མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་སློབ་མའི་ཚོགས་ཆེན་དུ་བསྐྱོད་པ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

འདུ་ཤེས་ཀྱིས་བསླངས་པའི་རྣམ་ཤེས་འབུས་སྟངས།



                                                                 སེར་ཤུལ་རིན་ཆེན་དོན་གྲུབ། ལྷོ་ཕྱོགས།


ངས་རང་ཉིད་ནས་འགོ་རྩོམ་པའི་བྱ་སྤྱོད་དེར་ཡི་རངས་བྱེད་བཞིན་ཡོད་ལ་བློ་གྲོས་དང་ནུས་པས་ལྕོགས་ཚོད་ཀྱིས་རང་ཉིད་དང་། རང་ཉིད་ཀྱི་ཁོར་ཡུག་དེ་ཚོར་ཞིབ་ལྟ་དང་ཞིབ་ཉན་བྱས་ཏེ་འདོར་ལེན་གྱི་བསྒྲགས་གཏམ་སྤེལ་བཞིན་ཡོད། དགའ་ཕྱོགས་འདིའི་ཐོག་ནས་ང་རང་སྨྱུག་འཛིན་པ་ཞིག་གི་གྲལ་མཇུག་ནས་ཨུ་ཚུགས་ཀྱིས་འཚང་ཁ་བརྒྱབས་ཤིང་། རྩོམ་པ་པོ་ཞེས་པའི་མིང་བྱང་འདི་རང་ཉིད་ཀྱི་སྤྱི་བོར་བཙན་ཚུགས་ཀྱིས་འགེལ་འདོད་སྐྱེས།

མགོ་རྣ་མི་གཙོ་དྲང་གཏམ་རང་ལུགས་ཀྱིས་བཤད་ན་དོན་ངོ་མའི་ཆ་ནས་རང་ཉིད་རང་གིས་ངོས་འཛིན་གསལ་བོ་ཞིག་བྱེད་ཐུབ་ཡོད་མེད་དང་། རང་ཉིད་ཤེས་ཡོན་པ་ཞིག་དང་རྩོམ་པ་པོ་ཞིག་ཡིན་མིན་གྱི་དྲིས་ལན་ཡང་རང་ཉིད་ལ་རབ་རིབ་སབ་སིབ་ཏུ་གྱུར། འོན་ཀྱང་ངས་རང་ཉིད་བོད་རིགས་ཤིག་ཡིན་པ་དང་། རང་ཉིད་རང་གི་རྒྱལ་ཁབ་གཞན་གྱིས་བཙན་འཕྲོག་བྱས་པའི་སྐྱབས་བཅོལ་བ་ཞིག་ཡིན་པའི་འདུ་ཤེས་ཀྱི་རྒྱུ་བ་འདིའི་འཕར་ལྡང་ཁྲོད་ནས་རང་ཉིད་ཀྱིས་ཐེག་ཚད་ཀྱི་འགན་འཁྲི་ཞིག་ཁུར་ཏེ། སྤྱི་ཚོགས་ཁྲོད་འཁྱར་མ་འཁྱོར་གྱི་གོམ་ཁ་ཞིག་སྤོ་འགོ་བརྩམས། གོམ་འགྲོས་འདིའི་ཆ་ཤས་ཁྲོད་ནས་གླེང་འོས་པ་ཞིག་ནི། སྤྱི་ལོ་ ༢༠༡༠ ལོའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་བར་མགྲོན་བརྡ་འབྱོར་བ་བཞིན་ཚོགས་ཆེན་དེར་མཉམ་ཞུགས་བྱས་པ་འདི་ཡིན།

ངས་རང་ཉིད་ལ་དྲི་རྟགས་སྣ་ཚོགས་འགོད་བཞིན་མགྲོན་བརྡ་འདི་དང་ལེན་བྱས་ཤིང་། རྒྱ་གར་ལྷོ་ཕྱོགས་ནས་རྒྱ་གར་བྱང་ཕྱོགས་བར་གྱི་ཉིན་མཚན་མང་པོའི་འགྲུལ་བཞུད་ཀྱི་དཀའ་ཚེགས་བརྒྱུད་དེ། ཟླ་དང་པོའི་ཚེས་ལྔ་ཉིན་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འབྱོར་ཞིང་། ཉིན་དེའི་ལས་རིམ་རྣམས་ལེགས་པར་གྲུབ་རྗེས་སླར་ཡང་དྲི་རྟགས་སྣ་ཚོགས་ཀྱི་ཀློང་རིམ་ཉུལ། ངས་རང་ཉིད་ཀྱི་གནས་སྐབས་ཀྱི་འགན་འཁྲི་སྟེ་བགྲོ་གླེང་འདིའི་ཐོག་ཤེས་ལྡན་མི་སྣ་ཚོ་དང་དོན་ཕན་ལྡན་པའི་བགྲོ་གླེང་ལྷུག་པོ་ཞིག་བྱ་ཐུབ་བབ། རིག་གཞུང་། ཁོར་ཡུག ཆབ་སྲིད་སོགས་ཀྱི་ཐད་ནས་བོད་ཀྱི་ན་གཞོན་ཤེས་ཡོན་པའི་འགན་འཁྲིའི་སྐོར་ཅི་འདྲ་ཞིག་གླེང་ཐུབ་བབ། གང་འདྲ་ཞིག་བསྒྲུབ་ཐུབ་བབ། འདིར་བསླེབས་པའི་མཐོ་སློབ་དང་གྲྭ་ཚང་ཁག་གི་སློབ་ཕྲུག་ཚོས་འགན་ཁུར་ལྡན་པའི་ཆ་ཤས་ཅི་འདྲ་ཞིག་ལེན་ནམ། དྲི་རྟགས་འདི་དག་གིས་ཡང་ཡང་སྒུལ་ཤུགས་འོག་ནས་དུས་ཚོད་ཀྱི་ཐག་སྒྲ་བསུས་ཤིང་། ཡང་བསྐྱར་དྲི་རྟགས་འདི་དག་གི་ཀློང་དུ་འཁྱམས།

བོད་ཡིག་གིས་ཆེན་པོར་བྲིས་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་བ་ཞེས་པའི་མིང་བྱང་འདིས་སྙིང་ལ་དྲོད་སིམ་སིམ་གྱི་ཚོར་བ་ཞིག་སྟེར་འོང་ལ། ཚོགས་ཆེན་འདིའི་ཐོག་ཆེད་དུ་བཅར་བའི་བོད་ཕྲུག་སློབ་མ་ཚོའི་ལྷད་མེད་དྭངས་གཙང་གི་གཤིས་ཀ་དང་མི་རིགས་དང་རིག་གཞུང་ལ་བཅངས་པའི་འདུ་ཤེས་དེས་མི་མངོན་པའི་གསང་བའི་ཞིང་ཁམས་ཤིག་ནས་གཏིང་ཟབ་ཅིང་ཁྱོན་ཡངས་པའི་བརྩེ་སེམས་ཀྱི་མཚོ་མོ་ཞིག་ཀྱང་ངང་གིས་བསྐྱིལ་འོང་། ལྷག་པར་དུ་མགོ་སྐྲ་སེར་བོར་བྱས་ཤིང་ཆ་ལུགས་ཡ་མ་ཟུང་གི་བོད་ཕྲུག་འགའ་ཞིག་ཡོད་པ་ཚོས་ཀྱང་རང་ཉིད་ཀྱི་འདུ་ཤེས་འཛིན་སྟངས་དང་བསམ་སྤྱོད་ཕལ་མོ་ཆེ་བོད་མི་རིགས་དང་། བོད་ཀྱི་ཡང་དག་པའི་རིག་གཞུང་སྲུང་འཛིན་གྱི་ཕྱོགས་ན་ཡོད་པའི་རྣམ་འགྱུར་དེས་བོད་ཀྱི་མི་རབས་གསར་བ་ཚོར་རེ་བ་སྣོན་མ་ཞིག་ཀྱང་ངང་གིས་འཕེལ།

རང་ངོ་རང་ཤེས་དང་། རང་འགན་རང་ཁུར། འདི་ནི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་རྩ་འཛིན་བསྒྲགས་གཏམ་རེད། རང་ཉིད་རང་གི་རྒྱལ་ཁབ་གཞན་གྱི་བཙན་འོག་ཏུ་ཤོར་བའི་སྐྱབས་བཅོལ་བ་ཞིག་དང་། རང་ཉིད་ངེས་མེད་ས་མཐར་འཁྱམས་པའི་མ་འོངས་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱུད་འཛིན་བྱེད་མཁན་གྱི་བུ་ཕྲུག་ཅིག་ཡིན་པ་ངོ་ཤེས་རྒྱུ་ནི་རང་ངོ་རང་ཤེས་ཀྱི་སྙིང་དོན་དངོས་ཡིན་པ་འདྲ། རང་ཉིད་ཀྱི་གནས་བབ་དེ་ལྟར་ཡིན་པ་ངོས་ཟིན་པའི་ཐོག་ནས་རང་ཉིད་ལ་འཁྲི་བའི་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་པའི་འགན་འཁྲི་དང་། རིག་གཞུང་སྲུང་སྐྱོབ་ཀྱི་འགན་འཁྲི། ཀུན་སྤྱོད་རང་སྲུང་གི་འགན་འཁྲི་སོགས་ལ་ཤུགས་སྣོན་བརྒྱག་རྒྱུ་ནི་རང་འགན་རང་ཁུར་གྱི་ཟབ་ཡངས་བརྗོད་དོན་རེད།

ཉིན་འདི་ནས་བཟུང་བོད་རིགས་མཐོ་རིམ་སློབ་མ་ནང་ཁུལ་གྱི་ཆིག་སྒྲིལ་དང་། བོད་མི་རིགས་ཀྱི་རྩ་དོན་སྒྲུབ་ཐུབ་ཀྱི་ལས་འཆར། རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ། གཞིས་བཞུགས་བོད་རྒྱ་ཆེའི་མི་མང་སྤྱི་དང་ཁྱད་པར་གཞིས་བཞུགས་མཐོ་རིམ་སློབ་མའི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སོགས་ལ་ཡི་རངས་བསྔགས་བརྗོད་དང་། རྒྱབ་སྐྱོར་ལས་འཆར་སོགས་ཀྱི་བརྗོད་གཞི་ལ་བགྲོ་གླེང་དང་གྲོས་བསྡུར་ལྷུག་པོར་གནང་རྗེས་ཉིན་བཞིའི་རིང་གི་བོད་རིགས་ཁེ་གཙང་གི་ཚོགས་ཆེན་དེ་མཇུག་ཡོངས་སུ་བསྒྲིལ་སོང་། ད་དུང་ཅུང་དམིགས་བསལ་གྱི་རྣམ་པ་ཞིག་ནི་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་འགོ་འཁྲིད་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་དང་། དཔལ་རྒྱལ་བ་ཀརྨ་མཆོག་རྣམ་པ་གཉིས་ཀྱིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མཁས་པ་དང་གནད་ཡོད་མི་སྣ་མང་དག་ཅིག་ཆེད་ཕེབས་ཀྱིས་ཚོགས་ཆེན་འདི་ལ་རྒྱབ་སྐྱོར་དང་འདེང་འཇོག་གི་གསུང་བཤད་གནང་བ་དང་། བོད་ཀྱི་མི་རབས་གསར་བ་ཁེ་གཙང་གིས་གོ་སྒྲིག་དང་མཉམ་ཞུགས་བྱས་པའི་ཚོགས་ཆེན་འདི་ཧ་ཅང་གལ་ཆེན་དུ་བརྩིས་ཏེ་མངོན་པར་བསྟོད་ཅིང་མུ་མཐུད་མཇུག་སྐྱོང་གི་བརྒྱུད་སྐུལ་ཡང་གནང་།

ཡང་བསྐྱར་བསམ་གཞིག་བྱེད་སྐབས་ཚོགས་ཆེན་འདི་ནི་ཆེས་སྤྱིར་བཏང་རང་བཞིན་གྱི་ཚོགས་ཆེན་ཞིག་ཏུ་མཐོང་མོད་ཞིབ་ཚགས་ཀྱིས་བལྟས་ན། ཚོགས་ཆེན་འདིར་ཆིག་སྒྲིལ་རང་བཞིན་དང་མི་རིགས་རང་བཞིན་གྱི་བསམ་བློ་ལྡན་པ་མ་ཟད། རྒྱུན་འབྱམས་རང་བཞིན་གྱི་གོམ་སྲོལ་ཏེ་མཁས་པའི་མིང་ཅན་དང་ཕྱི་ཕྱོགས་ཀྱི་ཆེད་མཁས་པའི་མིང་ཅན་དག་གིས་གཏམ་བཤད་རྐྱང་རྐྱང་གིས་འགོ་བཙུགས་ཏེ་མཇུག་བསྡུ་བ་མ་ཡིན་པར་བོད་རིགས་ནང་ཁུལ་དང་། སློབ་མ་ནང་ཁུལ། གཞོན་སྐྱེས་ནང་ཁུལ། སྐྱ་སེར་ནང་ཁུལ་བཅས་ལ་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན་གྱི་གླེང་སྟེགས་ཤིག་ཡིན་པས་ཆོས་ལུགས་རིས་མེད་དང་། སྐྱ་སེར་དབྱེར་མེད་ཀྱི་མཐུན་སྒྲིལ་ལྕགས་ཀྱི་གོང་བུ་འདི་ནས་འཛུམ་པའི་རེ་བ་ཆེ་ལ། སྐད་ཡིག་བསྲེ་ལྷད་མི་བྱེད་པ་དང་རང་གི་རིག་གཞུང་ལ་དུང་བའི་མཛའ་སེམས་ཀྱི་མཚོ་མོ་འཁྱིལ་བའི་བླ་སྲོག་རྒྱུན་མཐུད་ཀྱི་མཁའ་དབུགས་གསོན་པོ་ཞིག་འདི་ནས་འཕྱུར་བའི་ཡིད་ཆེས་ཟབ།

ཚོགས་བཅར་བའི་ཁྲོད་དུ་ཚེ་སྲོག་བློས་གཏོང་གིས་རྒྱལ་ཁབ་ཀྱི་རང་དབང་སྲུང་བའི་རྒྱལ་གཅེས་པ་དང་། ཆབ་སྲིད་གནད་དོན་གྱིས་རྡུང་རྡེག་སྣ་ཚོགས་དངོས་སུ་མྱོང་ཞིང་འཁྱུག་ཙམ་རང་དབང་གི་ཡུལ་གྲུ་འདིར་སླེབ་པའི་རྒྱལ་གཅེས་ན་གཞོན་པ་གང་མང་ཡོད་པས་རྒྱལ་གཅེས་འདུ་ཤེས་ཀྱི་འོད་སྣང་འདི་ནས་འཕྲོ་བའི་ཚོད་དཔག་བྱེད་ཆོག ད་དུང་ཆེས་གནད་འགག་ཅན་གྱི་བཟང་ཆ་ཞིག་ཡོད་པ་ནི་ཚོགས་ཆེན་འདི་བརྒྱུད་དེ་ཚོགས་བཅར་བ་རང་རང་གི་དམིགས་ཡུལ་དང་ལས་བསྡོམས་སོགས་ངོ་སྤྲོད་བྱེད་ཆོག་པ་དང་། དེ་ལ་བརྟེན་ནས་བོད་རིགས་ན་གཞོན་ཚོའི་འཚོ་བའི་ཁོར་ཡུག་དང་ཉིན་རེའི་བྱེད་སྒོ་སོགས་མི་གཅིག་ཀྱང་། མཐར་ཐུག་གི་དམིགས་ཡུལ་དང་བསྒྲུབ་བྱ་གཅིག་པ་ཡིན་པའི་ངེས་ཤེས་སྐྱེས་ཤིང་ངེས་པ་རྙེད་འོང་། དེ་ནི་དམིགས་ཡུལ་གཅིག་ལ་མདུན་མཆོང་གི་སྤོབས་པ་དང་ཕན་ཚུན་ཡིད་ཆེས་ཀྱི་རྩ་བ་ཚུགས་པའི་སྒོ་ཆེན་ལྟ་བུར་གྱུར་བས། འདི་ནི་ཚོགས་ཆེན་འདིའི་གྲུབ་འབྲས་ཆེ་གྲས་ཤིག་ཡིན་ལ་བསྔགས་པར་འོས་པ་ཞིག་ཀྱང་ཡིན་སྟབས། ཚོགས་ཆེན་འདི་ངེས་པར་དུ་རྒྱུན་མཐུད་དགོས་པར་མཐོང་།

བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་དང་བོད་རྒྱལ་ཁབ་ཀྱི་མ་འོངས་པའི་བདག་པོར་འབོད་པའི་བོད་རིགས་ན་གཞོན་ཚོ་གཞན་གྱིས་བཀོད་ཁྱབ་མེད་པར་བསམ་བློ་རང་དབང་དང་། དང་བླང་རང་བཞིན་གྱིས་འཛོམས་ཏེ་རྒྱལ་ཁབ་ཀྱི་མ་འོངས་པ་དང་། སྐད་ཡིག་གི་ཚེ་སྲོག་མྱུར་སྐྱོབས་ཀྱི་གྲོས་བསྡུར་བྱེད་པ་ནི་ད་ལྟའི་བོད་ཀྱི་གནས་བབ་ལ་དཔག་པའི་ལས་འཆར་ཡག་ཤོས་ཤིག་རེད། དེས་ན་བདག་ཀྱང་བོད་རིགས་མཐོ་རིམ་སློབ་མའི་ཚོགས་བཅར་བ་ཞིག་ཡིན་པའི་ངོས་ནས་ཚོགས་ཐེངས་རྗེས་མ་ནས་འདི་ལས་ཡར་རྒྱས་དང་རྒྱུན་མཐུད་ཡོང་བའི་རེ་བ་དང་། འདི་ཉིད་བོད་རྒྱལ་ཁབ་ལ་དགོས་ངེས་ཀྱི་ལས་བྱ་ཞིག་ཏུ་མཐོང་ཞིང་། འདི་ཉིད་རྒྱལ་ཁབ་ཀྱི་བླ་སྲོག་འདེགས་པའི་མི་རབས་གསར་བའི་སྡིངས་ཆ་ཞིག་ཏུ་འགྱུར་བའི་རེ་བློས་སྤེལ་བའོ།།


ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༠ ས་རྭ་མཐོ་སློབ་ཏུ་བྲིས།

 

 

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦

མཆན། 8

  1. སེར་ཤུལ་རིན་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    རིག་འཛིན་ལགས་ཀྱིས་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ། མུ་མཐུད་འབད་ངེས།

    Reply
  2. རིག་འཛིན། says:
    ལོ་ 15 སྔོན།

    དོན་དངོས་ལ་བལྟ་བའི་མིག་ཞིག་ཡོད་ན་་་་ཡང་ཡང་བཀླག་འདོད་པའི་རྩོམ་ཡིག་འདི་རུ་བྲིས་འདུག
    ཉན་ཤེས་ལྡན་པའི་བུ་ཞིག་ཡོད་ན་་་་་ང་ཚོར་གོ་དགོས་པའི་གཏམ་བཟང་འདི་རུ་གསུངས་འདུག
    རང་བཞིན་དུ་གནས་པའི་སེམས་པ་ཞིག་ཡོད་ན་་་་་བརྗེད་མི་ཕོད་བསླབ་བྱུ་འདི་རུ་གནང་འདུག
    ལེགས་ཉེས་རྟོགས་མཁན་མི་བུ་ཞིག་ཡོད་ན་་་་རིན་ཆེན་དོན་འགྲུབ་ལ་ཅི་ཕྱིར་བསྔགས་བརྗོད་མི་ཞུ།
    ཕ་བཟང་གི་བུ་་་་་རིགས་བཟང་གི་བུ་་་་གངས་ཅན་པའི་བུ་་་་་ད་དུང་མུ་མཐུད་དེ་ཡིན་དྭ་་་་་་་

    Reply
  3. སེར་ཤུལ་རིན་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    ལྷོ་ཕྱོགས་ཉི་ཟླ་ལགས་ཀྱིས་རྒྱབ་སྐྱོར་དང་བསམ་ཚུལ་གསུང་བར་ཐུགས་རྗེ་ཆེ། མུ་མཐུད་འབད་ངེས་ཡིན།

    Reply
  4. སེར་ཤུལ་རིན་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    གནས་ཚང་ལགས་ཕེབས་ནས་བསམ་ཚུལ་གསུང་བར་ཡི་རང་ཞུ།

    Reply
  5. སེར་ཤུལ་རིན་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    འཇའ་ཐང་འབྲོག་བུས་བསམ་ཚུལ་གསུང་བར་ཡི་རང་ཞུ། གསལ་བཤད་ཅུང་ཙམ་བྱེད་རྒྱུར། ངས་མཐོ་རིམ་སློབ་མའི་ཚོགས་ཆེན་དུ་མཉམ་ཞུགས་བྱེད་ཐུབ་པ་དེ་ཧ་ཀྱང་གི་གཟི་བརྗིད་ཆེན་པོ་ཞིག་ཏུ་བརྩིས་ནས་རང་ཉིད་ཁྱབ་བསྒྲགས་བྱེད་འདོད་ཀྱི་ཀུན་སློང་རྩོམ་འདི་འབྲི་བའི་འགོ་རྔ་བར་གསུམ་ན་མེད། འདིའི་དགོས་དམིགས་གཙོ་བོ་ནི་བོད་རིགས་གཞོན་སྐྱེས་ཁེ་གཙང་གི་ཚོགས་ཆེན་འདི་བོད་རྒྱལ་ཁབ་ཀྱི་ཞབས་འདེགས་ཞུ་བའི་ཚོགས་ཆེན་ཞིག་ཏུ་འགྱུར་རེ་ཁོ་ན་ཡིན། འོན་ཀྱང་ཁྱོད་ལ་འདི་ལྟར་སྣང་བ་དེ་ཡང་ཁྱོད་ཀྱིས་བལྟ་ཕྱོགས་ཤིག་གིས་ཡིན་པས་དེར་དགག་དགོས་གང་ཡང་མ་མཆིས། གསང་མིང་འོག་ནས་ཚོར་སྣང་གསུང་བར་ཐུགས་རྗེ་ཆེ།

    Reply
  6. འཇའ་ཐང་འབྲོག་བུ། says:
    ལོ་ 15 སྔོན།

    སེར་ཤུལ་རིན་ཆེན་དོན་འགྲུབ་ཅེས་པའི་མི་འདི་ང་རྒྱལ་ཚ་བོ་ཅན་ཞིག་རེད། སྤྱིར་བཏང་ང་རྒྱལ་དང་ཕྲག་དོག་མི་སུ་ལ་ཡང་ཡོང་གི་ཡོད་པའི་ཆེས་སྤྱིར་བཏང་གི་གནས་ལུགས་ཤིག་ཡིན་ཡང་རང་གིས་རང་ལ་ཆེ་བསྟོད་དང་རང་གིས་རང་ལ་མཐོང་སྤྲད་པ་དེ་ཙམ་གྱི་ལེན་པོ་རང་མི་འདུག སྐུ་ཉིད་མཐོ་རིམ་སློབ་མའི་མགྲོན་ཤོག་འབྱོར་བ་དེ་སྐུ་ཉིད་ཀྱིས་འབད་པའི་འབྲས་བཟང་ཡིན་ཡང་འབྲས་བཟང་དེ་ཕྱིར་བསྒྲགས་བྱེད་མཁན་གྱི་གང་ཟག་ཡང་མི་གཉིས་པ་ཞིག་དགོས། སྤྱིར་ཆ་ནས་བཤད་ན་ང་རྒྱལ་དང་ཕྲག་དོག་དེ་ཚོ་གྲྭ་བ་རབ་ཏུ་བྱུང་བ་ཞིག་གི་སྤང་བྱའི་གཙོ་བོ་ཡིན། དེས་ཕྱིར་རང་ཉིད་དམའ་སར་བཟུང་དགོས། ངེད་ཀྱིས་བལྟས་ན་ཇོ་བོ་བཀའ་གདམས་པའི་ཕུགས་ནོར་བཅུ་གང་ཡིན་རང་མཁས་པར་རློམ་པའི་མི་འདིས་ཤེས་ཀྱི་མེད་པ་འདྲ། གཏམ་ཅི་བཤད་རང་སྣང་རྐྱང་རྐྱང་རེད། གདན་སའི་གྲལ་མཐའ་ནས་འཚར་ལོངས་བྱུང་བའི་དོན་གོ་ཐོས་རྟགས་ཉོན་མོངས་ཆུང་བ་དང་སྒོམ་རྟགས་ཤེས་རབ་ཆེ་བ་ཞིག་མེད་ན་གདན་ས་ནས་རོགས་མེད་རྐྱང་བའི་སྡུག་བསྔལ་མྱོང་བ་དེ་སྡུག་གྱོང་རེད། ཁྱེད་རང་མཁས་པ་ཡིན་ན་དམའ་ས་བཟུང་དགོས། གདན་ས་ནས་བཀའ་ཐུབ་སྤྱོད་པའི་འབྲས་བུ་མཐོ་རིམ་སློབ་མའི་མགྲོན་ཤོག་འབྱོར་བ་འདི་གཅིག་པུ་མ་ཡིན།

    Reply
  7. གནས་ཚང་། says:
    ལོ་ 15 སྔོན།

    རྩོམ་འདི་ཡག་པོ་ཞེ་དྲག་རེད། ཡིན་ནའི། བཟང་ཆ་གླེང་ཚར་འདུག ད་སྐྱོན་གྱི་ཐད་ནས་གླེང་ཡ་ཡོད་ན་རབ་ཅིག་ཡོང་ས་རེད།

    Reply
  8. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    དྲ་གྲོགས་རིན་ཆེན་དོན་གྲུབ་ལེགས་ཉིད་ཀྱི་དགོངས་ཚུལ་ལ་ངོ་མ་རྒྱབ་སྐྱོར་ཡོད། ཡིན་ཡང་རང་ཉིད་དགའ་ཕྱོགས་ལས་གཞན་ཐེར་འདོན་བྱས་མེད་པ་འདི་དེང་སང་རྩོམ་པ་པོ་ཞིག་གི་ཞན་ཆ་ཞིག་ཏུ་སྣང་།
    བོད་རིགས་མཐོ་སློབ་ནང་ཁུལ་དུ་བོད་ཡིག་རང་གི་སྟེང་ལ་ཉིད་ཀྱི་ཉམས་ཞིབ་རེ་བྱས་ཡོད་པས་རྣམ་འབྱོར་དུ་གསལ་ཅིང་དེ་ཙམ་གྱི་རྗེས་ཞིབ་ཞིག་གནང་ཨེ་ཡོད་བསམ་སོང་།
    སྤྱིར་སྟངས་དཔྱད་བརྗོད་འདི་ལ་དོན་སྙིང་འདུག་པས་དྲ་གྲོགས་ཉིད་ལ་མུ་མཐུད་དུ་སྤེལ་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese