བོད་གཞུང་གི་སྣེ་འཁྲིད་པར་གྲ་སྒྲིག་བྱེད་བཞིན་ཡོད་དམ༽ཞེས་པའི་རྩོམ་ཞིག་སྤེལ་ཏེ་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་སུ་ཉེས་འཛུགས་དང་ཁ་རྡུང་བཏང་འདུག 

རྩོམ་ཡིག་དེའི་ནང་བློ་བཟང་སེང་གེ་ལགས་ནི་དེ་སྔ་གཞོན་ལྷན་གྱི་རྒྱུན་ལས་ཡིན་ལ།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་དྲག་སྤྱོད་རྩ་འཛུགས་ཤིག་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན། བོད་ཀྱི་མི་རབས་གསར་པས་བཙན་བྱོལ་བོད་གཞུང་གི་དབང་ཤུགས་བཟུང་ཚེ།  མ་འོང་པར་དྲག་སྤྱོད་ཀྱི་རྣམ་པའི་ཐོག་ནས་བོད་རང་བཙན་རྩོད་སྲིད་པར་མ་ཟད། བོད་ནང་དུ་མུ་མཐུད་ངན་བྱུས་དང་འཁོན་འཛིན་གྱི་ས་བོན་གཏོར་སྲིད་པའི་སྐོར་བརྗོད་ཡོད་པ་རེད། 

གོང་གསལ་རྒྱ་ནག་གི་གཏམ་བརྗོད་དེའི་ཐད། བློ་བཟང་སེང་གེ་ལགས་ཀྱིས་གསར་ལམ་ཁག་ཏུ་བརྗོད་རྒྱུར།  རྒྱ་ནག་དམར་གཞུང་གིས་བཤད་སྟངས་འདི་ལས།  ཁོ་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཡང་དག་པའི་དམངས་གཙོའི་ལམ་ལུགས་ལ་འཇིགས་སྣང་སྐྱེ་བཞིན་ཡོད་པ་གསལ་བོར་མཚོན་ཡོད། ཅེས་ལན་འདེབས་གནང་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 65

  1. ཇ་མ་ says:
    ལོ་ 14 སྔོན།

    བློ་སེང་ལ་རྒྱ་ནག་གི་ཁ་རྡུང་བཏང་བ་དེ་རྒྱ་ནག་བློ་སེང་ལ་སྐྲག་གི་ཡོད་པ་རེད། ཡིན་ནའང་བོད་པ་ལས་ངན་ཚོ་བློ་བཟང་སེང་གེ་ལགས་བཀའ་ཁྲིར་བཞུགས་པའི་སྐལ་བ་ཡོད་མེད་གང་ཤེས།

    Reply
  2. གངས་ཆབ། says:
    ལོ་ 14 སྔོན།

    ད་རས་བཙན་བྱོལ་དུ་ཡོད་པའི་ཆོལ་གསུུམ་མི་མང་ནས་ཕྱོགས་ལྷུང་ཅན་གྱི་མི་སྣ་དག་གི་རྗེས་སུ་མ་སོང་ནས་དྲང་ལྡན་ཐོག་ཕྱོགས་ལྷུང་སྤང་ནས།བཀའ་ཁྲིར་འོས་འདེམས་ཡག་དག་ཞིག་བྱེད་འདུག་པ་འདི་ནི།ང་ཚོ་བཙན་བྱོལ་བོད་མི་ཚང་མས་མངགཙོའི་འགན་དབང་ལོངས་སུ་སྤྱོད་ཐོབ་པར་ནི་དགའ་འོས་པ་ཞིག་དང་གྲུབ་འབྲས་རླབས་ཆེན་ཞིག་རེད།ཡིན་ཀྱང་ད་དུང་ཡང་ཆོལ་ཁའི་ཕྱོགས་ལྷུང་ཅན་གྱི་མི་སྣ་ཅོ་རུ་ཉི་མ་ལྟ་བུ་ཁག་གཅིག་གིས་ལྟ་བ་ནམ་མཁའ་རུ་མཉམ་ཀྱང་མཛད་སྤྱོད་ཀུན་ལ་མི་ལྟ་བར་བོད་མི་མང་གི་ཡིད་ཆེས་དང་།བློ་གཏད་བཅོལ་ས་མཁས་དབང་བློ་བཟང་སེང་གེ་ལྟུ་བུ་ལ་སྡང་སེམས་ཁོ་ན་ལས་མ་འདས།དེ་འདྲ་སོང་ཙམ་ཚང་མས་ཁོས་བྱེད་སྟངས་ལ་ཞིབ་དཔྱད་ཡག་པོ་ཞིག་མ་བྱེད་པ་ཡིན་ན།ཡག་རྟགས་ཤིག་གཏན་ནས་མི་འདུག

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ཡ་ཡ་ཨ་རོ་བློ་དགའ་ལགས་
    ཁྱེད་ཀྱི་གསུངས་བཞིན་པས་བློ་སེང་སྲིད་གཞུང་ཟེར་པ་དེ་རྒྱལ་ཁབ་གང་ཞིག་རེད་

    རང་རློམ་མམ་ཤ་ཞེན་སྐམ་པོ་ཞིག་གི་འདི་ལྟར་སྨྲས་ན་ངའི་སེམས་ངོག་གི་ཁྱེད་འགྱུར་འདུག
    ཆོ་མེད་རང་རེད

    Reply
  4. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ལྷ་སྲིན་གྱི་བུ་ལགས། སྐད་ཆ་རྫབ་ཆེན་དེ་འདྲ་མ་ཤོད། གཅིག་ལ་འོས་ཐོབ་ན་དེ་དྲང་བདེན་དང་། གཞན་གཉིས་ལ་ཐོབ་ན་ཕྱོགས་ལྷུང་རེད་ཟེར། འོ་ན་ཁྱོད་རང་གི་དམིགས་ཡུལ་ངོ་མ་གོང་བུ་གཅིག་ཏུ་བསྒྲིལ་བའི་མདོ་དབུས་ཁམས་གསུམ་ཁ་བྲལ་གཏོང་མཁན་གྱི་སོ་པ་ཞིག་ཞིག་་མ་ཡིན་པའི་ངེས་པ་མིན་འདུག འོས་སུ་ལ་ཐོབ་ཀྱང་དེ་མང་གཙོའི་འགྲོ་སྟངས་རང་གི་ཐོག་ནས་བདམས་པ་རེད་མ་གཏོགས་ཆོལ་ཁ་གཅིག་ལ་འོས་བླུགས་ཆོག་པ་དང་། གཞན་གཉིས་ལ་འོས་བླུགས་མི་ཆོག་པ་དེ་མ་རེད། 

    Reply
  5. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    གྲོགས་པོ་སྲིན་བུ་ལགས། དངོས་གནས་རེད། མི་རིགས་ཀྱི་ལས་དོན་ཆེ་སར་ཐུག་དུས་ཞེན་ཁོག་སྤང་ཐུབ་པའི་རྣམ་པ་ཞིག་མངོན་འདུག དེ་ཡང་རེ་བ་བྱེད་ས་ཞིག་མ་རེད་པས། ཨ་་་་་

    Reply
  6. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བློ་སེང་ལགས་སུ་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ་འདི་ནི་བོད་མི་རིགས་ཀྱིས་བློ་སེང་ལགས་སུ་ཡིད་ཆེས་ཐོབ་ཆེད་དུ་ཡིན་པའི་ཟོལ་འདྲ་པོ་འདུག
    དགྲ་དམར་པོས་ཁ་རྡུང་བཏང་སྟངས་དང་བུ་བློ་སེང་མཛའ་འབྲེལ་ཆེ་ལུགས་གཉིས་གང་ལ་བལྟས་ཀྱང་ཡག་རྟགས་ཤིག་མི་འདུག་སྙམ།

    Reply
  7. ལྷ་སྲིན་གྱི་བུ། says:
    ལོ་ 14 སྔོན།

    ད་ཐེངས་ཆབ་སྲིད་པ་དང་་་་ཕྱོགས་རིས་འཐེན་འཁྱེར་གྱི་་་་རླུང་འཚུབ་ཅི་ལྟར་རྒོད་ཀྱང་་་་ཆར་རླུང་ཇི་ལྟར་འཚུབ་ཀྱང་་་་་བློ་སེང་་་་ལ་རྒྱལ་ཁ་འཐབ་པའི་གཏམ་བཟང་ཞིག་གསང་ལམ་བར་ནས་་་་གླེང་བཞིན་འདུག་་་་གལ་སྲིད་བདེན་པ་ཡིན་ན་་་མི་མང་གིས་དྲང་བདེན་བྱས་ནས་འོས་བླུགས་ཡོད་པའི་རྟགས་རེད་་་བློ་སེང་ལ་རྒྱལ་ཁ་འཐོབ་ན་་་བོད་མི་རིགས་ཀྱི་རྩ་དོན་ལ་རེ་ཞིག་ཡོད་སྲིད་་་་འོས་མི་གཞན་པ་གཉིས་འཐོབ་ན་ཆུ་དཀྲུག་ན་མར་གང་ཡང་ཐོན་མི་སྲིད་པ་བཞིན་རེ་བ་གང་ཡང་མེད།

    བློ་སེང་ལ་རྒྱ་ནག་གི་ཁ་རྡུང་བཏང་བ་དེ་བློ་སེང་གི་གཟི་བརྗིད་ཞིག་རེད།

    Reply
  8. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    གྲོགས་པོ་དོན་བཀྲ་ལགས། ཉིན་འགའི་སྔོན་གྱི་དུས་བབ་སྐྱར་གསོའི་བྱ་བཞག་དང་ངེས་པར་དུ་གནང་དགོས་པའི་ཐད་ཀའི་ལན་འདེབས། མཆན་མཁན་ཚོའི་ལག་ལེན་ཁྲོད། དུས་ཚོད་རིང་པོར་འགུལ་དཀྱོག་མེད་པར་བསྡད་ན། ནང་འཛུལ་རང་བཞིན་གྱིས་ཕྱིར་ཕུད་ཆགས་འགྲོ་ལ། དེ་དང་མཉམ་དུ་མཆན་བུ་འདེབ་མཁན་ཚོའི་དཔྱད་གཏམ་ཡང་རྨེག་མེད་ཆགས་འགྲོ་ཉེན་ཡོད་སྟབས། ཞེས་སོགས་ཀྱི་བླང་བྱ་དང་དུས་ལྟར་གཏོང་ངེས་ཡིན། ཞེས་ཐུགས་དམ་སྐྱར་འདེབས་གནང་བ་བཅས་ལ་ཐུགས་རྗེ་རྗེས་དྲན་ཏེ། བོད་ཀྱི་དུས་བབ་ནི་བོད་ཀྱི་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད་པས། ཁྱེད་རྣམ་པའི་ཧུར་བརྩོན་དང་འཆོང་སེམས་ལ་བསྔགས་བརྗོད་ཞུ།

    Reply
  9. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ལགས། ངེས་པར་དུ་མཁྱེན་པར་བྱ་དགོས་པ་ཞིག་ལ། ཉིད་ཀྱིས་གོང་དུ་བཤད་པའི་མཆན་དེ་འདྲ་ཞིག་དུས་བབ་ཀྱི་དབུས་དོ་དམ་ལྟེ་གནས་སུ་འབྱོར་མ་སོང་ལ། གལ་སྲིད་དེ་འདྲའི་མཆན་བུ་ཚ་ནན་ཞིག་བཏང་ཡོད་ན། དགའ་བསུ་ཞུ་རྒྱུ་ལས་རྩོམ་སྒྲིག་པས་བཙན་འགོག་མཐར་སྐྱེལ་བྱ་དགོས་པའི་རྒྱུ་མཚན་གཅིག་ཀྱང་ཞུ་རྒྱུ་མེད་པས་དུས་ལྟར་གཏོང་ངེས་ཡིན།

    ཨོ་་་་་་་་་ད་དུང་སེར་སྨད་བློ་དགའ་གཙོས་པའི་མཆན་བུ་འདེབ་མཁན་དག་ལ་གསལ་འདེབས་ཞུ་རྒྱུ་ཞིག་ལ། དུས་བབ་དྲ་རྒྱར་ནང་འཛུལ་བྱས་རྗེས་དུས་ཚོད་རིང་པོར་འགུལ་དཀྱོག་མེད་པར་བསྡད་ན། ནང་འཛུལ་རང་བཞིན་གྱིས་ཕྱིར་ཕུད་ཆགས་འགྲོ་ལ། དེ་དང་མཉམ་དུ་མཆན་བུ་འདེབ་མཁན་ཚོའི་དཔྱད་གཏམ་ཡང་རྨེག་མེད་ཆགས་འགྲོ་ཉེན་ཡོད་སྟབས། ཐོག་མར་ཤོག་ངོས་ word ནང་ལ་གཏགས་ཏེ། གཞི་ནས་དུས་བབ་དྲ་རྒྱར་ནང་འཛུལ་བྱས་ཏེ་ཐད་ཀར་སྤེལ་བ་ཡིན་ན་ལེགས་འགྲུབ་འབྱུང་བ་བ་མ་ཟད། རང་ཉིད་ཀྱི་དཔྱད་གཏམ་གྱི་མ་ཡིག་ཀྱང་ཉར་ཚགས་ཐུབ་པས་ན། མཆན་བུ་འདེབས་མཁན་ཡོངས་ཀྱིས་དེ་དོན་དགོངས་འཇགས་འཚལ།

    དུས་ཚོད་བྱུང་ན་འདིའི་སྐོར་ཟུར་དུ་གསལ་བཤད་ཅིག་འབྲི་དགོས་བསམ་ཡོད།

    Reply
  10. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་ལགས། ངེས་པར་མཁྱེན་པ་དགོས་པ་ཞིག་ལ། བློ་སེང་སྲིད་གཞུང་ལ་ཧོ་ཅིན་ཐའོ་སྲིད་གཞུང་གིས་རྒོལ་བརྡུང་བཏང་བར། བློ་སེང་སྲིད་གཞུང་གིས་ཐད་ཀར་ལན་འདེབས་ཚ་ནན་བཏང་བ་དང་འབྲེལ་བའི་བསམ་ཚུལ་ཐུང་ཐུང་ཞིག གསར་འགྱུར་འདིའི་མཆན་ཐོག་མའི་གྲས་སུ་བཀོད་ཡོད་ཀྱང་། བཙན་བཀག་མཐའ་སྐྱེལ་གནང་བཟོ་འདུག་པས་དེའི་སྐོར་གསལ་བཤད་ཅིག་བྱེད་རོགས།

    Reply
  11. གངས་སྨྱུག says:
    ལོ་ 14 སྔོན།

    གསར་འགོད་པ་ཚེ་རིང་རྒྱལ་ལགས། ཁྱེད་ཀྱིས་མཁས་དབང་བློ་བཟང་སེང་གེ་ལ་རྟག་ཏུ་༼བློ་སེང་༽ལས་མི་ལབ་པའི་རྒྱུ་མཚན་གང་ཡིན་ནམ། ཁྱེད་ཀྱིས་ཁོང་ལ་ཆེད་དུ་དམད་པ་ཡིད་ནམ་ཡང་ན་རྒྱུ་མཚན་གཞན་ཞིག་ཡོད་ནམ། ངས་བལྟས་ན་ཁོང་ནི་ཡོང་བཞིན་པའི་བཀའ་བློན་ཁྲི་པ་ཡིན་པ་དང་མ་ཟད་རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཁས་པ། རྩོད་མེད་ཡོངས་གྲགས་ཀྱིས་ཧ་ཝལ་ཌ་གཙུག་ལག་སློབ་གཉེར་ཁང་ནས་ཐོན་པའི་རང་རིགས་ཀྱི་ན་གཞོན་མཁས་དབང་། ལྷག་བསམ་དང་སྙིང་སྟོབས་བླ་ན་མེད་ཅིང་མི་རིགས་ཀྱི་ལ་རྒྱ་ཁོང་དུ་སྦྲུམ་པའི་དཔའ་བོ་ཞིག་རེད། སླད་ཕྱིན་བརྗོད་བྱ་དང་རྗོད་བྱེད་གང་ལ་གང་འཚམ་པ་ཞིག་བཀོད་རོགས་གནང་ཞེས་སྙིང་ནས་རེ་སྐུལ་ཞུ།
    གངས་སྨྱུག་ནས།

    Reply
  12. གངས་ཆབ། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་བོད་མི་རིགས་ལ་མང་གཙོ་ཡང་དག་པ་ཞིག་གསོལ་རས་གནང་ཡོད་པ་འདི་དང།བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་སྐབས་གསུམ་པའི་བཀའ་ཁྲིའི་དངོས་གཞི་འོས་འདེམས་གྲུབ་མ་ཐག་རྒྱ་གཞུང་སྙིང་རྩ་འདར་ནས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཉེས་མེད་ཉེས་འཛུགས་དང་སྐྱོན་བརྗོད་བྱེད་འདུག་པ་འདི་ནི།འདབ་གཤོག་གཉིས་ལྡན་གྱི་མཁས་དབང་ཁོང་གི་གཟི་བརྗིད་ཅིག་ཡིན་པར་སྨོས་མི་དགོས།
    ལྷར་པར་དུ་ཉིན་ཤས་ནང་འཛམ་གླིང་གང་སར་མཁས་དབང་ཁོང་གི་མཚན་སྙན་གསར་ཤོག་དང་དུས་དེབ་སོགས་གང་སར་ཁྱབ་ཀྱིན་ཡོད་པ་འདི་ནི།ང་ཚོས་བོད་མི་ཡོངས་ཀྱི་གཟི་བརྗིད་ཅིག་ཏུ་བགྲང་ཆོག
    དེ་བརྟེན་ད་རས་བོད་མི་ཤེས་ལྡན་མི་མང་རྣམས་པས་ཁོང་ལ་རྒྱབ་སྐྱོར་གནང་སྟངས་རྩ་བ་ཉིད་ནས་ནོར་མི་འདུག་པ་ལགས་ན་མཚམས་འདྲི་བཀྲིས་བདེ་ལེགས་ཡོད་པ་ཞུ།

    Reply
  13. ལྷ་སྲིན་གྱི་བུ། says:
    ལོ་ 14 སྔོན།

    བློང་སེང་རྒྱ་ནག་གི་ཁ་རྡུང་བཏང་བ་ཙམ་གྱིས་བློ་སེང་ལ་ནུས་པ་ཕྲིར་འདོན་བྱས་པ་རེད།

    དེ་ནི་གཟི་བརྗིད་ཅིག་རེད་་་་་་་་དེ་ནི་གཏམ་བཟང་ཞིག་རེད་་་་

    བློ་སེང་གིས་མི་རབས་གསར་པ་སྣེ་ཁྲིད་ཡོང་ཡོང་དུས་རྒྱ་ནག་གི་སེམས་ལ་ཞེད་སྣང་ཞིག་སྐྱེ་བཞིན་ཡོད་པའི་རྟགས་ཕྲིར་མངོན་པ་རེད།

    ཀི་་་་ཀི་་་བསོ་་་་་་བསོ་ལྷ་རྒྱལ་ལོ་་་མཁས་དབང་བློ་སེང་རྒྱལ་ལོ་་་་བོད་ཀྱི་རྩ་དོན་རྒྱལ་ལོ་་་བློ་སེ་ངལ་རྒྱལ་ཁ་འཐོབ་ན་བོད་མི་རགས་ལ་རེ་བ་ཞིག་ཡོད།

    Reply
  14. རྒྱལ་བསྟན། says:
    ལོ་ 14 སྔོན།

    མཆན་བུ་འདེབས་མཁན་མང་ཆེ་བ་ཞེན་ཁོག་ཙམ་ལས་དོན་ལ་བསམ་བློ་གཏང་མཁན་ཞིག་རེད་མི་འདུག
    རྒྱ་མིས་ཁ་རྡུང་ཤག་ཟེར་བ་ཙམ་གྱིས་ཡར་འཐེན་མར་འཐེན་གྱི་མཆན་བུ་མང་ཐག་སྟབས་འདུག
    དོན་དེ་ངོ་མ་ཡིན་ན་ཚགས་པར་གྱི་དྲྭ་རྒྱའི་ཁ་བྱང་འདིར་ཞག་རོགས་གནང་། དེ་མིན་ཡིད་ཆེད་ཀྱི་མི་འདུག ཁ་རྡུང་བཏང་མཁན་དེ་གསར་འགོད་པ་ཚེ་རིང་རྒྱལ་ཁོ་རང་ཡིན་པའི་དྭོགས་པ་ཡོད།

    Reply
  15. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    རྒྱ་མིའི་སྐད་ཆ་དུམ་བུ་གཅིག་ཀྱང་ལུང་ཡིན་པ་འདྲ་བོ་བརྩི་གིན་འདུག འོ་ན་ཁོ་ཚོས་བོད་རང་བཙན་མ་རེད་ཟེར་ཀྱིན་ཡོད་པ་རེད། དེ་ལ་ཡང་ཆ་འཇོག་གནང་གི་ཡིན་པས། སོ་སོའི་སེམས་ལ་སྒེར་ཚུགས་ཐུབ་པའི་ལྟ་བ་གཅིག་མ་མཐར་ཡང་དགོས་པ་རེད། ཕར་ནས་གཅིག་བཤད་པར་ཉན། ཚུར་ནས་གཅིག་བཤད་པར་ཉན། མདོར་ན་དགོན་པའི་ཇ་ཡང་མ་རག ཞོལ་གྱི་ཐུག་པའང་མ་རེག་པའི་ཉེན་ཁ་འདུག གོང་ཚིག་དུམ་འདི་ནི་ཆབ་སྲིད་ཀྱི་གཡོ་ཇུས་ཙམ་ཞིག་ལས་དོན་དུ་རྒྱ་དམར་གྱི་ངན་ཇུས་ག་རེ་གདིང་གིན་ཡོད་པ་ཤེས་པ་བྱ་དགོས། 

    Reply
  16. མངའ་རིས་བུ། says:
    ལོ་ 14 སྔོན།

    བཀའ་ཁྲི་སྐོར་ལ་ད་ལྟ་བྱུས་གཏོགས་མི་འདུག་ཚར་ཚར་བ་རེད།
    ལས་འཆར་ཚོགས་ཆུང་ཞིག་བཙུགས་འདུག
    དེ་ཡིས་༧གོང་ས་མཆོག་ལ་གསོལ་འདེབས་སླར་ཡང་ཞུ་འཆར་རེད་འདུག
    དེ་ཡིས་མ་འཐུས་ན་གཞུང་མང་ཚོགས་ནས་གསོལ་འདེབས་ཤིག་རྩོམ་འཆར་འདུག
    ད་ལྟ་ནས་གསོལ་འདེབས་ཇི་ལྟར་རྩོམ་གྲྭ་སྒྲིགས་གནང་རོགས།

    Reply
  17. སྟག་ཕྲུག says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེའི་ནུས་ཤུགས་དངོས་གནས་ཆེན་པོ་རེད། བཀའ་ཁྲིའི་འོས་མིར་བཞེངས་པ་ཙམ་གྱིས་སྲིད་དབང་གཅིག་སྡུད་ཅན་གྱི་རྒྱ་ནག་དམར་གཞུང་ལ་གཡོ་འགུལ་གཏང་བྱུང་།

    Reply
  18. tinpugyatso says:
    ལོ་ 14 སྔོན།

    ལུང་རྟོགས་ལགས་ཁྱོད་རང་བློ་འཚབ་མ་གནང།  རྟ་བོར་རྒྱུག་རྒྱུ་ཡོད་ན་བྱང་ཐང་སྟོང་པར་རེད་ཟེར་བའི་དཔེ་ལྟར་ད་རེ་འོས་བསྡུས་རྒྱལ་ཁ་བློ་སེང་ལ་ཐོབ་ཀྱི་རེད།

    Reply
  19. tinpugyatso says:
    ལོ་ 14 སྔོན།

    རྒྱ་ནག་གི་ཁ་རྡུང་བྱེད་པ་ནི་མི་ཙམ་མ་ཡིན་པར་ས་འོག་གི་འབུ་སྲིང་ལ་ཡང་གཏོང་གི་ཡོད་པ་རེད།

    Reply
  20. tinpugyatso says:
    ལོ་ 14 སྔོན།

    རྒྱ་ནག་གི་ཁ་རྡུང་བ་ནི་མི་ཙམ་མ་ཡིན་པར་འབུ་སྲིང་ལ་ཁ་རྡུང་མཐོང་ཡོད་པ་རེད།

    Reply
  21. ལུང་རྟོགས། says:
    ལོ་ 14 སྔོན།

    མཁས་དབང་བློ་སེང་ལགས་ལ་འོས་བསྡུས་རྒྱལ་ཁ་མ་ཐོབ་ན། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མི་རིགས་འདི་མུན་འཐོམ་རྗེས་ལུས་ཀྱི་བསམ་བློ་ཅན་ལ་ལྟ་རྒྱུ་ཡིན་པ་གསལ་པོ་ཆགས་འདུག མི་རིགས་འདི་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམ་ཆོད་མཁན་གྱི་མི་རིགས་ཤིག་མིན། དྲ་འབུ་མང་པོས་ཁོང་ལ་ཁྱི་ཟུག་ཟུག་གིས་གཞི་མེད་སྐྱོན་བརྗོད་བྱས་སོང་ང་།

    Reply
  22. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    འདི་ནི་ང་ཚོའི་གཟི་བརྗིད་ཀྱི་དཔའ་དར་རེད། འདི་ནི་ང་ཚོའི་དམངས་གཙོ་བོའི་སྤོབས་པ་རེད། བློ་སེང་མཆོག་བཀའ་ཁྲི་རུ་མ་ཕེབས་གོང་ནས་རྒྱ་མིའི་སྙིང་རྩ་ལྐོག་མར་འབྱིན་པར་གྱུར་བ་ནི་འུ་ཚང་དམངས་གཙོ་དེ་དོན་དངོས་ཀྱི་དམངས་གཙོ་ཡིན་པ་མཚོན་གྱི་ཡོད། རེ་བ་ཅན་གྱི་བཀའ་ཁྲི་འདི་ཉིད་བཀའ་ཁྲིའི་སྟེགས་བུ་རུ་མ་སླེབས་གོང་ནས་རྒྱ་དམར་གྱི་སྙིང་རྩ་འདར་གྱིན་འདུག ང་ཚོའི་མི་རབས་གསར་བའི་མཚོན་བྱེད་ཁོང་ལ་དངོས་བཀའ་ཁྲི་གཞན་དང་མི་འདྲ་བའི་སྟོབས་ཤུགས་ཤིག་ཡོད་པ་མཚོན་གྱི་ཡོད། འདི་ལྟ་བུའི་རྒྱལ་ཁ་ཞིག་གིས། ང་ཚོ་ནང་ཁུལ་གྱི་བཀའ་ཁྲིའི་རྩོད་གླེང་ངམ་བགྲོ་གླེང་བ་དེ་དག་ལ་ཡང་ཞར་དུ་རྩོད་མེད་ཀྱི་འགྲམ་ལྕག་ཅིག་གཞུས་ཟིན་པ་ཡིན། དངོས་གནས་ཡིད་དགའ་བའི་གནས་ཚུལ་ཞིག་རེད་ཨང་།

    Reply
  23. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    རྒྱ་གཞུང་ལ་དགོས་པའི་༧རྒྱལ་བའི་ཡང་སྲིད་ནི་བོད་པ་ཚང་གི་རྒྱལ་སྤྱིའི་མཁས་དབང་བློ་སེང་རེད་འདུག། ཕྱོགས་རེས་ཀྱི་རླུང་ཚུགས་མེད་ན་ཁོང་ལས་ལྷག་པའི་མི་བུ་ཞིག་བཀའ་ཁྲི་བརྙེད་དཀའ་བ་ནི་དངོས་ཡོད་ཡིན།

    Reply
  24. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    དེ་རིང་བཀའ་ཁྲི་འོས་བསྡུ་འདིར་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་རང་བཙན་ཡོད་པའི་རྒྱལ་ཁབ་ཞིག་ལས་དོ་སྣང་མང་བ་དང་དམིགས་བསལ་བཀའ་ཁྲི་འོས་མི་བློ་སེང་གི་སྐོར་རྒྱལ་སྤྱིའི་གསར་མགོད་པ་ཚོའི་ཨོམ་རྦ་མ་གཉིས་པ་ལྟར་བུའི་དོ་སྣང་གནང་ཡོད་ལ་དེ་བཞིན་རྒྱ་གཞུང་གི་ཀྱང་སྐུ་དྲག་གི་ཁྱིམ་རྒྱུད་བཀྲས་མཐོང་དང་ཉམས་མྱོང་ཆེ་བའི་སྐུ་ངོབཀྲེས་དབང་འདུས་གཉིས་ལ་དོ་སྣང་དང་སེམས་ཚབ་མ་གནང་བ་མཁས་དབང་བློ་སེང་ལ་དེ་འདྲའི་དོ་སྣང་གནང་དགོས་དོན་ཅི་ཡིན་ནམ་། དྲངས་པོ་བཤད་ན་བོད་ཀྱི་དུས་བབ་དྲ་ཚིགས་འདིའི་ནང་ཐེངས་མང་ཁང་གསར་རྡོ་རྗེ་ཟེར་བ་དང་སྐྱེས་གསར་ཀླུ་སྒྲུབ་འབོད་མཁན་ཨམ་ཕྲུག་ནུས་མེད་འགས་བཀྲས་མཐོང་གཉིན་འབྲེལ་ཡིན་པའི་འཇམ་ནོའི་ཁ་ལ་ཁྱི་བཞིན་རྒྱུགས་དེ་ཉེས་འཛུགས་དང་པོ་དེ་བྱས་སོང་། འདི་རྒྱ་ནག་གཞུང་གི་ལམ་ཕྱོགས་དང་མཐུན་པའི་རིགས་ཞིག་ཡིན་དུས་དེ་དག་ལ་མ་འོངས་དོགས་གནས་གནང་འོས་པ་རེད་སྙམ།

    Reply
  25. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ངག་དབང་ནོར་བུ་ལགས་ང་སུ་ཡིན་མིན་གཙོ་བོ་མ་རེད་གཙོ་བོ་འདས་མ་ད་གསུམ་རྒྱ་དམར་གྱིས་ཆབ་སྲིད་ཀྱི་གཡོ་འཇུས་ལ་མགོ་བོ་འཁོར་རྒྱུ་མེད་ཞེས་ངས་གོ་བརྡ་སྤྲད་པ་ལས་ནང་ཁུལ་དཀྲུག་ཤིང་རྒྱག་གི་མེད་བཞེས་གསལ་སྟོན་བྱ་རྒྱུ་ཡིན། ནམ་ཀུན་ནས་རྒྱ་དམར་གྱི་རྒྱ་སྤྱིའི་སྟེང་ཐོག་མར་གླེང་གཞི་མེད་སར་གླེང་གཞི་བཟོས་ནས་མཐའ་ཤུགས་མེད་བཟོ་དང་བཟོ་བཞིན་པ་རྣམས་སེམས་ལ་ཉར་ནས་གདོང་ལེན་བྱ་ཐབས་ཀྱི་དགོངས་བཞེས་དགོས་པ་ལས་དགའ་བ་སྒོམས་པའི་དུས་ཚོད་དེ་བས་མ་རེད། ཡང་གཞན་ཞིག་བཤད་ན་མཁས་དབང་ཁོང་ལ་བཀའ་བློན་རེག་པ་ཡིན་ན་རྒྱལ་བོད་གྲོས་མོལ་ཟེར་བ་ཡོངས་ས་མེད་པ་ལྟར་བུ་ཆགས་བཞིན་ཡོད་པ་མཐོང་བཞིན་ཡོད་པ་མ་ཡིན་ནམ།

    Reply
  26. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    རྒྱ་ནག་མི་དམངས་སྲིད་གཞུང་ནི་འཛམ་གླིང་གི་འཇིགས་སྐུལ་དྲག་སྤྱོད་པའི་སྲིད་གཞུང་ཡིན་ཏེ། རྒྱ་ནག་གིས་འགྲོ་བ་མིའི་རིགས་ཀྱི་ཞི་བདེ་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་གཏོར་ཤིག་གཏོང་མཁན་གྱི་རྒྱལ་ཁབ་དང་ཚོགས་པ་ཚང་མར་ངན་སྐུལ་བྱས་ཏེ་ལྐོག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་དམངས་ཀྱིས་མངོན་སུམ་གྱིས་ཤེས་གསལ་ལྟར་ཡིན། སྐབས་སུ་བབ་པའི་དུས་ཤིག་ལ་རྒྱ་ནག་དྲག་སྤྱོད་པའི་སྲིད་གཞུང་ལ་རྒྱལ་སྤྱིའི་ཞི་བདེའི་དམག་དཔུང་དང་མཉམ་འབྲེལ་དམག་དཔུང་གིས་གཏོར་ཤིག་གཏོང་ངེས་ཡིན།

    Reply
  27. གངས་རླུང་། says:
    ལོ་ 14 སྔོན།

    ཡག་པོ་རེད། མ་འོངས་པའི་བཀའ་ཁྲི་སུ་ཞིག་ཡིན་ཀྱང་བོད་མི་སྲོག་རྩ་ལྟ་བའི་སྐད་དང་ཡི་གེ་གཉིས་ལ་གཅེས་འཛིན་བྱེད་རོགས་ཞུ་ཞུ།།།།།།།།།

    Reply
  28. གྲྭ་རྒོད says:
    ལོ་ 14 སྔོན།

    བློ་བཟང་སེང་གེ་ལ་རྒྱ་ནག་དབུས་གཞུང་གི་མཐོ་རིམ་མི་སྣ་ཞིག་གི་འདྲ་མིན་བཤད་པ་དེ་ཚོ་ང་ཚོའི་ངོས་ནས་དགའ་དགོས་པ་ཞིག་ཡིན་མིན་གང་ཤེས། དེ་ཚོ་ཁོང་ཚོ་དགའ་སྡིག་གང་ཡིན་ད་དུང་ཤེས་་དཀའ། འོན་ཀྱང་བློ་བཟང་སེང་གེ་བཀའ་ཁྲིར་འོས་ཐོབ་དགོས་པ་དེ་ང་ཚོ་ནོར་གཏན་ནས་མེད་ཟེར་ཆོག

    Reply
  29. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །བཟོད་པ་ལྷ་རྩེ་ཞུ་བ་ཁྱེད་རང་སུ་ཡིན་མི་ཤེས་ཏེ་གང་ལྟར་བློ་སེང་ལ་རྒྱ་གཞུང་ནས་ཉེས་མེད་ཉེས་འཛུགས་དང་ཁ་རྡུང་བཏངདགོས་ཤོར་བ་དེ་བསྟན་དགྲ་རྒྱ་དམར་སྐད་ངན་ཤོར་བས་རྟགས་མཚན་རེད། སྐད་ངན་ཤོར་དགོས་པ་བཟོ་ཐུབ་ན་ཕོ་ཁྱོ་ག་རེད། གཞན་མ་གཏོགས་ང་ཚོ་ནང་ཁུལ་ལ་སྐྱོན་ཀྱང་ཀྱང་དཀྲུང་ནས་བསྡད་ན་ཐབས་སྐྱོ་བོ་རེད།

    Reply
  30. ལུང་རྟོགས། says:
    ལོ་ 14 སྔོན།

    ད་རེས་བློ་སེང་ལ་འོས་བསྡུས་རྒྱལ་ཁ་མ་ཐོབ་ན་དེ་ནི་མི་རིགས་འདིའི་གྱོང་རྒུད་ཆེན་པོ་ཞིག་རེད། ང་ནི་བློ་འཚབ་སྐྱེ་བཞིན་ཡོད།

    Reply
  31. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ཡང་གཅིག་བཤད་ན། དེ་ནི་བློ་སེང་ལ་ཆེ་བསྟོད་སོགས་གང་ཡང་མ་ཡིན་པར་གཞིས་ལུས་མི་མང་ལ་འགོ་སྐོར་གཏོང་ཐབ་དང་བོད་ཕྱི་ནང་གཉིས་བར་དཀྲུག་ཤིང་བཟོ་བྱེད་ཀྱི་སྐད་ཆ་དུམ་བུ་ཞིག་རེད

    Reply
  32. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 14 སྔོན།

    དངོས་གནས་རེད་ད་རྒྱ་ནག་ཚང་མཁས་དབང་བློ་སེང་ལ་དྲག་གནོད་བྱེད་དགོས་པའི་དུས་ཀྱིས་ཤར་སོང་།

    Reply
  33. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    རྒྱ་དོག་པའི་འཕོངས། བོད་རེ་བའི་འཕོངས་ཟེར་བ་འདི་ཡིད་ལ་འཆར་ཡོང་གིན་འདུག

    Reply
  34. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 14 སྔོན།

    འཛམ་གླིང་ནང་དུ་སྟོབས་ཤུགས་ཆེའི་རྒྱལ་ཁབ་གཅིག་གི་བློ་སེང་ལ་ཁ་རྡུང་བཏང་བ་སྟེ་ཡང་རྒྱུ་མཚན་ཆེན་པོ་ཞིག་ཡོད་པ་རེད་ལ་བློ་སེང་ཁོང་རང་ཉིད་ཡིན་ན་ཡང་བོད་མི་རིགས་ཀྱི་གཟི་བརྗིད་རེད།

    Reply
  35. འཁྱམས་པོ། says:
    ལོ་ 14 སྔོན།

    གལ་སྲིད་བློ་སེང་རང་བཙན་གཙང་མའི་ལམ་དུ་འགྲོ་ན་དེ་ལ་དགའ་ནི་ཡིན།
    མ་རྒྱ་རྒན་ཚོར་བཀའ་ལན་ཡག་པོ་སྟབས་བདེ་ཞིག་བཏབ་འདུག བློ་སེང་ལ་བཀའ་དྲིན་ཆེ།
    རྒྱ་རྫུན་དེ་ཚོ་ཁོ་རང་ཚོས་དྲག་སྤྱོད་བྱེད་བཞིན་གཞན་ལ་དྲག་སྤྱོད་པ་ཞེས་བརྙད་འདོག་རྒྱུ་ནི་གསར་པ་གང་ཡང་མ་རེད།

    Reply
  36. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    བོད་རང་བཙན་རྩད་ཚེ་མ་འོངས་པའི་རྒྱ་ཕྲུག་དག་ལ་ལྟོ་རེག་གི་མ་རེད་བསམ་ནས་སེམས་ཁྲལ་ཡོད་པ་ཡིན་རྒྱུ་རེད། རྒྱ་དམར་འདི་མི་བཟང་ཟེར་ཡང་རྒྱ་རིགས་ལ་འདང་རྒྱབ་འདུག

    Reply
  37. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    གོང་གི་མཆན་འདེབས་པ་པོ་རྣམས་ནས་ཟབ་ནས་སྐད་ཆ་ཤོད་དགོས་པ་ཡིན་ཉེས་མེད་ཉེས་འཛུགས་བྱས་པས་དགའ་དགོས་ཞིག་མིན། དེ་ནི་བློ་སེང་ལ་བསྟོད་པ་བཏང་བ་ཞིག་མིན་ལ་གངས་ཅན་པའི་ཤེས་ཡོན་ཅན་ཞིག་ལ་ཉེས་མེད་ཉེས་འཛུགས་བྱས་པ་དགའ་བ་སྐྱེས་ཚུལ་ལ་བལྟས་ན་ཕྱི་ནང་མི་ཤེས་མཁན་བླེན་ལྐུག་ཁོ་ནའི་རྣམ་ཐར་མ་སྐྱངས་ན་ལེགས་པ་མེད་དམ།

    Reply
  38. རས་པ། says:
    ལོ་ 14 སྔོན།

    རེབ་གོང་བཀྲ་ཤིས་ལགས་ཀྱི་སྐད་ཆར་ཁུངས་མེད་ན་ཧ་ཅང་གི་རྫབ་ཆེན་རེད། འོས་བསྡུ་ཆེན་མོའི་སྐབས་ཁོང་ལ་འོས་ཤོག་འཕེན་འཁན་དག་གིས་ཉེས་འཛུགས་བྱེད་སྲིད་པ་ཞིག་རེད།

    Reply
  39. རས་པ། says:
    ལོ་ 14 སྔོན།

    དོན་དངོས་ཀྱི་གནས་ཚུལ་ལ་མང་དག་ཅིག་གོང་བསྒྲིགས་ནས་ལྟས་པ་ཡིན་ན་རྒྱ་ནག་གཞུང་བཙན་བྱོལ་བོད་གཞུང་གི་ཡང་དག་པའི་དམངས་གཙོའི་ལམ་སྲོལ་འདི་ལ་སྐྲག་སྣང་སྐྱེས་ཀྱི་ཡོད་པ་རེད།
    ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་དབང་རྩིས་སྤྲོད་ཀྱི་བཀའ་སློབ་ཕེབས་པ་ནས་རྒྱ་གཞུང་གིས་བཙན་བྱོལ་བོད་གཞུང་དང་བོད་ཀྱི་འཐབ་རྩོད་ཐད། སྐད་གཞན་ཞིག་རྒྱག་དགོས་བྱུང་ཡོད་པ་དང་། དེའི་ཐད་དེ་སྔ་ནས་གཞོན་ལྷན་དྲག་སྤྱོད་པ་རེད་ཅེས་ཁུངས་མེད་འཆལ་གཏམ་བཤད་པར་ཨུ་ཚུགས་རྒྱག་རྒྱུ་དྲན་འདུག
    ཕར་བལྟོས་ན་བཙན་བྱོལ་བོད་གཞུང་གི་འོས་བསྡུ་ཆེན་མོའི་རྗེས་སུ་རྒྱ་གཞུང་གི་རིགས་ལམ་བརྡར་མཁན་ཚོའི་ནང་ནས་རིག་ཡག་ཅིག་གི་གོ་གནས་གོང་དུ་འཕར་རྒྱུ་ཡིན་པ་ཐག་གིས་ཆོད།

    Reply
  40. མཁས་བཙུན། says:
    ལོ་ 14 སྔོན།

    བློ་སེང་གིས་དེ་སྔོན་གསུངས་པ་བཞིན་རྒྱ་ནག་གིས་གཙོས་འཛམ་གླིང་ལ་ཁོང་འོས་མིར་ཡང་བཞེངས་པ་ཙམ་གྱིས་བརྡ་ལན་ཤུགས་ཆེན་ཞིག་སྤྲད་འདུག་ག ཁོང་འོས་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་། འོས་མིར་བཞེངས་པས་ཀྱང་ང་ཚོར་སྤོབས་པ་གང་འཚམས་ཤིག་སྦྱིན་སོང་བས་ཁཽང་ལ་རྗེས་སུ་ཡིད་རང་ཞུ་དགོས།

    Reply
  41. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །རྒྱ་ནག་གཞུང་ནས་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་བྱས་པ་དེ་དང་གཅིག བཀའ་ཁྲིའི་འོས་མི་བློ་སེང་ལགས་ལ་ཉེས་འཛུགས་དང་ཁ་རྡུང་བཏང་བ་དེ་ང་ཚོའི་རྒྱལ་ཁ་རེད། བློ་སེང་བཀའ་ཁྲི་མ་ཆགས་གོང་ནས་རྒྱ་གཞུང་སྐད་ངན་ཤོར་ན་བཀའ་ཁྲིར་འཁོད་པའི་ཉི་མོ་དེར་རྒྱ་གཞུང་སྐྱག་པ་ཤོར་ངེས་རེད།

    Reply
  42. donglokyima says:
    ལོ་ 14 སྔོན།

    རྒྱ་ནག་དམར་ཤོག་དེ། སྟོབས་ཆེན་པོ་ག་ཚོད་ཡོད་ཀྱང་རྟག་པར་བཙན་བྱོལ་གཞུང་ལ་ལྐོག་ལྟ་ལྐོག་ཉན་བརྒྱབ་ཀྱིན་བསྡད།
    མ་གཞི་ཁག་མེད། བོད་དེ་མ་བདག་བདག་བཟུང་བྱས་ཙང་འཇུ་མི་ཐུབ་པའི་ཞེད་སྣང་དེ་ཡོད་ཡོད་པ་རེད།

    Reply
  43. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    དེ་ནི་བློ་བཟང་སེང་གེ་དང་བོད་ཀྱི་མ་འོངས་པའི་བཀའ་ཁྲིའི་གཟི་བརྗིད་ཅིག་ཏུ་འབྲེལ་ཆོག་ཆོག་རེད།

    Reply
  44. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་སེང་ལ་རྒྱ་ནག་གཞུང་གི་ཁ་རྡུངབཏང་བ་དང་མ་ཉེས་སྐྱོན་འཛུག་གནང་བ་ནི་ཧ་ཅང་བློ་ཕམ་ཆེ་།

    Reply
  45. ལྷ་སྲིན་གྱི་བུ། says:
    ལོ་ 14 སྔོན།

    ཀི་་ཀི་བསོ་་་བསོ་་་ལྷ་རྒྱལ་ལོ་་་་བློ་སེང་ལ་རྒྱ་ནག་དམར་པོ་འཇིགས་སྣང་སྐྱེ་བཞིན་ཡོད་པ་བསྟན་ཡོད་་་་བོད་མི་རིགས་ཀྱི་རྩ་དོན་རྒྱལ་ལོ་་བློ་སེང་རྒྱལ་ལོ་་་་རྒྱལ་ལོ་་་་རྒྱལ་ལོ་་་་་བོད་རྒྱལ་ལོ་་་་རྒྱལ་བ་དོན་གྱི་བདག་པོ་་་་༧སྐྱབས་མགོན་རྒྱ་བ་སྐུ་ཕྲེང་བཅུ་བཞི་པ་རྒྱལ་ལོ་་་་་

    Reply
  46. ཤིང་ལོ། says:
    ལོ་ 14 སྔོན།

    དེ་᪱་ᨵᩧᨕᨵ᫥་རྒྱ་ནག་ལ་ཅང་ཟེར་རྒྱུ་མེད་ལ། ད་རྒྱ་ནག་གིས་གཟབ་གཟབ་དང་། ཁྲིམས་མཐུན་མ་བྱས་ཚེ་ཁྲིམས་རྩོད་པའི་ལག་ཏུ་ཚུད་ཡོང་།

    Reply
  47. ཚང་སར་ཕྲིན་ལས། says:
    ལོ་ 14 སྔོན།

    འོས་མ་ཐོབ་གང་ནས་ཁ་གཏད་ཚོགས་པ་ཞེད་སྣང་སྐྱེ་གི་འདུག་བ་དངོས་ནས་རེད། ཁྱེད་ཉིད་རྒྱལ་ཁ་ཐོབས་པའི་སྨོན་ལམ་ཡོད།

    Reply
  48. ལྷ་སྲིན་གྱི་བུ། says:
    ལོ་ 14 སྔོན།

    རྒྱ་ནག་གི་ཕྱོགས་ནས་བློ་སེང་ལ་ཁ་རྡུང་བཏང་བ་འདི་བློ་སེང་དེ་ནུས་པ་ཅན་གྱི་མི་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པའི་མཚོན་རྟགས་རེད།་་་་་ད་ལྟའི་བར་དུ་བཀའ་ཁྲི་སྒེར་པ་སུ་ཞིག་ལ་རྒྱ་ནག་གི་ཕྱོགས་ནས་མིང་འདོན་བྱེད་ནས་ཁ་རྡུང་བཏང་མྱོང་མེད།་་་་་་གནས་ཚུལ་འདི་གཏམ་བཟང་ཞིག་ཡིན་པ་ལས་གཏམ་ངན་ཞིག་མིན།་་་་་་་རྒྱལ་བ་རིན་པོ་ཆེ་ལ་རྒྱ་ནག་གིས་་་ཏཱ་ལ་ཟེར་ནས་ཁ་རྡུང་གཏོང་བཞིན་ཡོད་པ་དེ་་་་རྒྱལ་བ་རིན་པོ་ཆེ་་་འཇིག་རྟེན་འདི་རུ་མི་ནུས་པ་ཅན་ཞིག་དང།་་རྒྱལ་ནག་ལ་གནོན་ཤུགས་སྤྲད་ན་ནུས་པ་སྟོབས་ལྡན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ནས་ཁོང་ཚོས་ཁ་རྡུང་གཏོང་གི་ཡོད་པ་རེད།་་་་དེ་རིང་རྒྱ་ནག་གི་བློ་སེང་ལ་ཁ་རྡུང་བཏང་བ་དེ་་་་རྒྱ་ནག་གི་སེམས་ལ་འཇིགས་སྣང་ཞིག་ཡོད་པའི་རྟགས་རེད་་་་་་

    Reply
  49. རེབ་གོང་བཀྲ་ཤིས། says:
    ལོ་ 14 སྔོན།

    བློ་སེང་ནི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་ཞིག་ཡིན་པས། རྒྱ་གཞུང་གི་འཆར་ཅན་གྱི་ཚིག་ལྡབ་དེ་ཚོ་ལ་ཉན་རྒྱུ་གང་ཡང་མི་འདུག་བསམ། 

    Reply
  50. tinpugyatso says:
    ལོ་ 14 སྔོན།

    གལ་སྲིད་བློ་བཟང་སེངས་གེ་ལགས་སུ་བཀའ་བློན་ཁྲི་བའི་འོས་ཤོག་དེ་ཐོབ་པ་ཡིན་ན། མ་འོངས་བོད་བའི་འཐབ་རྩོད་དེ་རྒྱ་ནག་དམར་པོའི་ཤད་པ་ལྟར་རང་བཙན་གཙང་མའི་འཐབ་རྕོད་དེ་མགོ་བརྩམས་པ་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese