མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་མང་རྒྱལ་ཡོངས་ཚོཊ་ཆེན་ཐེངས་གཉིས་པ་བསྐང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་ཡོངས་སུ་མཇུག་བསྒྲིལ་སོང་།

ཚོགས་འདུའི་མཇུག་བསྡོམས་དང་བསྟུན་ཏེ། ༧གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བའི་ལས་འཆར་ཐོག་བཀའ་བསྡུར་ཞིབ་ལྷུག་གནང་མཐར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་ཐོག བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བཙུགས་ཏེ། མི་འགྱང་བའི་དུས་ཡུན་ནང་། ༼ བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ ༽ བསྐང་རྒྱུར་སྤྱི་མོས་གྲོས་ཆོད་བཞག་སོང་།

གྲོས་ཆོད་དེའི་ནང་བཀོད་དོན།   “དང་པོ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དང་། བཀའ་སློབ་ཀྱི་དགོངས་དོན་ཉམས་ལེན་ཞུ་སླད། ཚོགས་གཙོ་སྦྲེལ་པོས་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུ།

གཉིས་པ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་དེས་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དང་། གྲོས་ཚོགས་སུ་བགྲོ་གླེང་བྱུང་བའི་སྤྱི་འཐུས་རྣམ་པའི་དགོངས་ཚུལ་གཞིར་བཞག་གིས། ཁྲིམས་དོན་མཁས་པར་གོ་བསྡུར་བགྲོ་གླེང་དང་། གཞན་ཡང་ལས་རིམ་ཇི་འགབ་བབ་གཟིགས་ཀྱིས་ཟིན་བྲིས་འགོད་རྒྱུ། ཚོགས་ཆུང་དེའི་སྙན་ཐོ་ ༢༠༡༡ ཟླ་ ༤ ཚེས་ ༡༡ ནང་ཚུན་དུ་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས།

གསུམ་པ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་ནང་དོན་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་ཟུར་འཛར་གཉིས་པའི་སྔོན་གླེང་དང་། དོན་ཚན་དང་པོའི་ཚིག་དོན་ལ་བསྐྱར་བཅོས་ནང་འོས་གནང་སྟེ། སྤྱི་ནོར་༧གོང་ས་མཆོག་ལ་བཅའ་ཁྲིམས་སུ་འགོད་ཆོག་པའི་གསོལ་འདེབས་ཞུ་ཕྱོགས་སྐོར་ ༢༠༡༡ ཟླ་ ༥ པའི་བདུན་ཕྲག་གསུམ་པའི་ནང་ཚུན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་རྒྱུ་དང་། ཚོགས་ཆེན་དེའི་དུས་ཚེས་དང་འཚོགས་ཡུལ་བཅས་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་གནང་རྒྱུ།

བཞི་བ། གོང་གསལ་ལས་དོན་ཁག་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་འཕར་མ་བསྡུ་སྐོང་གིས་སྙན་ཐོ་ལག་བསྟར་ཞུ་ཕྱོགས་བཀའ་བསྡུར་ཐག་གཅོད་གནང་རྒྱུ།”   བཅས་བཀོད་འདུག་ལ། གྲོས་ཆོད་ཀྱི་དོན་ཚན་རེ་རེ་བཞིན་སྤྱི་མོས་བྱུང་ཡོད། 

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

སྐར་མ ༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

སྐར་མ ༤ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 11

  1. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ༈ མགོ་ན་དཔོན་པོ་མེད་པ་དང་། །འོག་ན་འབངས་མི་མེད་པ་དང་། །སྡོད་ན་ལུང་པ་མེད་པ་རྣམས། །འདུས་ན་དོན་དག་མེད་ངེས་རེད།

    Reply
  2. YANG CHAN DOL MA says:
    ལོ་ 15 སྔོན།

    པེ་མི་ཟད་པ་ཡག་པོ་རེད། ཚོགས་འདུ་དོན་སྙིང་ལྡན་པ་ཞིག་ཡོངས་རྒྱུའི་རེ་བ་ཡོད། ༧ གོང་ས་༧སྐྱབས་མགོན་རིན་པོ་ཆེའི་རྒྱ་ཆེ་བའི་དགོངས་ཡག་སྡུག་གང་འདྲ་བྱེད་ན་ད་ལྟ་ཚོགས་འདུ་འདིར་ཕེབས་མཁན་རྣམས་ལ་རགས་ལས་ཡོད་པ་རེད། ད་ལྟ་སྐུབས་སྟེགས་དང་དབང་ཤུགས་ལ་བྱེད་པའི་དུས་ཚོད་ཞིག་མ་རེད། རླབས་ཆེན་གྱི་དགོངས་བཞེད་དེ་མི་མང་གི་མངོན་འདོད་དེ་སྣང་ཆུང་མ་བྱེད་རོགས། ཁོང་གི་དགོངས་པ་བཞེས་ཕྱོགས་དེ་འགོ་ཚོས་རྒྱུ་གལ་ཆེ། ད་ལྟ་བཙན་བྱོལ་ཁྲོད་ཐོས་ཤོར་ཕྱོགས་མང་པོ་ཡོད་པ་དང་། བོད་པ་ཡིན་ན་ཡང་ཁེས་དམན་དབང་ཆུང་སུ་ལུས་ཡོད་དེ་པ་ཚོ་དགོངས་པ་བཞེས་དགོས་ས་རེད། དེ་ཚོ་སུ་ཡིན་ས་རེད་ཆུ་ཁེད།

    Reply
  3. ཤིང་ལོ། says:
    ལོ་ 15 སྔོན།

    མགོ་ན་མེ་མདའ་མེད་ལ་རྭ་ལང་ཆ་ལང་།།
    ཆོས་སྲིད་བསམ་བློ་མེད་ལ་མི་དྲན་རྒུ་དྲན།།
    དམངས་གཙོའི་གོ་རྟོགས་མེད་ལ་མི་བཤད་རྒུ་བཤད།།
    སྐུ་མཁྱེན་མིང་དོན་ཡོད་པའི་ཚོགས་ཤིག་འཚོག་རོགས།།

    Reply
  4. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    སླར་ཡང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་བཙུགས་པ་ལ་དགའ་བསུ་ཡོད། མི་མང་གི་བསམ་འཆར་གང་མང་གྲོས་ཚོགས་ལ་སླེབས་ཐབས་བྱེད་པ་དེ་གོམ་པ་མདུན་སྤོས་ཀྱི་ལས་གཞི་གཅིག་ཡིན། ཡིན་ན་ཡང་། ཁོ་བོའི་བསམ་པར། ཚོགས་འདུའི་ནང་བཀའ་ཤག་གི་འདོད་མོས་ཤུགས་རྐྱེན་སླེབས་ཐབས་བྱེད་པ་དེ་ཡག་པོ་ཞིག་མ་རེད། དཔེར་ན། ད་ལོ་སྦེལ་ཀོབ་ནང་དུ་ཚོགས་ཆེན་ཞིག་ཚོགས་པ་རེད། ཡིན་ན་ཡང་། དེའི་ཐོག་མའི་གཏམ་བཤད་ནང་ལ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གཏམ་བཤད་རིང་པོ་ཞིག་གནང་སོང་། དེ་ནི་ཚོགས་འདུའི་སྐབས་སུ་བགྲོ་གླེང་བརྗོད་གཞི་གང་གི་ཐོག་བྱེད་དགོས་མིན་གྱི་ལམ་སྟོན་ལྟ་བུ་རེད་འདུག གཏམ་བཤད་འདིས་ཚོགས་མིའི་བསམ་འཆར་རམ་བགྲོ་གླེང་བརྗོད་གཞི་དེ་ཡོངས་སུ་སྒྱུར་སོང་། བགྲོ་གླེང་བྱེད་ས་གཙོ་བོ་དེ་ཟམ་གདོང་བླ་མའི་གཏམ་བཤད་དེའི་ཐོག་རང་གནང་བ་ལས། དོན་དངོས་ཀྱི་བོད་མི་མང་གི་དཀའ་ངལ་ཐོག་བགྲོ་གླེང་མ་གནང་བ་དེ་ལ་བློ་ཕམ་པོ་བྱུང་སོང་། བྱས་ཙང་། སྐབས་འདིར་ཡང་དེ་ལྟ་བུའི་མི་ཡོང་བའི་རེ་བ་ཡོད།

    ཁོ་བོའི་བསམ་པར། ད་ལོ་ཚོགས་ཆེན་འདིའི་བརྗོད་གཞི་གཙོ་བོ་དེ་ང་ཚོ་བོད་རྒྱལ་ཁབ་དེ་དམངས་གཙོ་རྒྱལ་ཁབ་གང་འདྲ་ཞིག་ལ་བསྐྱོད་མིན་དེའི་ཐོག་བགྲོ་གླེང་གནང་དགོས་པ་གལ་ཆེན་པོ་མཐོང་། ཨ་རི་རྒྱལ་ཁབ་ལྟ་བུའམ། ཡང་རྒྱ་གར་རྒྱལ་ཁབ་ལྟ་བུ་གང་གི་ཕྱོགས་སུ་བསྐྱོད་དགོས་མིན་དེའི་ཐད་བགྲོ་གླེང་གནང་དགོས་པ་རེད། གང་ཡིན་ཟེར་ན། ༸གོང་ས་མཆོག་ནི་དབུ་ཁྲིད་ལ་མེད་པ་རེད། སྤྱི་འཐུས་གྲོས་ཚོགས་ཀྱི་གྲུབ་གཞི་དེ་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་སྙམ། ༸གོང་ས་མཆོག་གི་སྐུ་དབང་ཐད་ང་ཚོས་བགྲོ་གླེང་བྱེད་ནས་ཕན་ཐོགས་གང་ཡང་མེད། གང་ཡིན་ཟེར་ན། ཁོང་གིས་བློ་ཐག་ཆོད་པོའི་ཐོག་ནས་གསུངས་ཚར་པ་རེད།

    Reply
  5. གནས་ཚང་། says:
    ལོ་ 15 སྔོན།

    GYAMTSO ཟེར་མཁན་འདིས་ག་རེ་ལབ་བསམ་གྱི་ཡོད་པ་རེད། འདི་བོད་ཀྱི་མ་འོངས་པ་གླེང་ས་རེད་མ་གཏོགས་ཁྱོད་རང་ཚོ་ཨམ་མདོ་ནང་འཁྲུག་རྒྱག་ས་མ་རེད་ལ། ཚོགས་གཙོ་ཡར་ལ་བཀུར་སའང་མ་རེད། ཚང་མ་ལོས་ལྟ་ཡ་ཞིག་རེད། ཚོགས་གཙོས་ཡེ་ཤེས་དབྱིངས་དཔྱད་ལ་ག་འདྲ་ཞིག་གནང་གི་འདུག རྒྱ་མིའི་བཤད་སྟངས་ལྟར་མཇུག་བསྡུ་ས་རེད་དམ། གོང་ས་མཆོག་གི་དགོངས་གཞི་ལྟར་མཇུག་བསྡུ་ས་རེད།

    Reply
  6. GYAMTSO says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་ནས་དོན་སྙིང་ཡོད་པ་མང་པོ་གསུངས་པ་ལས་གཙོ་ཤོས་གཅིགག་་་་་་གོང་ས་སྐྱབས་མགོན་མཆོག་ལ་འཛམ་གླིང་མི་མང་གི་གུས་བཀུར་དང་ཞི་བདེའི་དབུས་ཁྲིད་ལ་དངོས་འཛིན་གནང་གི་ཡོད་ནའང་་་བོད་རང་ཉིད་རེ་ཟུང་གིས་གོ་སྐབས་ནམ་ཡོད་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག་པས་གཟབ་གཟབ་བྱེད་དགོས་ཞེས་གསུངས། དེ་དངོས་ནས་རེད་་་་་དཔེར་ན་ཉེ་ཆར་རང་ཨ་མདོ་པ་ཧོར་ཙང་ལེགས་བཤད་དང་ཀླུ་མཁར་བྱམས་གཉིས་ཀྱིས་གོང་ས་མཆོག་ལ་ག་རེ་བཤད་ཡོད་མེད་སྤྱི་ཚོགས་ནང་གསལ་བོ་ཡིན། དེ་ཚོས་རིགས་ལས་རིགས་སྣ་ཚོགས་ཀྱི་ནང་ལ་དངོས་ཤུགས་རྒྱུད་གསུམ་ནས་ཞུགས་ནས་ང་ཚོས་སྤྱི་ཚོགས་ལ་གཏོར་ཤུགས་བྱེད་རྒྱུ་ཡོད་པས་མང་ཚོགས་ནས་གཟབ་གཟའ་བྱེད་དགོས།

    Reply
  7. གནས་ཚང་། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་ཀྱིས་བསམ་བློ་མི་སྲིད་པའི་ཡག་པོ་བཏང་བཞག་འདུག རྒྱབ་བསྐྱོར་ཡོད། བསམ་ངན་ཅན་ཚོའི་འདོད་ཐོག་ལ་མི་ཡོང་བར་བརྩོན་ལེན་བྱེད་གལ་ཆེ་སྙམ།

    Reply
  8. སེམས་པ་གཉོམ་པོ། says:
    ལོ་ 15 སྔོན།

    ཁྱོད་ཚོས་ཚོགས་འདུ་ཉིན་བརྒྱ་ལ་འཚོགས་ཀྱང་༧གོང་ས་མཆོག་གི་དགོངས་པ་ལས་བརྒལ་བའི་རླབས་ཆེན་གྱི་བྱེད་ཐབས་ཤིག་མི་རྙེད་ཐག་ཆོད་ཡིན་པས་ད་རེས་ཀྱང་ཡེ་ཤེས་དབྱིངས་དཔྱད་ཅེས་མིག་བཙུམས་ནས་རྗེས་སུ་འབྲངས་རྐྱང་བྱས་ན་མི་ལེགས་སམ། མིང་ཆེ་ལ་དོན་སྟོང་བའི་ཚོགས་འདུ་ཞིག་འཚོགས་དང་མ་འཚོགས་ཅི་ཁྱད།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༢༠༠༨ལོར་ཛ་དྲག་གི་བོད་རྒྱལ་ཡོངས་དམངས་ཚོགས་ཆེན་འཚོགས་པ་རེད། དེ་ཡང་ཁ་ཤུགས་སུ་ཆེ་བལྟ་ས་འདྲ་པོ་གཅིག་མ་གཏོགས་ཚོགས་མི་ཡོངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་ཐུབ་ཀྱི་མེད་པ་རེད། བཙན་བྱོལ་རྒྱ་ཆེན་མི་དམངས་ཀྱི་བསམ་ཚུལ་ལ་བསྡུ་ལེན་ཟེར་བ་མེད་པ་རེད། གཅིག་རེད།

    གཉིས་ནས་ཚོགས་འདུས་འཚོགས་དུས་འགྲོ་མགྲོན་ཆེན་པོ་རེད། འགྲོ་སོང་མང་ཤོས་བོད་གཞུང་གི་ངོས་ནས་བཏང་གི་ཡོད་ཀྱི་རེད། ཁ་ཤུགས་སུ་ཆེ་བསྡུར་ས་ཞིག་ལ་འགྲོ་སོང་ཆེན་པོ་གཏོང་ན་དོན་མེད་རེད།

    ཁ་མ་ཡིན་དོན་གྱི་བཙན་བྱོལ་བོད་མིའི་བསམ་ཚུལ་བསྡུ་ལེན་བྱེད་འདོད་ཡོད་ན་འགྲོ་སོང་དེ་ལས་ཆུང་བའི་ཐོག་ནས་རྒྱ་ཆེན་བཙན་བྱོལ་བོད་མིའི་བསམ་ཚུལ་བསྡུ་ལེན་བྱེད་ཐུབ་ཀྱི་ཡོད།
    དེང་རབས་དང་མཐུན་པའི་དྲ་རྒྱ་ལ་བརྟེན་ནས་རྒྱལ་ཁབ་སུམ་ཅུ་བཞི་ཅུའི་ནང་གི་བཙན་བྱོལ་བོད་མིའི་བསམ་ཚུལ་བསྡུ་ལེན་བྱེད་ཐུབ་དགོས་དང་དགོས། ༧གོང་ས་མཆོག་ལ་དགོས་པ་ཡང་བཙན་བྱོལ་རྒྱ་ཆེན་མི་དམངས་ཀྱི་བསམ་ཚུལ་རེད། དེ་བརྟེན་བཀའ་སྤྱི་གཉིས་ཀྱིས་བཙན་བྱོལ་རྒྱ་ཆེན་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་དང་བསམ་ཚུལ་གུས་བཀུར་བྱེད་དགོས་པ་ལས་ཁ་ཤུགས་ཆེན་པོ་རེ་གཉིས་ཀྱི་བསམ་ཚུལ་གཅིག་ཐག་གཅོད་གནང་ན་ཡག་པོ་མ་རེད།

    ང་ལྟ་བུ་བོད་མི་དཀྱུས་མ་ཞིག་ངོས་ནས་ཀྱང་བསམ་ཚུལ་ཞུ་འདོད་ཡོད་ལ་ང་དང་ང་ལྟ་བུ་བཙན་བྱོལ་བོད་མི་དམངས་ཀྱིས་ཀྱང་བསམ་ཚུལ་ཕུལ་འདོད་པ་དངོས་ཡོད་རེད། དེ་ཚོ་ལ་མང་ཤོས་ག་ཚོད་སླེབས་མིན་དང་ཉུང་ཤོས་སུ་ག་ཚོད་སླེབས་མིན་བལྟ་ཐུབ་པ་ཡིན་ན་ཕན་འབྲས་དངོས་གནས་ཡོང་གི་རེད།
    བོད་མི་ཚང་མའི་བསམ་ཚུལ་བསྡུ་ལེན་བྱེད་དགོས་པ་གལ་ཆེན་པོ་རེད། ཁ་ཤུགས་ཆེ་བ་དང་དབང་ཤུགས་ཆེ་བ་སུ་ཡིས་སྒེར་གཅོད་བྱེད་ནའང་མཐར་ཐུག་ཅི་ཡོང་གསལ་པོ་རེད།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༢༠༠༧་ལོར་རྒྱལ་ཡོངས་ཚོགས་ཆེན་ཐོག་ཏུ་བཙན་བྱོལ་བོད་གཞུང་འདི་སྐྱབས་བཅོལ་གྱི་གཞུང་ཞིག་ལ་བསྒྱུར་རྒྱུ་ཡིན་ཞེས་གྲོས་ཆོད་བཞག་ཡོད་རབས་གོ་ཐོས་བྱུང་། ཡིན་ནའང་མི་ལོ་གསུམ་ཕྱིན་ཚར་བ་རེད། གྲོས་ཆོད་ལག་ལེན་བསྟར་མཁན་ཅང་བྱུང་མེད་པ་འདྲ་གཅིག་འདུག གླེང་མཁན་ཙམ་ཡང་མ་མཐོང་།

    ཚོགས་འདུས་འཚོགས། གྲོས་ཆོད་བཞག ལག་ལེན་ག་པ།
    རྒྱལ་སྤྱིའི་ངོས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་ཞིག་ལ་ག་དུས་བསྒྱུར་གྱི་ཡིན་ནམ།

    Reply
  11. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཕྱི་ལོ་ ༢༠༠༨ ལོ་གཞུང་མང་ཚོགས་ཆེན་ཐེང་དང་པོ་ཚོགས་པའི་སྐབས་སུ་མི་མང་ནས་ཐུགས་གནང་ཆེན་པོ་གནང་ནས་རང་རང་གི་བསམ་ཚུལ་མང་པོ་གསུངས་ཡོད་པ་མ་ཟད་མི་མང་མང་ཆེ་བས་བོད་མི་རིགས་དང་བོད་ཀྱི་རིགས་གཞུང་༸རྒྱལ་བ་དོན་གྱི་བདག་པོ་ཐུགས་བཞེད། སྐབས་དེ་དུས་ཀྱི་བོད་ནང་གི་རྫ་དྲག་གི་གནས་སྟངས་བཅས་ལ་ཐུགས་ཕན་སེལ་རེའི་བསམ་ཚུལ་མི་མཐུན་པ་མང་པོ་ཞིག་བྱུང་ཡོད། དེ་ཡང་མི་བཅུ་ལ་བསམ་པ་བཅུ་དང་། མཛོ་བཅུ་ལ་རྭ་ཁ་ཉེར་ཤུ་ཟེར་བ་བདེན་པ་ཡིན། བསམ་ཚུལ་དེ་དག་གི་ནང་འགའ་རེ་ནི་དངོས་ནས་ཕན་དོགས་འདུག་ཨང་པ་མང་པོ་བཤད་ཡོད། འོན་ཀྱང་མཐའ་མ་དེ་ལ་མ་གྲོས་བསམ་གཅིག་མཐུན་བརྒངས་ལ་བསྐྱགས་བཞག་དུས་ཚོགས་འདུ་ཉིན་གྲངས་དྲུག་བདུན་ཚོགས་པ་དེ་ཕན་དོགས་མེད་པ་ཞིག་བཟོས་སོང་། ཡང་བརྐྱར་གཞུང་མང་ཚོགས་ཆེན་ཆེན་མོ་ཞིག་སྐོང་བས་སྤྱི་དོན་ལ་ཕན་པའི་བྱ་བ་ཞིག་གཉེར་མི་ཐུབ་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese