ཕྱི་ཟླ་ ༣ ཚེས་ ༢༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༦ ཙམ་ལ་རྒྱ་ནག་གི་ཉེན་རྟོག་པས་པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོའི་ནང་། རང་ལོ་ ༢༧ ཡིན་པའི་རྔ་པ་ཀིརྟིའི་དགོན་གྱི་གྲྭ་བློ་བཟང་ཚེ་དཔག་ལགས་འཛིན་བཟུང་བྱས་འདུག འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་། འཛིན་བཟུང་བྱས་རྗེས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ།
ཕྱི་ཚེས་ ༣༠ ཉིན་རྔ་པ་རྫོང་སྤྲོ་ཚིགས་ཞང་ཀ་ཉག་སྡེ་བ་ནས་ཡིན་པའི་རྔ་པ་ཀིརྟིའི་དགོན་གྱི་གྲྭ་བློ་བཟང་ཆོས་འཕེལ། རང་ལོ་ ༢༤ ཡིན་པ་ཁོང་དགོན་པའི་གླིང་བར་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་ཅིང་། ཁོང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།
ཡང་གོང་ཚེས་ཡས་མས་ཤིག་ལ་རྔ་པ་རྫོང་གཅའ་ཞང་ཕྱུགས་ལས་གོང་མ་ནས་ཡིན་པའི་རྔ་པ་ཀིརྟིའི་དགོན་གྱི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་དངོས་གྲུབ། རང་ལོ་ ༣༢ ཙམ་ཡིན་པ་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དེའི་གོང་འཛིན་བཟུང་བྱས་པའི་གྲྭ་བསམ་འགྲུབ་དང་བློ་བཟང་བསྟན་འཛིན། ཕུན་ཚོགས་སོགས་མུ་མཐུད་བཀག་ཉར་བྱེད་མུས་ཡིན་འདུག།
དེ་རིང་གནས་ཚུལ་ཐོན་པ་ལྟར་ན། རྔ་པ་ཀིརྟིའི་དགོན་པ་བཀག་སྡོམ་བྱེད་མཁན་གྱི་དམག་མི་ཇེ་མང་དུ་བཏང་ཡོད་འདུག་ལ། དམག་མི་རྣམས་དགོན་པའི་གླིང་གི་ལྕགས་རིའི་ནང་ལ་བསླེབས་ཏེ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག་ལ། དེ་སྔོན་དགོན་པའི་གྲྭ་རྒན་བླ་རྒན་རྣམས་གླིང་སྐོར་ལ་གཏོང་གི་ཡོད་པ་དེ་ཡང་བཀག་འགོག་བྱས་ཡོད་ཅིང་། ད་ཆར་ཕྱི་ནང་གི་འགྲུལ་བཞུད་ཡོངས་སུ་བཀག་སྡོམ་བྱས་ཡོད་སྟབས། དགེ་འདུན་པ་རྣམས་ལ་འཚོ་བའི་དཀའ་ངལ་འཕྲད་སྲིད་པའི་ཉེན་ཁར་ཐུག་ཡོད་འདུག
ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།
བཙན་བྱོལ་གཞུང་ཟེར་ན་རེད། བོད་སྐྱོབས་ཟེར་ནས་དུས་རྒྱུན་དུ་གླེང་བཞིན་པའི་ཚོགས་པ་དེ་དག་དངོས་ནས་གཉིད་ལས་སད་རན་རེད། དེ་མིན་བོད་མི་ས་ཁུལ་གང་ས་ནས་འདི་ལྟར་སྡུག་བསྔལ་བསྟུད་མར་མྱོང་རྒྱུ་ཡིན་པར་ཐེ་ཚོམ་མི་འདུག ད་ནི་རྒྱ་ནག་པོའི་དཔོན་ངན་དེ་དག་ལ་ཕྱི་ན་བཙན་བྱོལ་ཟེར་བའི་བོད་རྒྱ་ཆེ་མི་མང་གི་སྐྱིད་སྡུག་ལ་ཁ་ཡ་བྱེད་མཁན་ཞིག་ཡོད་པ་ཤེས་སུ་འཇུག་དགོས་ཀྱི་ཡོད།
ད་ཕྱོགས་གང་ཐད་ནས་དུས་ཚོད་དམ་འཛིན་བྱེད་དགོས་བའི་དུས་ལ་བབ་འདུག ངོ་མ་མི་ལ་དབང་སྤྲད་ནས་ཉོན་མོངས་རྒྱ་ཡན་དུ་བཏང་ན་རྒྱ་དམར་ནང་བཞིན།
དགོན་པའི་གླིང་བར་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་ཅིང་། ཁོང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་། པ་ནི། གཞེས་བྱེས་གཉིས་ཀྱི་ཞི་བའི་ལས་འགུལ་དེ་ཡང་རྗེས་ལུས་ཡིན་པ་མཚོན་ཐུབ་པས་ཚང་མས་རམ་རུབ་འབད་དགོས་མི་འདུག་གམ།
ད་ལས་འགུལ་སྤེལ་དགོས་ཀྱི་རེད་ལ། ཁྱབ་བསྒྲགས་ཤུགས་ཆེན་བྱེད་འོས་ས་རེད། བཙན་བྱོལ་བོད་མིའི་ལས་འགན་ཡང་འདི་ལས་གཞན་མེད་པ་འདྲ།