མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་མདུན་གྱི་གསུང་ཆོས་ཐེངས་གཅིག་གི་དོ་ཟླར་མི་ཡོང་།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁག་ཅིག་གིས་༧གོང་ས་མཆོག་ལ་ “བླ་རྒན” དང་སྐུའི་ཆབ་སྲིད་འགན་དབང་བསྒྱུར་བཅོས་ཐོག་སྤྱི་འཐུས་ལ་ནུས་པ་མེད་ཟེར་གྱི་འདུག སྤྱིར་མང་གཙོའི་ལམ་སྲོལ་ཐོག་སྐད་ཆ་ག་རེ་བཤད་ན་འགྲིག་ཀྱང་། བཤད་ཟིན་པ་དོན་ལ་གནས་རྒྱུ་ཤིན་ཏུ་གལ་ཆེན་རེད། ཅེས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གསུངས།

དེ་རིང་ཕྱི་ཚེས་ ༡ ཉིན་གྱི་ཞོགས་པར་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས། ༼དཀའ་ཚེགས་ཆེ་བའི་ལམ་བུ༽ཞེས་པའི་དེབ་ཕྲེང་བརྒྱད་པ་དེ་དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོར་བོད་གཞུང་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གཙོས་པའི་ལྷན་ཁང་ཁག་གི་དྲུང་ཆེ་དང་སྤྱི་འཐུས་རྒྱུན་ལས་བཅས་མཉམ་ཞུགས་གནང་འདུག  

ཚོགས་འདུའི་སྟེང་གྲྭ་བག་གྲོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་དམིགས་ཡུལ་སྐོར་བརྗོད་དོན། དཔེ་དེབ་འདི་ངའི་དེབ་ཕྲེང་བརྒྱད་པ་ཆགས་ཡོད། ང་རང་བཙན་བྱོལ་དུ་ཡོང་སྐབས། བོད་ནང་གི་ཆབ་སྲིད་བཙོན་པ་ཁག་ཅིག་གིས་ང་ལ་རྒྱ་སྒོར་ ༡༥༠༠ ཙམ་སྤྲད་བྱུང་ལ། ཁོང་ཚོས་ང་ལ་ངྷ་རམ་ས་ལར་འབྱོར་རྗེས། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་འཛམ་གླིང་མི་མང་བཅས་ལ་བོད་མི་རིགས་ཀྱི་དཀའ་སྡུག་ཞུ་སྐུལ་གནང་དགོས་ཞེས་མངགས་བཅོལ་བྱས་སོང་། ངས་ཁོང་ཚོས་སྤྲད་པའི་སྒོར་མོ་དེ་སྒོར་དུང་ཕྱུར་ལས་རྩ་ཆེར་བརྩིས་ཏེ་རེ་བ་ཆུད་ཟོས་སུ་མ་བཏང་བར། ལོ་ངོ་བཅུ་ཕྲག་རིང་བཙན་བྱོལ་སྤྱི་ཚོགས་སུ་བོད་དོན་ཐོག་ཅི་ཡོང་བྱས་ཏེ་དཔེ་དེབ་བརྒྱད་བརྩམས་པ་ཡིན། ཞེས་བརྗོད་བྱུང་།

 

ཁོས་མུ་མཐུད་དུ་བརྗོད་དོན། དཀའ་ཚེགས་ཆེ་བའི་ལམ་བུ་ཞེས་པའི་དེབ་འདི་འབྲི་དོན་ནི། རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་རྗེས། སྐུ་ཕྲེང་བཅུ་གསུམ་དང་བཅུ་བཞི་བཅས་ཀྱིས་དམིགས་བསལ་བོད་བསྟན་སྲིད་ཆེད་སྐུ་ངལ་ཚད་མེད་བསྐྱོན་ཡོད་ལ། ལྷག་དོན་དུ་བཙན་བྱོལ་དུ་བོད་ཀྱི་ཆོས་དང་རིག་གཞུང་གསོན་པོར་གནས་ཐུབ་པ་འདི་༧གོང་ས་མཆོག་ཁོ་ནའི་ཐུགས་རྗེའི་བཀའ་དྲིན་རེད། བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཀྱིས་མཚོན་པའི་གནས་སྟངས་མང་པོའི་ཐོག་འགྱུར་ལྡོག་བྱུང་སྟེ། བཙན་བྱོལ་དུ་ཤེས་ཡོན་ཅན་དང་རྩོམ་པ་པོ་སོགས་མང་པོ་ཞིག་བྱུང་ཡོད་ཀྱང་། ༧གོང་ས་མཆོག་དང་བོད་གཞུང་ལ་ཟུར་ཟ་དང་མཚན་སྨོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ངས་རྩོམ་འཆལ་དེ་དག་ལ་ཞིབ་འཇུག་བྱས་སྐབས་བོད་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་སྐད་ཆ་སྣ་གཅིག་བཤད་མི་འདུག གལ་སྲིད་རྩོམ་དེ་ཚོར་ཁུངས་ལུང་བཙན་པོ་ཡོད་ན། རྩོམ་གྱི་མཇུག་ཏུ་རང་ཉིད་ཀྱི་མིང་དང་ཁ་བྱང་གསལ་པོར་འགོད་དགོས་ངེས་ཡིན། དེ་མིན་གཞུང་དང་མི་དམངས་བར་འགལ་ཟླ་བཟོ་བ་དང་། མི་མང་ནང་ཁུལ་དུ་ཡིད་ཆེས་མེད་པ་བཟོས་ན་ཡག་པོ་མེད། སྤྱིར་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་ཅན་དང་རྩོམ་པ་པོ་ཚོར་རྒྱ་གཞུང་ཁ་གཏད་གཅོག་རྒྱུའི་མཐུན་རྐྱེན་དང་གོ་སྐབས་གཉིས་ཀ་ཡོད་ཀྱང་། ཁོང་ཚོས་བསྒྲུབ་དགོས་པ་དེ་མི་བསྒྲུབ་པར་བོད་གཞུང་ལ་ཁ་རྡུང་བཏང་སྟེ་ཉི་མ་གང་འཁྱོལ་བྱས་ན་ཐབས་སྐྱོ་བོ་རེད། རྒྱ་གཞུང་གི་མཚན་སྨོད་ལ་ལན་འདེབས་བྱེད་མཁན་བོད་དུ་དྲག་གནོན་འོག་ཡོད་པའི་རྩོམ་པ་པོ་འོད་ཟེར་དང་ཐེའུ་རང་སོགས་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་བརྗོད་དོན། གྲྭ་བག་གྲོ་ལགས་བོད་དུ་བཞུགས་སྐབས། བོད་དོན་ལས་འགུལ་ནང་ཐེངས་དུ་མར་མཉམ་ཞུགས་བྱས་ཡོད་ལ། གནད་དོན་དེའི་རྐྱེན་གྱིས། རྒྱ་གཞུང་གིས་ཁོིང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། བཙན་གྲོལ་ཐོབ་ཏེ་བཙན་བྱོལ་དུ་འབྱོར་རྗེས་སུའང་། ཁོང་གིས་འཛམ་གླིང་རྒྱལ་ཁབ་ཁག་ ༣༠ ནང་སྐོར་བསྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པས། ངས་བཙན་བྱོལ་བོད་གཞུང་གི་ངོས་ནས་ཁོང་ལ་ཐུགས་རྗེ་ཆེ་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ལ། གཞིས་ལུས་མི་མང་གི་རེ་འདོད་ལྟར་མ་འོངས་པར་ཡང་བོད་དོན་ཐོག་མུ་མཐུད་ཕྱག་ལས་གནང་རོགས། ཞེས་འབོད་སྐུལ་ཞུས་སོང་།

 

མི་སྒེར་རེ་ཟུང་གིས་༧གོང་ས་མཆོག་ལ་འཛིན་པའི་ལྟ་ཚུལ་ཐད་ཁོང་གིས། འཛམ་གླིང་ཐོག་རྒྱལ་ཁབ་མང་པོ་ཡོད་པའི་ཁྲོད་། བོད་གངས་ཅན་ལྗོངས་ནི་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གྱུར་ཏེ། ཆོས་རྒྱལ་རིན་བྱོན་ཐོག་རྒྱལ་བ་ལྔ་པ་ནས་བཅུ་གསུམ་བར་ཕེབས་ཡོད་ཅིང་། དེའི་ནང་དམིགས་སུ་བཀར་ཏེ་བཏོན་པ་རྒྱལ་བ་ལྔ་བ་དང་བཅུ་གསུམ། བཅུ་བཞི་པ་བཅས་ཡིན། ཁོང་ཚོའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཏེ་དོ་སྣང་དགོས་རྒྱུ་གལ་ཆེན་རེད། ༧གོང་ས་བཅུ་བཞི་པའི་ནུས་སྟོབས་ཀྱིས། ད་ལྟ་རྒྱལ་སྤྱིའི་སྟེང་བོད་པ་ཞེས་ལབ་དུས་ཚང་མས་བཤད་བསྡད་པ་ཞིག་དང་། ཆ་འཇོག་ཡོད་པ་ཞིག་ཆགས་ཡོད་པ་ལས་དཔའ་ཞུམ་པ་དང་ངོ་ཚ་དགོས་པའི་གནས་སྟངས་གང་ཡང་ཆགས་མེད། ཅེས་དང་།

ཡང་ཁོང་གིས་མི་མཐུད་དོན། ཁ་ཤས་ཀྱིས་༧གོང་ས་མཆོག་གིས་ཆོས་ཕྱོགས་ཀྱི་ཕྱག་ལས་གནང་ན་འགྲིག་གི་མི་འདུག ཆབ་སྲིད་ཀྱི་ཕྱག་ལས་མང་ཙམ་གནང་དགོས་ཟེར་བ་དང་། རིགས་ཁ་ཤས་ཀྱིས་༧གོང་ས་མཆོག་གི་ཕྱག་ལས་གནང་སྟངས་ཡག་པོ་ཡོད་ནའང་། ཁོང་སྐུ་དངོས་ནས་ཞི་བའི་གོམ་བགྲོད་དང་ཟས་བཅད་ངོ་རྒོལ་གནང་ཐུབ་ན་ཡག་ས་རེད་ཟེར་མཁན་ཡོང་གི་འདུག ཁག་ཅིག་གིས་༧གོང་ས་མཆོག་ལ་ “བླ་རྒན” དང་སྐུའི་ཆབ་སྲིད་འགན་དབང་བསྒྱུར་བཅོས་ཐོག་སྤྱི་འཐུས་ལ་ནུས་པ་མེད་ཟེར་གྱི་འདུག སྤྱིར་མང་གཙོའི་ལམ་སྲོལ་ཐོག་སྐད་ཆ་ག་རེ་བཤད་ན་འགྲིག་ཀྱང་། བཤད་ཟིན་པ་དོན་ལ་གནས་རྒྱུ་ཤིན་ཏུ་གལ་ཆེན་རེད། ང་ཚོས་༧གོང་ས་མཆོག་གི་མཛད་འཕྲིོན་ཁོ་ནར་བསམ་བློ་བཏང་ཡང་། གསུང་ཆོས་ཐེངས་གཅིག་གསུངས་པའི་སྐབས་སུའང་རླབས་ཆེན་གྱི་ཕྱག་ལས་ཅི་ཙམ་གནང་ཡོད་མེད་བསམ་བློ་གཏོང་དགོས། དེ་མིན་འཆལ་གཏམ་བཤད་མཁན་ཞིག་གིས་མི་ལོ་སྟོང་ཕྲག་རིང་འཛམ་གླིང་སྐོར་བརྒྱབ་ཀྱང་། སྐུ་མདུན་གྱི་གསུང་ཆོས་ཐེངས་གཅིག་གི་དོ་ཟླར་མི་ཡོང་། ཞེས་གསུངས་བྱུང་།

                                                                                                              གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 9

  1. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ༈ ཆོས་རིགས་བཀའ་བློན་ཚིག་ནི་སྟོང་པ་རེད་ཤག གོ་རྒྱུ་གང་ཡང་མི་འདུག རྗེས་སོར་ཁོང་གི་གསུང་བཤད་འདྲ་གནང་རྒྱུ་ཡོད་ན་ཐོག་མ་ནས་ཡག་པོ་གྲ་སྒྲིག་གནང་སྟེ་གསུང་ཐུབ་ན་ཡག་པོ་ཡོང་ས་རེད་ཐུགས་འཇགས་ཞུ།།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ཆོས་རིག་བཀའ་བློན་མཆོག་ལ་ཆོས་སྲིད་ཀྱི་མཁྱེན་རྒྱ་མེད་ན་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་ཆོས་རིག་བཀའ་བློན་ཕོག་མི་ཐུབ་པ་ཀུན་གྱི་མཁྱེན་གསལ་རེད། རྒན་ཡོལ་ཞུས་ཞེས་བསྐུལ་མ་མི་དགོས་དང་ཨ་མའི་བུ་ལ་ནུས་འཇོན་ཡོད་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆོས་རིག་བཀའ་བློན་ལོ་ལྔ་ཡི་རིང་བྱེད་དགོས་པའི་བྱ་བ་མཐའ་དག་དག་ཅིང་གཙང་བའི་སྒོ་ནས་རླབས་ཆེན་གྱི་ཕྱག་ལས་གནང་ཟིན་པ་རེད། བྱས་རྗེས་ཞེས་མཁར་ཁང་པའི་ཁྲ་ཁྲ་ཟིང་ཟིང་ཙམ་མིན་པར་བོད་གཞིས་བྱེས་གཉིས་ཀྱི་རིས་མེད་ཆོས་སྡེ་ཡོངས་ཀྱི་ལོ་རྒྱུས་དཔེ་དེབ་ཆེན་མོ་དེ་བཟོད་ཁྱོད་ཀྱིས་མཐོང་འོང་རྒྱུ་རེད། གོང་དུ་བཀའ་བློན་མཆོག་གི་གསུང་པ་བཞིན་མང་གཙོ་དང་སྨྲ་བརྗོད་རང་དབང་ཡིན་དུས་བརྗོད་་ཆོག་ན་ཡང་བརྗོད་པ་དོན་ལ་གནས་དགོས་གསུང་པ་དེ་མཁྱེན་པར་མཛོད་ཅིག ཆོས་ལུགས་སུ་ཡིན་ཡང་ཕྱོགས་རིས་ཀྱིས་ཕན་ཚུན་མ་ཕྱེ་བ་འདྲ་མཉམ་དང་རིས་མེད་དགེ་འདུན་པ་ཡོངས་ལ་ཞེན་བསྐུལ་དུས་རབ་དང་མཐུན་པའི་གསུང་སྙིང་ཐག་པ་ནས་སེར་མོ་བ་རྣམས་ཀྱི་དེ་ལྟར་མ་བྱེད་ན་དུས་ཀྱི་གཉན་འཕྲང་ཡ་ང་བ་འདིར་ཉན་ཁ་ཆེན་པོ་འཕྲད་དང་འཕྲད་འགྱུར་གྱི་ལྷག་བསམ་ཕུག་རྒྱང་རིང་པོ་དང་ལྡན་པ་ཞིག་ངེས་པར་དུ་དགོས་ཀྱི་འདུག་ཞེས་ཡང་ནས་ཡང་དུ་བསྐུལ་མར་སྐུལ་བའི་བཀའ་བློན་འདི་བཞིན་མ་འོང་བཙན་བྱོལ་བའི་ནང་ལ་ཡོང་བ་དཀའ་ལས་ཁག་པོ་ཡིན་པར་སེམས། མ་གཞི་ནི་ཁྱི་བ་གི་ཆུ་འབོག་ན། རང་སྣ་ལ་མཐོ་འཇལ་དགོས་པ་བཞིན་རང་ལ་ནུས་འཇོན་ཤེས་གསུམ་ག་ཚོད་ཡོད་པ་ལ་བལྟ་ནས་མི་ལ་ཡང་དེ་བཞིན་ཤོད་དགོས་རྒྱུ་ནི་བཙན་བྱོལབའི་ནང་གི་རྩོམ་པ་པོ་རྣམས་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པར་སེམས།

    Reply
  3. རྒྱ་རྙི། says:
    ལོ་ 14 སྔོན།

    བག་བྲོ་ཟེར་བ་འདི་ཆབ་སྲིད་བཙོན་པའི་མིང་འཁུར་ཞིག་རེད།
    ཡིན་ཡང་བཙན་བྱོལ་དུ་འབྱོར་ནས་སྦྱིན་བདག་ཁག་ཤས་ཤིག་གིས་རོགས་རམ་ཐོབ་ཚེ་ད་བཟོད་འཇིག་རྟེན་ཆོས་བརྒྱད་ཁོ་ནར་མགོ་འཁོར་བ་ཞིག་རེད།
    ད་སྔར་ཁོས་འགྲེམས་སྤེལ་བྱས་པའི་དེབ་ཚོར་གཟིགས་དང་།
    སྦྱིན་བདག་གི་དངུལ་འཕྲོ་བརླག་ཙམ་ལས་ཕན་ཐོགས་པ་གཅིག་ཀྱང་མེད།
    མདོར་ན་ཁོ་རང་བོད་གཞུང་གིས་དྲིན་གྱིས་རྒྱལ་ཁབ་ཕྱི་ནང་དུ་བསྐྱོད་པའི་པར་དེ་ཚོ་བསྐྱར་པར་རྐྱང་རྐྱང་རེད།
    ཁོས་ད་དུང་བོད་གཞུང་དང་བཀའ་ཁྲི་མཆོག་ལ་ཁ་རྐྱང་རྐྱང་གཏོང་གིན་རེད།
    ཁོ་ནི་དྲིན་ཆེན་ལ་དྲིན་ལོག་ཤ་སྟག་བྱེད།
    རྣར་མི་འགྲོ་བ་ད་སྔར་ཁོས་བཏོན་པའི་དེབ་ཚོར་ཞིབ་འཇུག་ཅིག་བྱོས་དང་།

    Reply
  4. གངས་རླུང་། says:
    ལོ་ 14 སྔོན།

    དགའ་ལྡན་བག་གྲོ་ལགས་ཀྱི་རྩོམ་དེབ་དེ་ལ་དགའ་སྤྲོ་བཅས་ཐུགས་བརྗེ་ཞུ།
    ཆོས་རིག་བཀའ་བློན་གྱི་སྐད་ཆ་ལ་ཉོག་གཏམ་ལས་དོན་ཅི་ཡང་མེད་པ་ཞིག་རེད།

    Reply
  5. བསྟན་འཛིན་ཚེ་འཚོ། says:
    ལོ་ 14 སྔོན།

    ཆོས་རིག་བཀའ་བློན་འདི་དངོས་གནས་ཆོས་སྲིད་གང་ཞིག་ལ་མཁྱེན་རྒྱ་ཡོད་མེད་ཀྱང་མི་ཤེས། ད་ལྟའི་བར་དུ་འདི་གནང་བཞག་པ་རེད་ཞེས་སྟོན་རྒྱུ་ཞིག་མེད་པའི་སྒང་རེད། བླ་རྒན་འདི་ད་དངོས་གནས་རྒན་ཡོལ་ཞུ་རན་རེད། དེ་མིན་དེ་རིང་གཞུང་དམངས་གཉིས་ལ་དབྱེན་སྦྱོརའདྲ་ཞིག་བཤད་འདུག

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གྲྭ་བག་བྲོའི་དེབ་དང་རྩིག་ངོས་དག་ན་ཡོད་པའི་པར་མང་པོ་རེད། རྣ་མིག་ལ་བྱང་ནས་ཅང་མ་རིག་མོད།
    ཆོས་རིག་བཀའ་བློན་འདིས་དངོས་གནས་གནད་འགག་ཅིག་གསུངས་འདུག་ལ། གཅན་ཚའི་དཔལ་ལྡན་ཁྱེད་ཀྱིས་གནད་འགག་ལ་འཇུས་ནས་གསར་འགྱུར་མ་འདྲ་བ་ཞིག་བྲིས་འདུག དངོས་གནས་གསར་འགོད་པ་ཟེར་བ་འདི་འགོ་ཚོས་མཁན་ཞིག་དགོས་ས་རེད། གསར་ལམ་གཞན་པ་དང་ལྷག་ཏུ་གཞུང་འབྲེལ་དྲ་བའི་སྟེང་གི་གསར་གནས་འབྲི་སྟངས་དེར་ཅིག་གཟིགས་དང་། གོ་རྒྱུ་ཚོར་རྒྱུ་ཞེ་དྲག་ཡོད་པ་མ་རེད། དེས་ན་ཀླད་དམར་ཁྱེད་གཞར་ཡང་ཀླད་པ་རང་དགར་མ་དམར་བ་ཤེས་ཀྱི་འདུག་ཅེས་ངས་བཤད་ཀྱི་ཡོད། ཡག་བྱུང་།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱལ་པོ་རང་གི་ཡུལ་དུ་བཀུར། །
    མཁས་པ་ཡུལ་གཞན་དུ་ཡང་བཀུར། །
    ༸ས་པཎ་གྱི་ཚིག་དེ་ཡང་ད་ཡག་པོ་མི་དྲན།

    Reply
  8. གནས་ཚང་། says:
    ལོ་ 14 སྔོན།

    གུས་པའི་གོ་ཐོས་ལྟར་ན། གོང་ས་མཆོག་གིས་ཕྱི་ལོ ༢༠༠༡ལོར་ཟམ་གདོང་རིན་པོ་ཆེར་བཀའ་ཁྲིའི་འོས་ཐོབ་རྗེས། གསར་འགོད་པར་ཡང་ང་ལྟ་བུའི༼བླ་རྒན་མགོ་དཀར༽ཞིག་སླེབས་སོང་ཞེས་སྐུ་རྩེད་ཀྱིས་ལན་གསུངས་ཡོད་པས། ཆོས་དོན་བཀའ་བློན་འདིས་ག་རེ་བྱེད་བསམ་གྱི་ཡོད་ན། སྐུ་སྒེར་དང་བཀའ་ཤག་བར་འགལ་བ་ཞིག་བཟོ་བསམ་གྱི་ཡོད་དམ། བཀའ་ཤག་གིས་སྐུ་སྒེར་ལ་བསྐོར་ནས་སྐྱོན་ཞིག་རྒྱག་གི་ཡོད་པ་གང་ཡིན་ཤེས་ཀྱི་མི་འདུག ཚང་མ་ལོས་བགྲོ་གླེང་གནང་རན་མེད་དམ།

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    དེ་མིན་འཆལ་གཏམ་བཤད་མཁན་ཞིག་གིས་མི་ལོ་སྟོང་ཕྲག་རིང་འཛམ་གླིང་སྐོར་བརྒྱབ་ཀྱང་། སྐུ་མདུན་གྱི་གསུང་ཆོས་ཐེངས་གཅིག་གི་དོ་ཟླར་མི་ཡོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese