མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་མིན་སྲིད་འཛིན་གྱི་ཁས་ལེན།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཡེ་མན་གཞུང་དམངས་བར་ཁྲག་དྲི་བྲོ་བའི་འཁྲུག་རྩོད་རིམ་པར་བྱུང་མཐར་ལོ་ ༣༢ རིང་སྲིད་དབང་སྒེར་སྤྱོད་བྱེད་མཁན་སྲིད་འཛིན་སཱ་ལེ་ཡིས་དམངས་གཙོ་བཅོས་སྒྱུར་བྱ་རྒྱུའི་ཁས་ལེན་བྱས་འདུག  

ཉེ་ཆར་དཀྱིལ་ཤར་ཡུལ་གྲུའི་ས་ཁུལ་མང་པོ་ཞིག་ཏུ་མང་ཚོགས་ཚོས་སྲིད་དབང་གཅིག་སྡུད་ལམ་ལུགས་མགོ་རྟིང་སློག་རྒྱུའི་གསར་བརྗེ་ལས་འགུལ་བསྟུད་མུར་སྤེལ་མགོ་ཚུགས་ཡོད་པའི་ཁྲོད། ཡེ་མན་ (Yemen) ཡར་ལངས་ནི་ཤུགས་ཆེ་གྲས་ཤིག་ཆགས་ཡོད་ཅིང་། གཞུང་དང་གསར་བརྗེ་ཕྱོགས་ཁག་བར་འཐབ་འཛིང་ཐེངས་མང་བྱུང་སྟེ། ཕན་ཚུན་གྱི་དམག་མི་དང་མི་སེར་ལ་ཤི་རྨས་ཀྱི་གོད་ཆག་ཚབས་ཆེན་ཐེབས་ཡོད།

ཉིན་འགའི་གོང་ལོ་ ༣༢ རིང་སྲིད་དབང་སྒེར་སྤྱོད་བྱེད་མཁན་ཡེ་མན་རྒྱལ་ཁབ་ཀྱི་སྲིད་འཛིན་སཱ་ལེ་( Ali Abdullah Saleh)ཡིས་གསར་བརྗེ་ཡར་ལངས་པའི་དགོས་འདུན་ཐད་གསལ་བསྒྲགས་ཤིག་སྤེལ་ཏེ། ཡེ་མན་མི་མང་གི་བདེ་འཇགས་ཆེད་དུ་ ༢༠༡༡ གི་ལོ་མཇུག་བར་དུ་ད་ལྟའི་གཞུང་གི་རྩ་ཁྲིམས་ལ་བསྐྱར་བཅོས་དང་། གྲོས་ཚོགས་འཐུས་མི་འོས་འདེམས་བྱ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབ། དེ་བཞིན་འོས་བསྡུའི་ལམ་ལུགས་ཐོག་སྲིད་འཛིན་འོས་འདེམས་བྱ་རྒྱུ་བཅས་ཁས་ལེན་ཡོད་ཚུལ་བརྗོད་འདུག

ཕྱི་ཚེས་ ༢༢ ཉིན་གྱེན་ལངས་ངོ་རྒོལ་ཤོག་ཁག་གི་མགྲིན་ཚབ་པ་ཁཱའ་ཊན་(Mohammed Qahtan)ལགས་ཀྱིས་ང་ཚོའི་དགོས་འདུན་ནི། སྲིད་འཛིན་སཱ་ལེ་ཡིས་གང་མགྱོགས་སྲིད་འཛིན་ལས་དགོངས་ཞུ་བྱ་དགོས་པ་དེ་ཡིན་ཡང་། སྲིད་འཛིན་གྱི་ད་ལྟའི་བཤད་སྤྱོད་ལ་གཞིག་ན་ང་ཚོའི་དགོས་འདུན་སྣང་མེད་ཀྱིས་ལོ་རྗེས་མིའི་ལོ་མགོ་བར་སྲིད་འཛིན་གྱི་གོ་གནས་བཟུང་སྟེ། ལས་དོན་ཕྱོགས་མང་པོ་ཞིག་ལ་བར་ཆད་དང་བཀག་རྒྱ་བཟོ་འདོད་པ་དེ་རེད། ཅེས་བརྗོད་འདུག

གཟའ་འཁོར་སྔོན་མའི་ནང་སྲིད་འཛིན་གྱི་བཀོད་འདོམས་འོག་གཞུང་དམག་གིས་གྱེན་ལངས་གསར་བརྗེ་བར་དྲག་གནོན་བྱས་ཏེ། མི་མང་ལ་ཤི་རྨས་ཚབས་ཆེན་ཕོག་རྗེས་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་། དམག་དོན་དཔོན་རིགས་ཁག་ཅིག་སོ་སོའི་ལས་གནས་ནས་ཕྱིར་འཐེན་གྱིས་གསར་བརྗེའི་མི་མང་གི་ཕྱོགས་སུ་ལངས་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་ཅིང་། དེ་ལ་སྲིད་འཛིན་སཱ་ལེ་ཡིས་དམག་ཤུགས་ནང་ཁུལ་ལ་ཁ་བྲལ་བྱུང་བ་འདིས་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད། ཅེས་བརྗོད་འདུག

སྲིད་འཛིན་སཱ་ལེ་དང་ཁོང་གི་གཞུང་ནི་དེ་སྔ་དཀྱིལ་ཤར་ཡུལ་གྲུའི་ཨ་རིའི་མཉམ་སྒྲིལ་ཤོག་གཏོགས་ཤུགས་ཆེ་གྲས་ཤིག་ཡིན་པ་མ་ཟད། ཡེ་མན་ནང་དང་ཨ་རབ་གླིང་དུ་ཡོད་པའི་ཨོལ་ཁཱ་ཊ་(al Qaeda) དྲག་སྤྱོད་རིང་ལུགས་པར་ཨ་རི་དང་མཉམ་དུ་ཁ་གཏད་གཅོག་མཁན་གཙོ་གྲས་ཤིག་ཀྱང་ཆགས་ཡོད། འོན་ཀྱང་། ཐེངས་འདིའི་དོན་རྐྱེན་ཐད་ཨ་རིའི་དྲུང་ཆེ་ལྕམ་ཁི་ལེ་ཊོན(Hillary Clinton)ཡེ་མན་མི་མང་ལ་འགྲོ་བ་མི་སྤྱི་མཚུངས་ལྟར་རང་དབང་དང་ཐོབ་ཐང་དགོས་པ་རེད། གཞུང་དམངས་བར་ཞི་མཐུན་ཐོག་གྲོས་མོལ་ཡོང་རྒྱུར་ཨ་རིའི་གཞུང་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 5

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    དམངས་གཙོ་ཡོང་པར་མི་དམངས་ལ་ཤེས་ཡོན་ལེགས་པོ་ཞིག་དགོས་དེ་མིན།
    བལ་ཡུལ་ནང་བཞིན་ཆགས་རྒྱུ་རེད།
    སྔར་རྒྱལ་པོས་བཟུང་དུས་ཡུལ་ལ་བདེ་སྐྱིད་ཡོད།
    ད་ཆ་སྲིད་དོན་པ་ཚོ་ནང་འཁྲུགས་རྒྱབ་སའི་ཡུལ་ཞིག་ཆགས་ཡོད།
    དམངས་གཙོ་དམངས་གཙོ།
    གང་དམངས་གཙོ།
    དམངས་གཙོ་ཡང་དག་པ་ཞིག་ཡོང་པར་ཤེས་ཡོན་ལ་དོ་སྣང་བྱེད་པ་སྔོན་དུ་འགྲོ་དགོས།་གཞི་ནས་དམངས་གཙོ་བྱུང་ན་ཤིན་ཏུ་ལེགས།

    Reply
  2. སྨུག་པོ། says:
    ལོ་ 15 སྔོན།

    དམངས་གཙོར་བསྒྱུར་བཅོས་བྱས་ཐུབ་པ་ནི་གཟི་བརྗིད་རེད། གང་ལྟར་འདས་ཟིན་པ་ཐམས་ཅད་ཚར་བ་རེད། མ་འོངས་པའི་ལོ་ཟླ་ནང་ང་ཚོས་རེ་བའི་ཁྲོད་དམངས་གཙོའི་ལམ་ལུགས་ལ་སྒུག་རྒྱུ་ལས་མེད།

    Reply
  3. སྒ་སྟོད་ཇོ་བོ། says:
    ལོ་ 15 སྔོན།

    དམངས་གཙོར་བསྒྱུར་བཅོས་བྱས་ཐུབ་ན་དེ་ལས་དགེ་ཚན་ཆེ་བ་ཞིག་མ་མཐོང་།
    གང་ལྟར་འདས་ཟིན་པ་ཐམས་ཅད་ཚར་བ་རེད། དེ་བས་དམངས་གཙོའི་ལམ་ཁ་དེར་རེ་བའི་ཁྲོད་སྒུག་དགོས།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེན། མི་དེའི་ཁ་ཁོ་རང་ལ་ལྟས་ནས་གྱོང་རག་མདོག་ཁ་པོ་ཞིག་འདུག ཡ་ཡ་་་ད་ཡག་པོ་རེད། ལུང་པ་རེ་རེ་ཡིན་ནའང་དཀའ་ངལ་ནང་མ་ལྷུང་རོགས་བྱས་ན་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  5. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    སྲིད་དབང་གཅིག་སྡུད་པའི་པགས་པ་བཤུ་བཞིན་བཤུ་བཞིན་ཨེ་ཤ་ཡའི་སྒལ་ཚིགས་སུ་སླེབས་འདུག་པས། ག་ལེར་རྒྱ་དམར་གཞུང་གིས་ཀྱང་མེ་ཏོག་སྤྲུ་མ་ལྟ་བུའི་སྐད་ཆ་ཞིག་མི་བཤད་ཀ་མེད་ཐུག་ཚོད་རེད། འདི་ལྟར་དམངས་གཙོ་རྒྱལ་ཞིང་། མི་མང་རྒྱལ་བའི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་མཆིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese