མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཟེར་བའི་རྒྱལ་ཁབ་ཞིག་མེད་ཀི་ཟེར།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཁབ་འདིའི་ནང་དུ་ཡོང་མཁན་ཞིག་སྟེ། བོད་མི་ཞིག་གི་དངོས་ནས་བཤད་ན། ང་དང་བཅས་པའི་བོད་མི་བརྒྱད་རྒྱལ་ཁབ་འདིའི་བུད་མེད་ཚོའི་མཉམ་དུ་ཡོང་བ་རེད། ཁ་ཤས་ཤིག་ད་ལྟའི་འཆར་ཁ་ཁར་ཡང་སོང་ཟིན་པ་ཡིན། ང་རང་མ་རྩིས་པའི་འདིར་ཡོད་མཁན་གྱི་བོད་མི་བདུན་དེ་ནི་རྒྱལ་ཁབ་འདིར་ཡོང་དུས་སུ་བཟའ་ཚང་བྱས་དེ་ཡོང་བ་རེད་འདུག

ང་རང་དེང་ཐོག་འདིར་ཡོང་དུས་སུ། ངའི་མཛའ་མོ་དང་ངེད་གཉིས་དགའ་རོགས་ཀྱི་མིང་ཐོག་ནས་ང་རང་རྒྱལ་ཁབ་འདིར་འབྱོར། ང་རང་རྒྱལ་ཁབ་འདི་ལ་འཛུལ་བའི་ལག་ཁྱེར། ཐོངས་ཆེན་སྟེང་དུ་ཡང་ཡུལ་སྐོར་བ་ཞེས་བྲིས་ཡོད་ལ། དེ་ཡང་ཟླ་ངོ་གཅིག་ཏག་ཏག་ལས་མེད། ཐོངས་ཆེན་དེ་རེག་པ་ལ་ཡང་རྒྱལ་ཁབ་འདི་ནས་ཁོ་མོའི་ཕ་མ་གཉིས་ཀྱིས་ང་རང་གི་མིང་ཐོག་ལ་སྒྲོ་ལོར་བདུན་སྟོང་ལྔ་བརྒྱ་ཞིག་བཞག་འདུག་པ་དེ་ཡི་བཀའ་དྲིན་ཡང་ཡིན་ས་རེད། ང་རང་རྒྱལ་ཁབ་འདིར་སྟབས་བདེ་བོའི་ངང་ཐར་བ་རེད།

ཟླ་ངོ་གཅིག་འདས་སོང་། དེ་ནས་ཐོངས་ཆེན་ཞུ་རུ་སོང་དུས་སུ། ཟླ་ངོ་གསུམ་རིང་གི་ཡུལ་སྐོར་བའི་ཐོངས་ཆེན་ཞིག་སྤྲད་སོང་། ཟླ་ངོ་གསུམ་གྱི་རྗེས་སུ་ད་གཟོད་ལས་ཀ་བྱེད་ཆོག་པའི་ཐོངས་ཆེན་ཟླ་ངོ་དྲུག་ལ་རེག དེ་ཡང་རྒྱ་གར་ནས་འཁུར་ཡོང་བའི་ཡིག་ཆ་དེ་དག་གིས་ཕན་ཐོག་ཆེན་པོ་བྱུང་། ཡིག་ཆ་དེ་དག་ནི་ནག་ཅན་མིན་པའི་བདེན་དབང་དུ་གཉེན་རྟོག་པའི་རྒྱབ་གཉེར། སྐྱེས་ཚེས་ལག་ཁྱེར། རྒྱ་གར་ཁྲིམས་དཔོན་ཞིག་གི་ས་ནས་གཞུང་ནས་ཕྱི་ལོག་་སུ་འགྲོ་བར་བཀག་རྒྱ་མེད་པའི་ཡི་གེ་ཞིག་དང་ཐམ་ག

ལས་ཀ་འཚོལ་བའི་འགོ་བརྩམས། དེ་ཡང་ལམ་འགྲོ་བྱུང་ཟེར་ན་རེད། དཀའ་ལས་ཞེ་དྲག་མ་བྱུང་བར་མགྲོན་ཁང་སྐད་གྲགས་ཅན་ཞིག་གི་ནང་དུ་ལས་ཀ་རེག་སོང་། ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་མ་བྱན་ཆེན་མོ་ཆགས། ལས་ཀ་ནི་དངོས་ནས་ཡག་གི ཆ་རྐྱེན་ཡང་བཟང་གི དེ་ནས་མཛའ་མོའི་རེ་འདོད་ལྟར། ལས་ཀ་དེ་ལས་ཐོན་ནས་རྒྱལ་ཁབ་འདིའི་རྒྱལ་ས་རུ་གནས་སྤོར།

ལོ་ངོ་གཉིས་དང་ཕྱེད་ལྷག་གི་རྗེས་ཀྱི་དེ་རིང་ང་ལ་ཁོང་ཚོའི་རྒྱལ་ཁབ་ཀྱི་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུའི་སྐད་ཆ་བྱུང་བ་ལྟར། ངེད་གཉིས་ཀྱིས་དེ་ལ་ཡིག་ཆ་དག་སྔར་རྒྱུན་ལྟར་གྲྭ་སྒྲིག་བྱས་པ་ཡིན། ཟླ་ངོ་གཉིས་ཀྱི་རྗེས་སུ་དུས་ཆད་བཟོས་པ་ལྟར། དེ་རིང་ནི་ཟླ་ངོ་གཉིས་འདས་པ་རེད་ལ། ངེད་གཉིས་ལས་ཁུངས་སུ་བཅར་བ་ཡིན།

དང་བོ་ཁོ་མོ་ཁྲིད་དེ་བུད་སོང་། ངའི་བུ་མོ་ལ་བལྟས་དེ་ཁོ་མོར་སྒུག་ནས་བསྡད། སྐར་མ་བཞི་བཅུའི་རྗེས་སུ་ང་རང་སྐད་བཏང་སོང་། ནང་དུ་སླེབས་དུས་དྲི་བ་གཏོང་མཁན་ནི་བུད་མེད་གཉིས་རེད། ང་ལ་ཁྱེད་ལ་དྲི་བ་ཁ་ཤས་ཤིག་གཏོང་དགོས་ཀྱི་ཡོད། དེ་ལ་དབྱིན་སྐད་སྟེང་ནས་བྱེད། ཧེས་པོའི་སྟེང་བྱེད་ཟེར། ངས་དབྱིན་སྐད་གདམས་པ་ཡིན།

ངེད་གཉིས་ག་དུས་ཐུག་མིན། ཟླ་ཚེས། ལོ། གཉེན་མ་སྒྲིག་པའི་རྒྱུ་མཚན། ཁོ་མོ་ལ་གཉེན་འབྲེལ་ག་ཚོད་ཡོད་མེད། ང་རང་དེ་དག་དང་འབྲེལ་བ་ཡོད་མེད། ཁོ་མོའི་གྲོགས་པོ་གྲོགས་མོ་ག་ཚོད་ངོ་ཤེས་མིན། ལས་ཀ་གང་བྱེད་བཞིན་པ་དང་གང་བྱས་མྱོང་བ། རླངས་འཁོར་ཡོད་མེད། གཏོང་ཤེས་མིན། དྲི་བ་དེ་དག་ལ་ལན་མི་ཐེབས་པ་གཅིག་ཀྱང་མི་འདུག སྟབས་་བདེ་བོ་རེད། དེ་ནས་དེ་རིང་ནས་ཁྱེད་རང་ལ་ཐོབ་ཐང་ལག་ཁྱེར་རེག་གི་རེད། ཤོག་བུ་འདི་གཉིས་སྐོང་ནས་འདྲ་དཔར་གཉིས་འཁུར་ནས་ཤོག་ཟེར།

བར་སྐབས་ཤིག་ལ་ང་རང་སླར་ཡང་སྐད་གཏོང་གི་འདུག བུད་མེད་ཐོབ་ཐང་ལག་ཁྱེར་བཟོ་མཁན་ར་ཤི་ཡ་བུད་མེད་དེས། ང་ལ་ཁྱེད་རང་གི་རྒྱལ་ཁབ་གང་རེད་ཟེར། ངས་བོད་རེད་ཅེས་བཤད་པ་ཡིན། ཁོ་མོས་ད་ལྟ་ཁྱེད་རང་ལ་ཐོབ་ཐང་ལག་ཁྱེར་སྤྲོད་ཀྱི་ཡོད་པ་རེད། དེ་ཡིན་དུས་ཁྱེད་རང་རྒྱལ་ཁབ་གང་ནས་ཡིན་མིན་འབྲི་དགོས་པ་ཡིན་དུས། ངས་གློག་ཀླད་ནང་དུ་ག་ཚོད་བཙལ་ཡང་བོད་ཟེར་བའི་རྒྱལ་ཁབ་ཞིག་གཏན་ནས་རྙེད་ཐུབ་ཀྱི་མི་འདུག དེ་ཡིན་དུས་ད་ལྟ་བོད་ཟེར་བའི་རྒྱལ་ཁབ་ཞིག་གློག་ཀླད་ནང་གི་རྒྱལ་ཁབ་སོ་སོའི་རེའུ་མིག་ནང་དུ་གཏན་ནས་མི་འདུག དགོངས་དག ངས་གང་ལྟར་ས་མིག་ནང་དུ་རྒྱལ་ཁབ་ཞིག་གི་མིང་འབྲི་དགོས་པ་རེད་ཅེས་བཤད་སོང་།

ངས་ཁོ་མོ་ལ་འདི་ལྟར་བཤད། དྲང་བདེན་གྱི་སྐད་ཆ་ཞིག་བཤད་ན། བོད་ཟེར་བའི་རྒྱལ་ཁབ་ཞིག་ཡོད་པ་ཁྱེད་རང་གིས་ཀྱང་ཕལ་ཆེར་ཤེས་ཀྱི་ཡོད་ངེས་རེད།

སྤུན་ཟླ་ཚོ། ཁྱེད་ཅག་ཕྱི་རོལ་རྒྱལ་ཁབ་གང་དུ་ཡོད་དམ། ཁྱེད་ཀྱི་རྒྱལ་ཁབ་དེ་ཡི་ཐོབ་ཐང་ལག་ཁྱེར་བཟུང་ཡོད་ཚེ། དེ་ཡི་སྟེང་དུ་རྒྱལ་ཁབ་གང་གི་མིང་བྲིས་ཡོད་དམ། དྲང་བོར་ལན་རེ་ཐོབས་ཤིག

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༥ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༦ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༦ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 6

  1. timesofboy says:
    ལོ་ 15 སྔོན།

    ངའི་བསམ་ཚུལ་ལྟར་ཡིན་ན་འདི་ལ་དཀའ་ངལ་འཕྲད་དོན་མི་འདུག
    བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཞེས་པའི་ཚིག་འདི་ཡོངས་གྲགས་རེད།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    སྤུན་ཟླ་ཁྱེད་ཅག་གིས་རང་རང་གི་བསམ་ཚུལ་གསུངས་པ་དེར་དགའ་ནས་ཡོད། རེད་དེ། ངའི་རེ་བ་ལ་དྲ་ཐོག་གི་སྤུན་ཟླ་ཆེས་མི་ཉུང་བ་ཞིག་གིས་འདིའི་སྐོར་གླེང་ན་བསམ་ཡང་། ཁྱེད་ཅག་མི་ཁ་ཤས་ཤིག་མ་གཏོགས་སླེབས་མི་འདུག་པ་དེ་ནི་དངོས་ནས་སེམས་པ་ཅུང་སྐྱོ་བྱུང་།

    Reply
  3. karmadentse says:
    ལོ་ 15 སྔོན།

    ཁྱེད་རང་གནས་སའི་རྒྱལ་ཁབ་ཀྱི་ཐོབ་ཐང་ལག་འཁྱེར་རག་གི་ཡོད་པ་གོ་ནས་དགའ་ཡོད།

    Reply
  4. tse karma says:
    ལོ་ 15 སྔོན།

    ཡོ་རོབ་ནང་སྐྱབས་བཅོལ་ཞུ་མཁན་གི་ལག་ཁྱེར་ཚང་མའི་ནང་རྒྱལ་ཁོངས་རྒྱ་ནག་ཞེས་འབྲི་གི་འདུག་ལ་ངའི་ངོ་ཤེས་པ་བུ་མོ་གཉིས་གཉེན་སྒྲིག་ཐོག་ནས་སླེབས་འདུག་ཁོ་གཉིས་གི་ལག་ཁྱེར་ནང་ལ་འང་རྒྱ་ནག་ཞེས་བྲིས་འདུག་གོ། ཡོ་རོབ་ནང་ཧོ་ལན་དང་ འཇར་མན་ སྦེལ་ལྗམ་ སུད་སི་ གི་རིད་སི་བཅས་ནང་དེ་འདྲ་བྲིས་གི་འདུག། དེ་མིན་ངས་ཧ་གོ་མ་སོང།

    Reply
  5. khawa310 says:
    ལོ་ 15 སྔོན།

    དེ་ནི་གཙོ་བོ་སོ་སོས་སྐད་ཆ་བཤད་ཐུབ་མིན་ལ་རག་ལས་འདུག། ངའི་གྲོགས་པོ་ཞིག་ཨ་རིའི་བུ་མོ་ཞིག་དང་ཆང་ས་རྒྱག་ནས་ལག་ཁྱེར་ལེན་དུས་དེའི་དཀའ་ངལ་འཕྲད་འདུག ཐེངས་དང་པོས་ལས་བྱེད་རྣམས་གྱིས་རྒྱ་ནག་དང་རྒྱ་གར་གཉིས་གང་རུང་ཞིག་འབྲི་རྒྱུ་ཨུ་ཚུགས་བྱས་འདུག་མོད་ཁོས་ཨུ་ཚུགས་གྱིས་རྩོད་པ་རྒྱག་ནས་མཐའ་མཇུག་བོད་པ་ཞེས་འབྲི་ཐུབ་འདུག

    Reply
  6. rajashichen says:
    ལོ་ 15 སྔོན།

    གནས་ཚུལ་འདིའི་ཐད་ལ་བརྒྱུད་ལམ་ཁ་ཤས་ཤིག་འདུག ཆང་ས་ཐོག་ནས་ཕྱིར་སྐྱོད་མཁན་རྣམས་ལ་དཀའ་ངལ་འདི་ཡོང་གི་འདུག ས་ཁྲ་ཐོག་ཏུ་བོད་ཆེས་པའི་རྒྱལ་ཁབ་མེད་པ་གསལ་པོ་རེད ། དེ་སྔོན་ཡོད་ཀྱང་ད་ལྟ་རྒྱ་ནག་གིས་དབང་བསྒྱུར་འོག་ཤར་བ་རེད་ཅེས་གསལ་བྱེད་དྲང་བོར་བཤད་དགོས །

    ཨ་རི་ལ་ཆང་ས་ཐོག་འགྲོ་མཁན་ཕྲན་གྱི་གྲོགས་མོ་ཞིག་ལའང་དྲི་བ་འདི་ཡོང་སྟབས་དཀའ་ངལ་དེ་ག་རང་འཕྲད་འདུག མོས་དྲང་བཤད་བྱས་ཏེ་སྐྱེས་ས་བོད་ནང་རེད །རྒྱ་གར་ནང་སྐྱབས་བཅོལ་ལ་ཡོང་བ་ཡིན་ཞེས་བཤད་དུས། ས་ཁྲ་གཞིར་རྒྱ་ནག་རེད་ཅེས་མིང་ཐོ་བཀོད་སོང་ཟེར །

    ཇར་མིན་ལས་ལ་སྐྱོད་མཁན་བོད་མི་ལ་ལས་སྐྱེ་ཡུལ་དྲིས་དུས་རྒྱ་ནག་རང་བརྒྱབ་འདུག
    སྐྱབས་བཅོལ་ཡིན་ཞེས་རྒྱལ་ཁབ་གཞན་ལ་ཐོ་འགོད་བྱེད་མཁན་རྣམས་ལ་དཀའ་ངལ་འདི་ཡོང་གི་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese