མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཐུགས་རེ་དང་ང་ཚོའི་གོམ་སྟབས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

འབྲུག་ཐར་རྒྱལ། གོ་པལ་པུར་བོད་ཁྱིམ།

༧སྐྱབས་མགོན་རིན་པོ་ཆེ་མཆོག་ཆབ་སྲིད་ཀྱི་བགྲེས་ཡོལ་ཆ་ཚང་ཕེབས་པའི་གནད་དོན་འདི་ཉེ་ལམ་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་གསར་འགྱུར་གལ་གནད་ཆེ་ཤོས་སུ་གྱུར་ཡོད། འདིའི་ཐད་ཤེས་ལྡན་རྩོམ་པ་པོ་དང་བསམ་བློ་བ་མང་དག་ཅིག་གིས་དྲ་རྒྱ་དང་། ཀུན་གླེང་། ཚགས་དཔར། དེབ་སོགས་བརྒྱུད་བསམ་ཚུལ་འདྲ་མིན་སྤེལ་བཞིན་ཡོད། དེ་བས་རང་ཉིད་ཀྱི་ལྟ་ཕྱོགས་ཕྲན་བུ་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབུལ་འདུན་བྱུང་།

            ༧སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ན་ཧ་ཅང་ཕྲ་བའི་དུས་ཏེ་དགུང་ལོ་བཅུ་དྲུག་ཐོག་བོད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་དུས་ནས། བོད་འདི་དེང་རབས་ཅན་དང་དམངས་གཙོ་ཚད་ལྡན་ཞིག་ཏུ་བསྒྱུར་རྒྱུའི་འདུན་པ་ཆེན་པོ་ཡོད་ལ།  དཀའ་སྡུག་དང་གཉན་འཕྲང་ཆེ་ལ་མི་རིགས་འདི་འཆི་གསོན་གྱི་མཚམས་སུ་སླེབས་དུས་ཀྱང་། ལེགས་བཅོས་ཚོགས་པ་གསར་འཛུགས་གནང་སྟེ་བོད་གཞུང་གི་ལས་དོན་བྱེད་ཕྱོགས་དང་མི་མང་གི་བདེ་སྡུག་ལ་ཉམས་ཞིབ་གནང་སྟེ། བཅོས་བསྒྱུར་གནང་རྒྱུའི་ཐུགས་ཐག་བཅད་འདུག འོན་ཀྱང་རྒྱ་དམར་པོས་གདུག་རྩུབ་དང་བཙན་གནོན་འོག་ནས་གསར་བཏོད་ཀྱི་ལེའུ་ཐོག་མ་དེ་ལམ་ལྷུང་བྱུང་མེད།

 ཕྱི་ཡུལ་དུ་ཕེབས་མ་ཐག་བོད་གཞུང་དགའ་ལྡན་ཕོ་བྲང་གཞུང་བསྐྱར་འཛུགས་གནང་སྟེ་ཕྲུ་གུ་ཆུང་ཆུང་ཞིག་ཨ་མས་གསོ་སྐྱོང་གནང་བ་ལྟར། ཐོག་མ་ཁ་ལག་བཟའ་སྟངས་དང་གོམ་པ་སྤོ་སྟངས་ཚུན་ནས་རིམ་བཞིན་ཚད་ལྡན་གྱི་མི་བུ་ཞིག་བསྐྲུན་པ་བཞིན། ལོ་གཅིག་གི་མཚམས་འཐུས་མི་བཅུ་གསུམ་ལས་གྲུབ་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་སྟེ་དམངས་གཙོའི་ཀ་བ་གསུམ་ལྡན་ཞིག་ཏུ་བསྒྱུར་གནང་བ་རེད། སྐབས་དེར་ཡང་བོད་མི་མང་དག་ཅིག་གི་བློ་ངོར་མ་ཤོང་བར་འགོག་རྐྱེན་ཕྲད་ཡོད་ཚུལ་འདུག

            དེ་ནས་རིམ་བཞིན་ཆོལ་ཁ་རེ་རེ་ནས་འཐུས་མི་བཅུ་རེ་དང་ཆོས་བརྒྱུད་ཁག་ནས་འཐུས་མི་གཉིས་རེ་བསྐོ་བཞག་གནང་དོན་ཡང་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་གྱི་ངོ་བོ་མཚོན་བྱེད་ཡིན་པ་དང་། རིམ་བཞིན་ཁོང་གི་ཐད་བསྐོས་འཐུས་མི་ཉུང་དུ་བཏང་བ་དང་མཐའ་མ་མེད་པར་བཟོས།  ཐོག་མ་བཙན་བྱོལ་བོད་གཞུང་གི་ལས་དོན་ཆེ་ཕྲ་ཆུང་གསུམ་ཀུན་ལ་མཉམ་ཞུགས་དང་། བཀའ་སློབ་ལམ་སྟོན། མཛུབ་སྟོན་གནང་གི་ཡོད་ནའང་རིམ་པས་འགན་འཁྲི་དེ་དག་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་རྣམས་ལ་རྩིས་སྤྲོད་གནང་ཡོད།

            ཕྱི་ལོ་༢༠༠༡ ལོ་ནི་བོད་ཀྱི་ལོ་རྒྱུས་ཀྱི་དཀར་ཆག་ངོས་སུ་ཤིན་ཏུ་གཟི་བརྗིད་ལྡན་པའི་ལོ་ཚིགས་ཤིག་སྟེ།  གཞུང་ས་དགའ་ལྡན་ཕོ་བྲང་ནས་དམངས་གཙོ་ཚད་ལྡན་ཞིག་གི་ལམ་དུ་བསྐྱོད་པའི་དུས་ཚིགས་ཤིག་ཡིན་པར་༧གོང་ས་མཆོག་གིས་ངོས་འཛིན་གནང་ཡོད། དུས་དེ་ནས་བཟུང་ཁོང་ཕྱེད་འགྲེས་ཡོལ་གནང་སྟེ་གཞུང་གི་ལས་དོན་མང་དག་ཅིག་མི་མང་གི་འོས་འདེམས་བྱུང་བའི་བཀའ་ཁྲི་མཆོག་གིས་བཏང་འཛིན་གནང་གིན་ཡོད།

            ཕྱེད་བགྲེས་ཡོལ་ཏུ་ཕེབས་ནས་ལོ་ངོ་བཅུ་ཧྲིལ་བོར་འཁོར་བའི་དེ་རིང་ཁོང་གིས་མཚན་གནས་རྗེས་འབྲེལ་ཆབ་སྲིད་ཀྱི་ལས་དོན་ཡོངས་སུ་དོར་ནས་ཚད་ལྡན་གྱི་དམངས་གཙོའི་ཕྱོགས་སུ་ཁ་ལོ་བསྒྱུར་བ་དང་མདུན་མཆོངས་ཆེན་པོ་ཞིག་གནང་བ་རེད། འདི་ཁོང་གི་དམངས་གཙོའི་རིན་ཐང་གི་རྩ་གནད་དང་བོད་མི་རིགས་སྤྱི་དང་ལྷག་པར་མི་རབས་གསར་པ་རྣམས་ལ་ཡིད་རྟོན་ཆེན་པོས་མར་བསྩལ་བའམ།  ཐུགས་ཐག་འདི་ཡང་རེ་སྐུལ་དང་ཨུ་ཚུགས་ཟུང་ལྡན་ངང་གནང་འདུག  འདི་ལ་ནམ་ཡང་འགྱུར་ལྡོག་དང་ཕྱི་ཤོལ་མེད་ཅེས་ཐག་གཅོད་གནང་།

            འདི་ནི་འཛམ་གླིང་གི་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ཏེ་དམངས་གཙོ་དང་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་། དྲང་བདེན་སོགས་མི་མང་གི་ཁྲག་དང་རྣག་གི་འཐབ་རྩོད་བྱས་དང་བྱེད་བཞིན་པ་རེད་ལ། སྒེར་གཅོད་རིང་ལུགས་པ་རྣམས་ནི་མི་མང་གི་ངོ་རྒོལ་ཁྲོད་ཕམ་ཉེས་བྱུང་སྟེ་སྲིད་སྟེགས་ལས་འབབ་ཀྱིན་ཡོད། དེ་ཡང་ཅི་ལིའི་དང་པོ་ལིན་གྱི་མང་གཙོའི་འཐབ་རྩོད་པ་རྣམས་རྣམ་པར་རྒྱལ་ཏེ་དམངས་གཙོའི་གཞུང་གསར་བ་དབུ་ཚུགས།  གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་སྐབས་དམངས་གཙོ་དོན་གཉེར་བ་སྟོང་ཕྲག་མང་པོ་འཆི་ལམ་དུ་བརྫངས་ཟིན་ནའང་ད་དུང་གཉའ་གནོན་འོག་ལུས་པ་དང་། དེང་སྐབས་དམངས་གཙོའི་གསར་བརྗེ་ཆེན་མོ་བཞི་པ་སྟེ་ཁ་ཆེའི་རྒྱལ་ཁབ་ཁག་གི་ནང་ལ་མཆེད་པའི་དམངས་གཙོ་གསར་བརྗེ་ལས་འགུལ་དག་ལས་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། ཁག་ཅིག་ཕྱི་ཡུལ་དུ་བཙན་བྱོལ་ལ་གྱར་ནས་དཀའ་སྡུག་མྱོང་བཞིན་ཡོད།

            འདི་ནི་མི་མང་གི་འགོ་འཁྲིད་སྒེར་གཅོད་པ་རྣམས་ལ་འཐབ་འཛིང་གི་བརྒྱུད་རིམ་ཞིག་སྟེ། འདིའི་དམིགས་ཡུལ་ནི་སྒེར་གཅོད་པ་དག་ཕམ་ཉེས་བཏང་སྟེ་མཐའ་མ་དམངས་གཙོའི་གཞུང་གསར་བ་ཞིག་འཛུགས་རྒྱུ་དེ་རེད། འོན་ཀྱང་ང་ཚོ་བོད་ཀྱི་དམངས་གཙོ་ནི་དེ་ལས་ལྡོག་སྟེ། དབུ་འཁྲིད་ཀྱིས་མི་མང་ལ་གདམ་ག་མེད་པར་ཨུ་ཚུགས་ངང་མི་གནང་ཐབས་མེད་བྱུང་བ་དང་། མི་མང་གིས་དང་ལེན་བྱེད་མ་ཐུབ་པར་ཡང་ནས་བསྐྱར་དུ་དབུ་འཁྲིད་ལ་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད།  གོང་གི་སྒེར་སྤྱོད་པ་དག་མི་མང་གི་ངོ་རྒོལ་ཁྲོད་ངོ་ཚ་ཉོ་བཞིན་སྲིད་སྟེགས་ནས་འབབ་ཀྱིན་ཡོད་ནའང་། ང་ཚོའི་དབུ་འཁྲིད་ཀྱི་སྤོབས་སེམས་དང་ཡིད་རྟོན། འཕྲལ་དང་ཕུགས་དུས་དང་སྐབས་མང་པོ་ཞིག་ལ་རྒྱང་གཟིགས་ཀྱིས་དགོངས་བཞེད་རྒྱ་ཆེན་པོས་ངང་རྒྱལ་ཁ་དང་ལྷན་ཏུ་ཆབ་སྲིད་ཀྱི་འགན་ཡོངས་རྫོགས་མི་མང་ལ་རྩིས་སྤྲོད་ཀྱིན་ཡོད་པས་འདི་ལྟར་ང་ཚོའི་དམངས་གཙོ་དང་གཞན་དག་གི་དམངས་གཙོའི་བར་ཁྱད་པར་ཆེན་པོ་མངོན།

            བརྒྱུད་རིམ་དེའི་ཁྲོད་རྒྱལ་སྤྱིའི་སྟེང་གླེང་སློང་མང་པོ་བྱུང་ཡོད་པ་མ་ཟད། རྒྱ་ནག་དམར་པོའི་གཞུང་གི་འགོ་འཁྲིད་ཚོས་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་གཡོ་བྱུས་ཡིན་པར་ངོས་འཛིན་དང་སྐད་ངན་ཤོར་ཡོད།  འདི་ནི་༧སྐྱབས་མགོན་རིན་པོ་ཆེའི་ལོ་ངོ་བཞི་བཅུ་ལྔ་བཅུའི་ཡར་སྔོན་གྱི་ཐུགས་རེ་ཡོངས་སུ་འགྲུབ་པ་དང་། བོད་མི་མང་གིས་ཚམ་ཚོམ་མེད་པར་ལག་བསྟར་བྱ་རྒྱུའི་དུས་ལ་བབས་ཡོད་པས་སོ།།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 1

  1. བསེ་རུ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་བགྲེས་ཡོལ་གནང་དོན་ནི།
    བོད་མི་ཚོ་རང་མགོ་རང་ཐོན་དང་། རང་འགན་རང་ཁུར་གྱི་གོམ་སྟབས་ཤིག་སྤོ་ཐུབ་ན་དགོངས་པ་དེ་གནད་དོན་གཅིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese