མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ་རྒྱ་གཞུང་གི་ཉེན་རྟོག་མི་སྣས་ཨ་མདོ་རྔ་པ་རྫོང་མཐའ་བ་གོང་མིའི་འཇམ་དབྱངས་ལགས་རང་ཁྱིམ་ནས་འཛིན་བཟུང་བྱས་འདུག་ཅིང་། འཇམ་དབྱངས་ལགས་ནི་ད་ལྟ་རང་ལོ་ ༡༦ ཡིན་ཞིང་། དགོང་མོ་དེར་ཉེན་རྟོག་པ་དང་དམག་མི་ཚོས་ཁོ་ཚང་གི་ཕྱི་སྒོ་གཏོར་ཏེ་ཁྱིམ་དུ་འཛུལ་ཡོད་འདུག་པ་མ་ཟད། སྐབས་དེར་ཁོང་དང་མཉམ་དུ་དབང་ཕྱུག་དང་བསོད་ནམས་ཞུ་པ་གཉིས་ཡོད་པའང་བཙན་ཁྲིད་བྱས་ཡོད་འདུག

དེ་མིན་ཕྱི་ཚེས་ ༢༡ དང་ ༢༢ བཅས་སུ་བསྟུད་མུར་མཚན་གུང་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོ་རྔ་པ་རྫོང་མཐའ་བ་གོང་འགབ་གཉིས་ཀྱི་ཁྱིམ་ཚང་རེ་རེར་འཛུལ་ཏེ། མི་སྐྱ་ཕོ་མོ་མང་པོ་ཞིག་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཚུལ་འདུག་ཀྱང་ད་སྔ་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མ་སོང་ཟེར།

ཕྱི་ཚེས་ ༢༠ ཉིན་ནི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་འཁེལ་ཡོད་སྟབས། ཉིན་དེར་རྔ་པ་ས་ཁུལ་གྱི་བོད་མི་ཕལ་ཆེ་བས་ཁྱིམ་གྱི་ཕྱི་ནང་ལ་གཙང་སྦྲ་བྱས་པ་དང་མཆོག་གསུམ་ལ་མཆོད་འབུལ་གསོལ་འདེབས་བྱེད་པ། དེ་བཞིན། རྫོང་ཐོག་ནས་ཤོག་སྦག་སྒྲོན་པ་སོགས་བྱས་ཏེ། བོད་བསྟན་སྲིད་ལ་ཕན་ངེས་ཀྱི་བཀའ་ཁྲི་དང་སྤྱི་འཐུས་ཤིག་འོང་རྒྱུར་རེ་ལྟོས་དང་དགའ་བའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་འདུག

རྔ་པ་ཀིརྟི་དགོན་པའི་ནང་མུ་མཐུད་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བཞིན་ཡོད་འདུག་ལ། ཁ་སང་ཕྱི་ཚེས་ ༢༣ ཉིན་འབྲེལ་ཡོད་ལས་བྱེད་ཚོས་༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས ༽ དང་། ༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་སྐོར་གྱི་རྩ་ཁྲིམས ༽ དེ་བཞིན་༼ ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འདུམ་འགྲིག་བཅའ་ཁྲིམས ༽སོགས་ཀྱི་དེབ་གསུམ་དགེ་འདུན་པ་ཚོར་འགྲེམས་སྤེལ་བྱས་ཏེ། གྲྭ་བ་ཡོངས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་སློབ་སྦྱོང་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

༼ གོང་གི་གནས་ཚུལ་དེ་ཀིརྟི་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱི་མཁོ་གཏོང་བྱས། ༽

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

སྐར་མ ༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

སྐར་མ ༣༣ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༤ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. དྲང་མོ་དྲང་རྐྱང། says:
    ལོ་ 15 སྔོན།

    ཕ་ཡུལ་གྱི་དགེ་འདུན་པ་མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་རེད། དེ་དག་གི་སེམས་ཤུགས་ལ་རྗེས་སུ་ཡི་རངས་དང་དཀའ་ངལ་གདུང་སེམས་མཉམ་བསྐྱེད་ཡོད། འོན་ཀྱང་གཟབ་གཟབ་བྱ་དགོས་ས་མང་པོ་ཞིག་འདུག
    ༡༽ ད་ལྟའི་ཆར་བོད་ནང་དང་ལྷག་པར་ས་ཁུལ་ལ་བདེ་འཇགས་མེད་པ་བཟོས་པ་དེ་རྒྱ་ནག་གཞུང་ལ་གྱོང་རེག་གི་ཡོད་དམ་ས་ཁུལ་གྱི་བོད་མི་མང་ཚོགས་ལ་གྱོང་རེག་གི་ཡོད་མེད་བཤད་དཀའ་བ་མ་ཟད། ས་གནས་ཀྱི་བརྟན་ལྷིང་དང་། སྤྱི་ཚོགས་ཀྱི་ཡར་རྒྱས། མང་ཚོགས་ཀྱི་འཚོ་བ་བཅས་ལ་གྱོང་གུད་ཚབས་ཆེན་ཡོང་བཞིན་པ་མངོན་གསལ་རེད། དེའི་ཕྱིར་ངོ་ལོག་རང་བཞིན་གྱི་ལས་འགུལ་གྱི་ཁེ་གྱོང་ལ་ངེས་པར་བསམ་གཞིགས་བྱ་དགོས་པར་འདོད།
    ༢༽ གཉིས་ནས་ཕྱི་ལོག་ནས་བོད་དུ་འབྲེལ་བ་བྱེད་སྟངས་དང་གནས་ཚུལ་ཕྱིར་བསྒྲགས་བྱེད་སྟངས་ལེགས་པོ་འབྱུང་གི་ཡོད་མེད་བཤད་དཀའ་བར་འདུག ཕྱི་ཕྱོགས་ནས་བོད་ནང་དང་ས་ཁུལ་གྱི་གནས་ཚུལ་འཚོལ་སྡུད་བྱེད་མཁན་ཚོས་འགན་ཁུར་གྱི་རྣམ་པ་ཞིག་ཡིན་པ་ཨ་ཅང་ཅང། འོན་ཀྱང་ཧ་ཅང་འབྲེལ་ལམ་ཟབ་མདོགས་དང་གནས་ཚུལ་རྒྱུས་ལོན་ཡོད་མདོག་གིས་ཕན་ཐོགས་མིན་གྱི་བརྒྱུད་ལམ་དང་སྡིངས་ཆ་སྣ་ཚོགས་ལ་གནས་ཚུལ་འདི་དག་བསྒྲགས་རྐྱང་བྱས་ན་ས་ཁུལ་ལ་འབྲེལ་ལམ་དང་འགྲིམ་འགྲུལ་སོགས་དམ་དྲག་ཇེ་ཆེར་གཏོང་བར་ཤུགས་རྐྱེན་ངན་པ་བྱུང་ན་ས་ཁུལ་ལ་གནོད་བསྐྱལ་བ་རེད། དེའི་ཕྱིར་གནས་ཚུལ་བརྒྱུད་སྤྲེལ་བྱ་ཕྱོགས་ལ་གཟབ་དགོས་པར་འདུག
    ༣༽ གསུམ་པ་ཕྱི་ཕྱོགས་ནས་བོད་ནང་དུ་རྒྱུད་སྐུལ་བྱེད་ཀྱི་མེད་རུང། བོད་ནང་ལ་ཤུགས་རྐྱེན་ཐེབས་པའི་སྐད་ཆ་སྣ་ཚོགས་བཤད་དེ་ས་གནས་ཀྱི་ཡུལ་མི་ཚོའི་དྲན་ལམ་དང་ཚོར་བའི་ནང་དུ་གཡོ་འགུལ་བཟོ་བའི་གནས་ཚུལ་མཁོ་གཏོང་དང་མཁོ་བསྒྲུབ་བརྒྱུད་སྤེལ་བཅས་བྱས་ན་ངོ་ལོག་རང་བཞིན་གྱི་དོན་རྐྱེན་འབྱུང་བའི་རྒྱུ་རུ་འགྱུར་བཞིན་ཡོད་སྟབས། རང་དབང་ཡུལ་གྲུར་གནས་འཁོད་ཀྱི་རང་རིགས་ཚོས་གནས་ཚུལ་འདིའི་ཐད་གཟབ་དགོས་པར་འདུག

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    སངས་རྒྱ་བཅོམ་ལྡན་འདས་ཀྱང་ཆོས་སྲིད་གཉིས་མཉམ་དུ་མ་འགྲིག་ནས་མཐར་རབ་ཏུ་བྱུང་བ་ཡིན།
    གོང་ས་ཏཱ་ལའི་བླ་མས་ཀྱང་ཆོས་སྲིད་གཉིས་མ་འགྲིག་ནས་མཐར་རྒན་ཡོལ་ཞུས་མཛད་པ་རེད།
    ངས་གྲྭ་པས་བོ་མི་རིགས་ཀྱི་བདེ་དོན་དུ་སྐད་འབོད་མ་རྒྱག་ཞེས་པའི་འབོད་བསྐུལ་མིན་གྱི། གཟན་ཤམ་དམར་རིལ་ལེ་བ་ཞིག་གྱོན་བཞིན་འཛམ་བུ་གླིང་གི་སྔོན་ལ་དར་འཕྱར་འཕྱར་དུང་འབུད་མ་བྱས་ན་ཆེས་ཤིན་ཏུ་མི་ལེགས་སམ་ཞེས་པའི་པའི་ཞེན་བསྐུལ་ཡིན་གྱི་དགེ་འདུན་ལགས་གོ་བ་མ་ལོགས་པ་གལ་ཆེ།
    གྲྭ་པས་སྣེ་ཁྲིད་མི་དགོས་པར་ངེས་པར་དུ་མགོ་ཁྲིད་ཞིག་ཡོད་པར་སེམས་ཁྱེད་སེམས་ཕྲན་མ་བྱེད་རོག

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གྲྭ་བའི་དབུ་ཁྲིད་མ་བྱས་། གྲོང་བའི་འགྲོ་ས་མི་ཤེས་གི།
    གྲྭ་བའི་སྐད་འབོད་མ་བྱས་ན། གྲོང་བ་གཉིད་ནས་མི་སད་གི
    གྲྭ་བའི་རང་དོན་མ་བསྒྲུབ་ན། གྲོང་བའི་རང་དོན་མི་འགྲུབ་གི
    གྲྭ་བའི་བོད་དོན་མ་གླེང་ན། གྲོང་བའི་བོད་དོན་མི་དྲན་གི
    གྲྭ་བའི་རིགས་གཞུང་མ་སྲུང་ན། གྲོང་བའི་རིགས་གཞུང་བོར་འགྲོ་གི
    གྲྭ་བའི་གཞན་དོན་མ་བསྒྲུབ་ན། གྲོང་བ་རང་དོན་རྐྱང་པ་རེད

    གྲྭ་བ་སྒོར་ལ་དགའ་མོད་ཀྱང་། སྒོར་གྱི་ཆེད་དུ་མི་བརྩོན་གི
    གྲྭ་བ་སློབ་ལ་དགའ་མོད་ཀྱང་། དབྱིན་སྐད་སྦྱང་ལ་མི་སྤྲོ་གི
    གྲྭ་བའི་གང་ཞིག་མ་བྱས་ན། གྲོང་བར་དྲན་རྒྱུ་ཅི་ཡང་མེད

    གྲྭ་བའི་བྱས་བྱས་མ་འགྲིག་ན འགྲིག་པས་བྱ་བའི་འགོ་སྩོམ་ཤོག

    ཅེ་བ་འདི་ནིསྨར་ཀླུང་དཔའ་གྱི་གཙོའི་དེའི་རིགས་རྒྱུད་གཏོགས་པ་རྣམ་ལ་སྲངས་བ་ལས་གཞན་གྲོང་ཡོད་དོ་ཅོག་མིན་པ་ཤེས་དགོས་སོ།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    དགོན་པ་ག་གེ་མོ་ཞིག་ནས་གྲྭ་པ་དང་བླ་མ་བཙུན་མ་ག་གེ་མོ་ཞིག་འཇུ་བཟུང་བྱེད་འདུག
    གྲྭ་པ་དང་བཙུན་མ་ག་གེ་མོས་སྐད་འབོད་བྱས་འདུག

    དགོན་པ་ག་གེ་མོ་ནས་སེར་དམག་བླུག་འདུག

    ཁྲོམ་ལ་སྐད་འབོད་རྒྱབ་འདུག་ཞེས་པ་འདི་ཚོ་ད་ནི་བོད་ཀྱི་བསྟན་སྲིད་དང་མི་རིག་ཀྱི་ལེགས་སྐྱེས་སོགས་ལ་སེར་མོ་བ་ཁོ་ནས་སློང་རྐྱེན་བྱེད་པ་འདི་ཚོ་འབྲེལ་བ་དེ་ཙམ་མི་དགོས་པར་སེམས།
    དེང་གི་གཞོན་སྐྱེས་དར་མ་ཚོས་ད་ནི་བཟུང་སྐད་འབོད་དང་འཛིང་འཁྲུགས་རྒྱལ་དོན་སྲིད་ལུགས་རྣམས་ཁོང་ཚོས་བསྐྱང་དགོས་ཀྱི།
    བླ་གྲྭ་རྣམས་ནི་སྐད་འབོད་དང་འཛིང་འཁྲུགས་བྱ་སའི་འཁོར་ཡུག་ཞིག་དང་དུས་ཚོད་ཞིག་གཏན་ནི་མིན་པར་སེམས།
    ནམ་ཞིག་ས་སྒང་འདིར་བོད་གྱི་བླ་གྲྭའི་མིང་ཐོས་དུས་གདུག་རྩུབ་ཅན་ཞིག་གི་གྲལ་དུ་མ་འདོད་ཀྱང་འགྲོ་དགོས་པའི་དུས་ཞིག་འབྱུང་ཉེ་བས།
    བླ་མ་དང་གྲྭ་པ་བཙུན་རྣམས་ཀྱི་གཞན་ཕན་གཞི་བཅས་སྒྲུབ། གཞན་གནོད་གཞི་བཅས་སྤང་དགོས་པའི་ཚབ་ཏུ་ཡིན་ན་མ་གཏོགས་འདི་རིགས་མཚམས་འཇོག་གནང་ན་ཤིན་ཏུ་ལེགས་པར་སེམས།
    བོད་གཞིས་བྱས་གཉིས་སུ་རྒྱ་དཀར་ནག་གཉིས་ཀྱིས་གཙོས་པའི་ཕྱི་རྒྱལ་བ་རྣམས། མ་ཚད་རང་མི་གཞོན་སྐྱེས་བྲོད་པོ་དེ་ཚོས་བོད་ཀྱི་ཆོས་ལུགས་འདིས་ཕུང་རབ་བརླག་རབ་རྫུན་མ་ཡིན་རབ་སོགས།
    ག་ཚོད་ག་ཚོད་བཤད་པ་མཐོང་གི་མི་འདུག་གམ། གཏམ་འདི་རང་བཞིན་བརྗོད་པའི་སྙིང་གཏམ་དང་ཞེན་བསྐུལ་གལ་ཆེན་ཞིག་ཡིན་གྱི་ཕྱོགས་ཐལ་གྱི་སྐད་ཆ་དང་མི་མཐུན་པའི་ནང་དཀྲུག་ཞིག་གཏན་ནས་མིན་པས།
    བླ་གྲྭ་བཙུན་མ་སེར་མོ་བ་ཡོངས་ནས་དཔྱད་པ་ཡང་དག་པ་ཞིག་གནང་བར་ཞུ།
    གལ་སྲིད་རྒྱལ་དོན་དུ་སྐད་འབོད་དང་འཛིང་འཁྲུགས་དགོས་པར་སེམས་ན་གཟན་ཤམ་དམར་པོ་དེ་མར་ཕུད་ནས་མི་རིགས་ཀྱི་བྱས་རྗེས་སྐད་གྲགས་ཆོད་པ་ཞིག་འཇོག་ཐུབ་པ་བྱུང་ན་དེ་ནི་ཆེས་འོས་ཤིང་འཐད་པ་དང་ཤིན་ཏུ་ལེགས་པར་སེམས།།། རྩོམ་སྔོན་མ་དེ་བསུབ་རྒྱུ་ཡོད་ན་བསུབ་རོག་གནང་།

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    དགོན་པ་གེ་མོ་ཞིག་ནས་གྲྭ་པ་དང་བླ་མ་བརྩོན་ག་གེ་མོ་འཇུག་བྱེད་འདུག གྲྭ་པ་དང་བཙུན་མ་ག་གེ་མོས་སྐད་འབོད་བྱས་འདུག དགོན་པ་ག་གེ་མོ་ནས་སེར་དམག་བླུག་འདུག་ཁྲོམ་ལ་སྐད་འབོད་རྒྱབ་འདུག་ཞེས་པ་འདི་ཚོ་ད་ནི་བོད་ཀྱི་བསྟན་སྲིད་དང་འབྲེལ་བ་མེད་པར་སེམས། དེང་གི་གཞོན་སྐྱེས་དར་མ་ཚོས་སྐད་འབོད་དང་འཛིང་འཁྲུགས་རྒྱལ་དོན་སྲིད་ལུགས་རྣམས་ཁོང་ཚོས་བསྐྱང་དགོས་ཀྱི། བླ་གྲྭ་རྣམས་ནི་སྐད་འབོད་དང་འཛིང་འཁྲུགས་བྱ་སའི་འཁོར་ཡུག་ཞིག་དང་དུས་ཚོད་ཞིག་གཏན་ནི་མིན་པར་སེམས། ནམ་ཞིག་ས་སྒང་འདིར་བོད་གྱི་བླ་གྲྭའི་མིང་ཐོས་དུས་གདུག་རྩུབ་ཅན་ཞིག་གི་གྲལ་དུ་མ་འདོད་ཀྱང་འགྲོ་དགོས་པའི་དུས་ཞིག་འབྱུང་ཉེ་བས། བླ་མ་དང་གྲྭ་པ་བཙུན་རྣམས་ཀྱི་གཞན་ཕན་གཞི་བཅས་སྒྲུབ། གཞན་གནོད་གཞི་བཅས་སྤང་དགོས་པའི་ཚབ་ཏུ་ཡིན་ན་མ་གཏོགས་འདི་རིགས་མཚམས་འཇོག་གནང་ན་ཤིན་ཏུ་ལེགས་པར་སེམས། བོད་གཞིས་བྱས་གཉིས་སུ་རྒྱ་དཀར་ནག་གཉིས་ཀྱིས་གཙོས་པའི་ཕྱི་རྒྱལ་བ་རྣམ་པ་མ་ཚད་རང་མི་གཞོན་སྐྱེས་བྲོད་པོ་ཚོས་བོད་ཀྱི་ཆོས་ལུགས་འདིས་ཕུང་རབ་བརླག་རབ་ག་ཚོད་བཤད་པ་མཐོང་གི་མི་འདུག་གམ། གཏམ་འདི་རང་བཞིན་བརྗོད་པའི་སྙིང་གཏམ་དང་ཞེན་བསྐུལ་གལ་ཆེན་ཞིག་ཡིན་གྱི་ཕྱོགས་ཐལ་གྱི་སྐད་ཆ་དང་མི་མཐུན་པའི་ནང་དཀྲུག་ཞིག་གཏན་ནས་མིན་པས། བླ་གྲྭ་སེར་མོ་བ་ཡོངས་ནས་དཔྱད་པ་ཡང་དག་པ་ཞིག་གནང་བར་ཞུ། གལ་སྲིད་རྒྱལ་དོན་དུ་སྐད་འབོད་དང་འཛིང་འཁྲུགས་དགོས་པར་སེམས་ན་གཟན་ཤམ་དམར་པོ་དེ་མར་ཕུད་ནས་མི་རིགས་ཀྱི་བྱས་རྗེས་སྐད་གྲགས་ཆོད་པ་ཞིག་འཇོག་ཐུབ་པ་བྱུང་ན་དེ་ནི་ཆེས་འོས་ཤིང་འཐད་པ་དང་ཤིན་ཏུ་ལེགས་པར་སེམས།།།

    Reply
  6. ཨུ་ཚུགས་ཅན། says:
    ལོ་ 15 སྔོན།

    བོད་ནང་གི་ས་གནས་ཁ་ཤས་ནས་གནས་ཚུལ་འདིའི་སྐོར་མི་ཤེས་མཁན་ར་ཡོད་ཁུ

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    རྒྱ་ནག་གིས་འུར་དིར་དིར་ཟིང་སློང་སློང་གི་རྣམ་པ་འདིའི་ཐོག་ནས་ཨ་མདོ་རྔ་བའི་དཔའ་རྒོད་ཚོའི་གཟི་བརྗིད་མཐོང་ཐུབ་ལ། དཔའ་བརྟུལ་ཚོ། ཤ་རུས་ཁྲག་གསུམ་ཁྱེད་ཅག་དང་འདྲེས་ཡོད་ལ། བློ་ཕུག་བྲང་གསུམ་ཡང་ཁྱེད་ཅག་ལ་བཅོལ་ཡོད། གཞིས་བཞུགས་པ་ལྷན་རྒྱས་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་རེ་སྨོན་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese