མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་མཐོ་སློབ་དང་མཉམ་འབྲེལ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ལྗོངས་མི་རིགས་སློབ་གླིང་དང་ཨ་རིའི་ནཱ་སཱ་ལི་གཙུག་ལག་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག མ་འོངས་པར་དགེ་སློབ་བར་གྱི་བསམ་བློ་དང་རིག་གཞུང་སྤེལ་རེས་ཀྱི་བྱ་འགུལ་སྤེལ་འཆར་ཡོད་ཟེར།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བོད་ལྗོངས་མི་རིགས་སློབ་གླིང་དང་ཨ་རིའི་ནཱ་སཱ་ལི་སློབ་ཆེན་གཉིས་ཀྱིས་རིག་གཞུང་དང་སློབ་གསོའི་ལས་དོན་མཉམ་འབྲེལ་ཀྱི་ལས་གཞི་མགོ་བརྩམས་ཡོད་ཅིང་། བོད་ལྗོངས་མི་རིགས་སློབ་གླིང་གི་སློབ་སྤྱི་ཧོང་ཧྲུན་དང་ནཱ་སཱ་ལི་སློབ་གླིང་གི་སློབ་སྤྱི་གཞོན་པ་སྐུ་ཞབས་བྷོར་ཁྲོན་ཝེར་སྦི་ (Dr. Burton Webb) གཉིས་ཀྱིས་ལས་གཞི་མཉམ་འབྲེལ་གྱི་ཡིག་ཆར་མིང་རྟགས་བཀོད་ཡོད་འདུག

མ་འོངས་པར་ཕྱོགས་གཉིས་ཀྱི་དགེ་སློབ་ཕན་ཚུན་བར་མངགས་གཏོང་གིས་སློབ་སྦྱོང་སྤྲོད་རྒྱུ་དང་། སློབ་མ་རང་སྟེང་ནས་འགྲོ་གྲོན་བཏང་སྟེ་ཕན་ཚུན་གྱི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་པའི་གོ་སྐབས་བསྐྲུན་རྒྱུ། མཉམ་འབྲེལ་སྒོས་རིག་གཞུང་ཞིབ་འཇུག་དང་རིག་གཞུང་མཉམ་འབྲེལ་བྱ་འགུལ་སྤེལ་བ་དང་ཆབས་ཅིག  པར་སྐྲུན་ཐོན་རྫས་དང་དཔེ་ཚོགས།  ཆ་འཕྲིན་ཡིག་ཚགས།  དངོས་རྫས་བཤམས་སྟོན། སློབ་ཁྲིད་འཆར་འགོད་དང་སློབ་ཁྲིད་ཞིབ་བརྗོད་སོགས་ཀྱི་ཆ་ནས་ཕན་ཚུན་བརྗེ་རེས་བཅས་བྱ་རྒྱུ་ཡིན་འདུག

དེའི་ཐད་ཨ་རིའི་ནཱ་སཱ་ལི་སློབ་གླིང་གི་སློབ་གཙོ་གཞོན་པ་སྐུ་ཞབས་བྷོར་ཁྲོན་ཝེར་སྦི་ཡིས། ཁོང་རང་ཉིད་ཀྱི་ངོས་ནས་ལས་གཞི་འདིར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་འཆར་ཡོད་ལ། ང་ཚོས་ལས་གཞི་འདི་ལྟར་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི། སློབ་གྲྭའི་དགེ་སློབ་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་སློབ་སྦྱོང་སྤེལ་རེས་ཀྱི་འབྲེལ་འདྲིས་བརྒྱུད་དེ། སློབ་མ་ཚོས་བོད་ལྗོངས་ལ་སྔར་ལས་ལྷག་པའི་རྒྱུས་ལོན་ཟབ་ཞུགས་བྱ་རྒྱུ་དེ་ཡིན། ཞེས་བརྗོད་ཡོད་འདུག  

ཨ་རིའི་ནུབ་བྱང་ཨེ་ཌ་ཧོ་བྷོ་སི་ (Idaho Boise) གྲོང་ཁྱེར་ཉེ་འགྲམ་གྱི་ནཱ་པ་ (Nampa) དུ་ཡོད་པའི་ནཱ་སཱ་ལི་སློབ་གླིང་ (Northwest Nazarene University )ནི། སྤྱི་ལོ་ ༡༩༡༣ ལོར་གསར་འཛུགས་གནང་བའི་ལོ་རྒྱུས་ཆེས་རིང་བའི་སྒེར་གཉེར་མཐོ་སློབ་ཅིག་ཡིན་ཞིང་། ད་ལྟའི་ཆར་སློབ་གླིང་འདིར་ཚོང་ལས་དང་སློབ་གསོ། གླུ་གཞས། མང་ཚོགས་བརྙན་སྤེལ།  ནད་གཡོག སྒྱུ་རྩལ། རྩིས་འཁོར། སྐྱེ་དངོས། རང་བྱུང་ཚན་རིག ལུས་རྩལ། དབྱིན་ཡིག་གླིང་བཅས་ནང་གསེས་སྡེ་ཚན་ ༡༢ ལྷག་ཡོད་པ་དང་། དེའི་ཁྲོད་དངོས་གཞིའི་ཆེད་ལས  ༦༠ ལྷག་དང་རབ་འབྱམས་པའི་ཆེད་ལས ༣༠ ལྷག་གསར་འཛུགས་གནང་ཡོད་འདུག

གསར་འགོད་པ། དོན་གོ

མཆན། 2

  1. སྒ་བ་མཁྱེན་རབ། says:
    ལོ་ 12 སྔོན།

    དོན་འདི་ཐོས་པ་ཙམ་གྱིས་དགའ་སྣང་ཞིག་སྟེར་སོང་མོད། ཡང་གཅིག་བཤད་ན་བོད་ལྗོངས་སློབ་ཆེན་འདི་རྒྱ་ནག་གི་སྲིད་བྱུས་དང་ངན་ལས་ཀྱི་འོག་ནས་གོམས་པ་སྤོ་དགོས་སྟབས། རང་རེའི་རིག་གཞུང་ལ་སྔ་ལས་ལྷག་པའི་དར་སྤེལ་དང་ཉམས་པར་སླ་གསོས་ཀྱི་ཕན་འབྲས་ཤིག་བསླེབ་ཨུ་ཡང་སྙམ། གང་ལྟར་བོད་ལྗོངས་སློབ་ཆེན་གྱི་སློབ་ཕྲུག་ཚོ་ཨ་རིར་སློབ་གཉེར་འགྲོ་ཐུབ་སོང་བ་ནི་སེམས་སྟིང་ནས་རྒྱབ་སྐྱོར་ཡོད།

    Reply
  2. དབྱངས་ཅན་སྒྲོལ་མ། says:
    ལོ་ 12 སྔོན།

    དེ་གང་འདྲ་ཞིག་ཡིན་མིན་གསལ་བོ་ཞིག་ཤེས་ཁུ་མི་འདུག
    ལས་འཆར་ཡོངས་རྫོགས་འགྲུབ་ན་བོད་པ་ལ་ཀྱོང་དང་ཁེ་བཟང་ག་འདྲ་ཡོད་ནི་རེད།
    བསམ་ཚུལ་ལྷུག་པོར་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist