མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉམས་ཉེས་ནང་གི་རེ་བ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཡུལ་ཤུལ་སྐྱེ་རྒུ་མདོའི་བཞི་གཅིག་བཞིའི་ས་འགུལ་དོན་རྐྱེན་སྐོར་གྱི་དངོས་བྱུང་གློག་བརྙན་༼ཉམས་ཉེས་ནང་གི་རེ་བ༽ཞེས་པ་རྒྱ་གཞུང་གིས་བཀག་སྡོམ་བྱས་ཡོད་འདུག

འོད་ཟེར་ལགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་བོད་ནང་གི་དགེ་འདུན་པ་ཞིག་གིས་སྔར་ལོའི་ཁམས་སྐྱེ་རྒུ་མདོའི་བཞི་གཅིག་བཞིའི་ས་འགུལ་དོན་རྐྱེན་སྐོར་སྐབས་ཀྱི་དངོས་བྱུང་གནས་ཚུལ་དང་། བོད་ཀྱི་ས་ཁུལ་གཞན་ནས་འོང་བའི་བོད་མི་རྣམས་ཀྱིས་ཁམས་སྐྱེ་རྒུ་མདོའི་མི་མང་ལ་རོགས་སྐྱོར་བྱས་པའི་གནས་ཚུལ་བསྡུ་སྒྲིག་བྱས་ཏེ་༼ཉམས་ཉེས་ནང་གི་རེ་བ༽ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོས་ཏེ། སྐྱེ་རྒུ་མདོ་གྲོང་བརྡལ་གྱི་ཚོང་ཁང་ཁག་གསུམ་ནང་ཚོང་འགྲེམས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་གཞུང་གི་ཆོག་མཆན་མེད་པར་གློག་བརྙན་དེ་ཕྱིར་ཚོང་བྱ་མི་ཆོག་ཚུལ་བརྗོད་དེ་འོད་སྡེར་རྣམས་གཞུང་བཞེས་བཏང་ཡོད་འདུག་ལ། ཟ་ཁང་ཞིག་ཏུ་གློག་བརྙན་དེ་སྟོན་བཞིན་ཡོད་པ་མཐོང་སྟེ། གློག་བརྙན་འོད་སྡེར་དང་བཅས་གཞུང་བཞེས་བཏང་ཡོད་པ་མ་ཟད། དངུལ་གྱི་ཉེས་ཆད་ཀྱང་བཅད་ཡོད་འདུག དེ་བཞིན། གློག་བརྙན་བསྡུ་སྒྲིག་བྱེད་མཁན་དགེ་འདུན་པ་དེའི་གྲྭ་ཤག་སྔོག་བཤེར་བྱས་ཏེ་བརྙན་འཁོར་ ༣༠༠༠ ལྷག་དང་། ལག་འཁྱེར་གློག་ཀླད། ཐང་ག ཁྱིམ་ཆས་སོགས་བསྡོམས་རྒྱ་སྒོར་ཁྲི་ ༣ ལྷག་གི་ཅ་དངོས་གཞུང་བཞེས་བཏང་ཡོད་འདུག 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

སྐར་མ ༨ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 9

  1. སྒྲོལ་མ། says:
    ལོ་ 16 སྔོན།

    ངས་ལག་ཏུ་ཡོང་ལ་ཡོད། མི་འགྱངས་པར་ཁྱེད་ཅག་གི་མིག་ལམ་དུ་བསྟར་ངེས།

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    དྲ་ཚིགས་ནས་བལྟས་ན་དེ་ཙམ་ཡག་པོ་མི་འདུག་་་་་དེ་ལས་འོད་སྡེར་ཞིག་རེག་ན་དངོས་གནས་ཡག་པོ་ཡོད་རྒྱུ་རེད་ཡ

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 16 སྔོན།

    ཨ་རིའི་རླུང་འཕྲིན་ཁང་ (http://www.voanews.com/tibetan/news/ )གི་དྲ་ངོས་སུ་དུམ་བུ་གསུམ་བྱས་ནས་བཀོད་འདུག

    Reply
  4. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ཉམས་ཉེས་ནང་གི་རེ་བ་ཞེས་པའི་གློག་བརྙན་འདི་དྲ་བ་གང་ནས་ལྟ་ཐུབ་ཀྱིན་འདུག དྲ་གྲོགས་དག་གིས་གསུང་རོགས་ཀྱིས།

    Reply
  5. བཛྲ་སུ་མ་ཏི། says:
    ལོ་ 16 སྔོན།

    ལྐོག་ཤེས་ལགས་ཀྱི་གསུང་བ་བཞིན་ཆ་ཚང་དབོན་ངན་མིན་ལ་དབོན་རེ་བ་ཅན་གང་འཚམ་ཡོད་ངེས་རེད།

    Reply
  6. ལྐོག་ཤེས་ says:
    ལོ་ 16 སྔོན།

    ཁ་སང་ཡུལ་ཤུལ་གྱིས་སྐད་འབོད་བྱས་འདུག་ཟེར་། ང་ཚོས་ཁོ་ཚོའི་རྒྱབ་འདུན་ལ་ཞིབ་ཚགས་པའི་བལྟ་དགོས། ས་འགུལ་མ་བྱུང་བའི་སྔོན་ལ་སྐྱེས་དགུ་མདོའི་ཁང་ས་བརྒྱ་ཆ་བདུན་ཅུ་དཔོན་པོ་དང་ཁོ་ཚོའི་གཉེན་ཉེ། དེ་མིན་དཔོན་ངན་ཚོར་ལྐོག་འབྲེལ་ཡོད་པའི་ཕྱུག་པོ་ཚོའི་རེད་ཟེར།བཞི་མདོ་སོགས་ས་བཟང་ས་མི་ཉུང་བ་ཞིག་་རྒྱ་མི་དང་ཁ་ཆེ་ཚོའི་ལག་ལ་ཤོར་འདུག་ཟེར། ཁོ་ཚོ་ཚང་མ་རུལ་སུང་བ་རེད་ཟེར། ས་འགུལ་བྱུང་རྗེས་སུ་མཚོ་ལྷོའི་ཁུལ་དཔོན་བསྟན་ཁོ་ཡུལ་ཤུལ་ཁུལ་གྱི་ཧྲུའུ་ཅི་་ལ་མངགས་ནས་ཁང་ས་ཡོད་ཚད་གཞུང་བཞེས་བྱས་ནས་འཛུགས་བསྐྲུན་བྱས་རྗེས་སུ་ཚང་མ་འདྲ་མཉམ་བྱས་ནས་སྤྲོད་དགོས་ཞེས་བཤད་འདུག དམངས་ཚོགས་དཀྱིས་མ་ཚོ་ཁོ་ལ་དགའ་གི་འདུག ས་དེའི་དཔོན་པོ་ཚོ་དང་ཕྱུག་པོ་ཚོ་མ་དགའ་བས་གོང་རིམས་ལ་གཏུག་གཤེར་བྱེད་ཀིན་འདུག་ཟེར། དེའི་ཕྱིར་ད་ཐང་གི་སྐད་འབོད་འདི་དཔོན་ངན་ཚོས་དམངས་ཚོགས་མི་ཤེས་མཁན་འགའ་སྐུལ་སློང་བྱས་ཏེ་སོ་སོའི་ཁང་ས་ཕྱིར་རེག་ཐབས་ཀྱི་་ཆོམ་འཕྲུལ་འདྲ་མིན་ནམ། བསྟན་ཁོའི་རྒྱབ་ལྗོངས་ལ་བལྟས་ན་བོད་ཀྱི་རིག་གནས་ལ་ཤ་ཚ་དང་བྱས་རྗེས་ཡོད་མཁན་ཞིག་རེད། བསྟན་ཁོས་ཡུལ་ཤུལ་ནས་བོད་ཀྱི་སློབ་གྲ་ཆེན་མོ་ཞིག་འཛུགས་རྒྱུའི་འཆར་གཞི་ལ་མཚོ་སྔོན་གྱི་མགོ་གཙོ་རྒྱ་མོ་ཞིག་ཡོད་པས་ཆོག་མཚན་བཀོད་མི་འདུག

    Reply
  7. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་བསྟན་འཛིན་ཤེས་རབ་ལགས། ད་ཟེར་གི་ན་ཟེར་སྲོལ་ལ་བལྟས་ན། སྐད་ཆའི་རྒྱབ་ན་སྐད་ཆ་མང་པོ་ཞིག་བཤད་བཞིན་འདུག་མོད། དོན་ལ་རྒྱ་གཞུང་གི་བྱ་སྤྱོད་དེ་ལ་ཞེ་ས་བརྒྱབ་པར་མ་རངས་པ་དེ་རེད་ལ། ཤུ་རེ་གོ ཞེ་ས་ཟེར་བ་དེ་ལ་ཞིབ་འདང་རྒྱག་རྒྱུ་མང་པོ་ཡོད་ཡཱ། ཚིག་ལ་ཞེ་ས་ཡིན་ཡང་། དོན་ལ་ཞེ་སར་མི་འགྲོ་བ་ཁག་ཅིག་དང་། ཚིག་ལ་ཞེ་ས་མིན་རུང་། དོན་ལ་ཞེ་ས་ཆགས་འགྲོ་བ་ཅི་རིགས་འདུག དཔེར་ན། ༼ བཙན་བཀའ་བཏང་སོང་༽ ཞེས་པ་ལྟར་བུར་མཚོན་ན། ༼ བཙན་བཀའ ༽ ཞེས་པའི་ཚིག་ཟུར་ན་ཞེ་ས་ཡོད་མོད། དོན་ལ་ཞེ་སར་མི་འགྲོ

    ༼ གཞུང་བཞེས ༽ ཞེས་པ་འདིའི་ཚིག་ཟུར་ན་ཞེ་ཚིག་ཡོད་མོད། གནས་ཚུལ་འདི་རིགས་བྱུང་སྐབས། སྔ་མོ་ནས་བོད་ཀྱི་དུས་བབ་གསར་ཤོག་གིས་རྒྱུན་འཇགས་སུ་བེད་སྤྱོད་གཏོང་བཞིན་པའི་ཚིག་ཅིག་ཡིན། གལ་སྲིད་ཞེ་སར་འགྲོ་བའི་དབང་དུ་བྱས་ཀྱང་། གནས་ཚུལ་དེ་མཚོན་ཐུབ་པའི་ཚིག་གསར་པ་ཞིག་གློ་བུར་དུ་བརྙེད་མ་སོང་། ཁྱོད་ཀྱི་བསམ་ཚུལ་བྱས་ན། ༼ འཕྲོག་བཅོམ ༽ ཟེར་དགོས་མོད། གསར་འགོད་ཀུན་སྤྱོད་རིག་པའི་གཞུང་ལུགས་ལྟར་ན། གསར་འགྱུར་གང་ཞིག་ཡིན་རུང་གསར་འགོད་པའི་བསམ་ཚུལ་དང་། དགའ་སྐྱོ་ཆགས་སྡང་གི་ཤན་ཞུགས་མི་རུང་བ་ནི། གསར་འགྱུར་གྱི་རྩ་དོན་དང་པོ་ཡིན།

    Reply
  8. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ཡ་ཁོ་རེ རྒྱ་ནག་གིས་བརྡུང་གཅོག་འཕྲོག་གསུམ་གྱི་ལས་འགུལ་ཟེར་ནས་ཕྱི་ཕྱོགས་སུ་བོད་མི་ཚོར་ཚིག་མཚོན་གྱིས་རྡུང་རྡེག་བྱས་དང་བྱེད་མུས་ཡིན་ཡང་། ཁོ་རང་ཚོས་གདོང་འབག་འཐུག་པོ་དེའི་འོག་ནས་སྡིགས་སྔོག་འཕྲོག་གསུམ་གྱི་ལས་ངན་སྤེལ་ཏེ། སྡིགས་རའི་འཇིགས་སྐུལ་དང་སྔོག་བཤེར་གྱི་འཇིགས་སྐུལ། འཕྲོག་བཅོམ་གྱི་འཇིགས་སྐུལ་ཏེ། འཇིགས་སྐུལ་གསུམ་གྱིས་ཉམ་ཆུང་གྲངས་ཉུང་མི་རིགས་རྡོག་རྫིས་སུ་གཏོང་བཞིན་འདུག ཨ་ཧ་་་་ཕོ་་་ཤི་་་རེ་་་་་་་་་་་་་་་་་་་་་་་་་

    Reply
  9. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    ཤུ་རེ་ཁོ། ད་མིང་ཚིག་སྤྱོད་སྟངས་ཚུན་ཆད་ནས་འདི་འདྲ་ཞིག་ཏུ་གྱུར་འདུག ཡིན་ངོ་མ་འཕྲོག་བཅོམ་བྱས་འདུག་པ་དེ་རེད་མོད། གཞུང་བཞེས་ཡིན་ན་ཅིག་ཟེར་ནས་ཞེ་ས་འདྲ་ཞིག་འབུལ་བཞིན་འདུག ཁྱོད་ཚོས་རྒྱ་དམར་ག་འདྲའི་ཞེ་ས་ཞིག་བྱས་རུང་ཐོབ་རྒྱུ་ཅང་ཡོད་ནི་མ་རེད། དེ་ལས་དོན་ངོ་མ་བོ་ཚིག་ཇི་བཞིན་པས་བཤད་ཀི་བསྡད་ན་དེ་ཡག་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese