མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྲག་མགོ་རྫོང་དུ་ས་ཡོམ་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

ད་ལྟ་རང་རྒྱ་ནག་གཞུང་འབྲེལ་ཞཱིན་ཧྭ་གསར་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༥ པའི་སྟེང་ཁམས་དཀར་མཛེས་བྲག་མགོ་རྫོང་དུ་ཚད་རིམ་ ༥ ། ༣  ཅན་གྱི་ས་འགུལ་ཞིག་བརྒྱབ་ཡོད་འདུག

 ས་འགུལ་དེས་བྲག་མགོ་རྫོང་མཁར་ཡོངས་སུ་གློག་ཆད་ཡོད་པ་མ་ཟད། ཁང་པ་མང་པོ་ཞིག་ལ་གས་སྐྱོན་དང་རེ་ཟུང་རྡིབ་སྐྱོན་ཡང་བྱུང་ཡོད་འདུག ས་འགུལ་དེའི་ཤུགས་རྐྱེན་དཀར་མཛེས་དང་དར་རྩེ་མདོ་སོགས་སུའང་ཐེབས་ཡོད་ཀྱང་། མི་ཤི་རྨས་བྱུང་ཡོད་མེད་ཀྱི་གནས་ཚུལ་ད་དུང་ཤེས་རྟོགས་བྱུང་མི་འདུག ཅེས་བཀོད་འདུག  

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

སྐར་མ ༣༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༤ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    སྨར་ཀླུང་དཔའ་ལ་ལགས།
    ཐུགས་རྗེ་ཆེ་ང་ཡིས་བྲིས་པའི་མཆན་ལ་ལན་གནང་བར།
    མ་གཞི་ནས་༧གོང་ས་༧་མཆོག་གིས་ཕྱྭ་ཤ་ལག་པས་གཡང་འབོད་པས་ཕན་པ་མེད།
    རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་འཇོན་དགོས་པ་མ་གཏོགས་ནོར་ལྷ་གཡང་འགུགས་དེ་ཚོས་བོད་མིར་གང་ཕན་འདུག
    ཨ་རི་དང་ནུབ་ཕྱོགས་འབྱོར་ལྡན་མི་ཚོས་ཉིན་གཅིག་གཡང་འགུགས་བྱེད་མ་མྱོང་ཀྱང་དཔལ་འབྱོར་གྱིས་ཕྱུག་འདུག་གསུངས་པ་དེར་གང་འགྲེལ་དགོས་སམ།
    ཡང་དེ་ལ་དྲང་ངེས་ཀྱི་དགོངས་པ་ཞིག་བསམ་བློ་གཏོང་དགོས་པ་ལས་ལན་དོན་མཐུན་ཞིག་འདེབས་དཀའ་བར་གྱུར།
    ཕྱ་འགུག་གཡང་འགུག་ནོར་ལྷ་རྟག་ཏུ་མཆོད་པའི་བོད་མིས་དེ་འདྲའི་སྐད་ཟུར་ཙམ་གཅིག་མི་བྱེད་པའི་ནུབ་ཕྱོགས་པ་ཚོར་ལག་པ་གཟེད་ནས་བསྡད་མེད་དམ།
    ཕ་ལ་སྦྱིན་བདག་མ་སྦྱིན་བདག་ཕྲུག་གུར་སྦྱིན་བདག་སྤུན་ཉེར་སྦྱིན་བདག།
    ག་ཚོད་མི་འདུག་གམ།
    གནམ་ཡིག་བབས་ཟེར་བ་དང་ལུང་བསྟན་རེད་ཟེར་བ་སོགས་ལ་ཡིད་ཆེས་མེད་དོ།
    བོད་མི་ཡིན་མཁན་ཁ་ཆེ་བའང་ཡོད་ལ་ཡེ་ཤུ་པ་ཡིན་མཁན་ཀྱང་ཡོད།
    ཆོས་མེད་ཏང་ཡོན་ཡིན་མཁན་ཀྱང་ཡོད་པས་ཐམས་ཅད་ནང་པ་བ་ཡིན་པར་མི་བརྩི་རོགས།
    ཧམ་པ་ཆེ་དྲགས་པ་རེད།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    མངའ་རིས་བུ་ལགས། གུ་རུ་རིན་པོ་ཆེས་ཀྱང་། འབྱུང་བ་དགྲར་ས་བཅུད་ཉམས་པའི་ཚེ། སེམས་ཅན་མུ་གེའི་ནད་ཀྱི་ཉན་པ་ན། ཡིད་མཉིས་ཐེ་ཚོམ་མེད་པར་གསོལ་བ་བཏབ་དགོས་པར་གསུང་ཡོད་པ་དེ་དོན་ལ་མི་གནས་པ་ཞིག་མ་ཡིན་པར་རྒྱུ་མཚན་མང་པོ་ཞིག་གི་རྐྱེན་སོང་བ་ཡིན་པ་ཁྱེད་ཀྱི་མ་མཁྱེན་པས་རེད།
    གཟིགས་དང། རྒྱ་མིས་བོད་ས་ཡོངས་རྫོགས་ལ་ས་བཅུད་ག་ཚོད་ཙམ་ཉམས་ཉེས་དང་བསྔོག་འདོན་བཟོས་ཡོད་པ་ཁྱེད་རང་གིས་མི་མཁྱེན་ནམ་དེས་རྐྱེན།
    དཔེར་ན་ཀན་སེལ་ནད་ཀྱིས་ཉེན་ན་སྨན་པས་ཀྱང་བཅོས་ཐབས་ཤིན་ཏུ་དཀའ་བར་འབྱུང་བ་བཞིན། གུ་རུ་ལ་ཐུགས་རྗེ་དང་ནུས་མཐུ་མེད་ནས་ས་འགུལ་བཀག་མ་ཐུབ་པ་མིན་ལ། ལས་ཐབས་སྡུག་པའི་བྱ་བ་སྣ་ཚོགས་དང་དུས་ཚོད་དེ་མཉམ་དུ་གདོང་ཐུག་ན་བཟློག་པ་ཤིན་ཏུ་དཀའ་བར་སྣང་བས་གུ་རུ་ལ་གསོལ་བ་བཏབ་པ་དེ་རྣམས་རྨོང་དད་ཕན་མི་ཐོག་པ་རེད་མ་གསུང་དང་། གཏམ་འདི་ཚོ་བོད་ཆོས་ལྡན་གྱི་མི་ཞིག་གི་སྐད་ཆ་ཡིན་པར་མི་སྣང་། གང་ཡིན་ཞེ་ན་ཉེ་ཆར་ཉི་ཧོང་ནི་འཛམ་གླིང་འདིའི་ཐོག་འཕྲུལ་རིགས་རྩེར་སོན་གྱི་རྒྱལ་ཁབ་དང་། འདས་པའི་དུས་སུ་ཨ་རི། རྒྱ་ནག ཉུས་ཟི་ལན་ཌི་སོགས་དེང་གི་ཚན་རིགས་རྩེར་སོན་རྣམས་ཀྱང་འབྱུང་བའི་གོད་ཆགས་ལ་བཟློག་ཟླ་མེད་པ་ནི་མཁྱེན་གསལ་ལ་དེ་ཚོ་རྨོང་དད་བྱེེད་ཀྱི་མེད་པའི་ཁུལ་ཡིན་པ་མ་ཚད་འཛམ་གླིང་སྔོན་ཐོན་གྱི་གྲལ་ཡིན་ཀྱང་ཕན་མ་ཐོག་པ་རེད། གུ་རུའི་སྐུ་འབུམ་དང་ཚོགས་འབུམ་རྣམས་ཀྱི་ནུས་མཐུ་དང་ཕན་ཐོག་ག་ཚོད་ཡོད་པ་ཁྱོད་རང་གི་མ་མཐོང་བའི་རྒྱུ་མཚན་གྱིས་ཁྱེར་རང་གི་བླུན་དད་ཞེས་བཤད་ན་བླུན་པོ་སུ་ཡིན་ཐམས་ཅད་ཀྱི་གསལ་གསལ་ཐིང་ཐིང་རེད། སྤྱིར་སྐད་ཆ་འདི་ཚོ་བོད་པའི་སྤྱི་ཚོགས་ནང་དེ་ཙམ་ལེགས་ཆ་ཞིག་དང་བཤད་པ་བྱེད་དགོས་པ་ཞིག་ཡིན་པ་མཐོང་གི་མི་འདུག་བསམ་སོང། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད་ཞེས་པ་དེ་ཡིན་པས་ནང་པ་སངས་རྒྱས་པའི་རིང་ལུགས་བཟང་པོ་འདི་བླུན་པོ་ཞིག་གི་བྱ་ཐབས་ཡིན་པར་ཤོད་ན་ཅུང་ཐལ་མི་ཆེ་ནམ། ཁྱེད་རང་ལ་དགོངས་འགལ་མེད་པ་ཞུ།
    ས་གུལ་གྱི་གོད་ཆགས་བྱུང་བའི་བོད་མི་ཡོངས་ལ་གུས་པའི་ངོས་ནས་གདུང་སེམས་མཉམ་བསྐྱེད་དང་ཁོང་རྣམ་པ་སེམས་ཤུགས་མི་ཆགས་པར་དཀའ་ངལ་ལ་གདོང་ལེན་སྔོན་མ་ནང་བཞིན་བོད་མི་རྡོག་རྩ་གཅིག་སྒྲིལ་འབྱུང་ཐུབ་པའི་རེ་བསྐུལ་ཡང་ཞུ་གི་ཡིན

    Reply
  3. དབུ་མ་པ། says:
    ལོ་ 15 སྔོན།

    ༄༅། །ལྷག་བསམ་མཁའ་ལྟར་ཡང་བའི་གཞི་བྱེས་ཀྱི་སྤུན་ཟླ་ལགས་སེམས་ཞུམ།
    ངས་གོ་ཚུལ་ས་འགུལ་འདིའི་རྐྱེན་བྱས་ཏེ་མི་སོགས་ལ་སྲོག་སྐྱོན་བྱུང་མི་འདུག
    འོན་ཀྱང་འདིས་སྤུན་ཟླའི་སེམས་ལ་སྡུག་བསྔལ་པར་མ་ཞིག་བཟོས་ཟིན་པས་དེར་སྡུག་མཉམ་སྐྱེ་བྱས་པ་ཁྱོད་ཀྱི་ལྷག་བསམ་ལ་ལྷད་མེད་པར་ཚོན།

    Reply
  4. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    ཁ་ལྡིང་དུས་རང་གཞུང་གི་ངན་དགུ་རེ་མ་རྩི།།
    མིག་ཕྱེ་དུས་རང་ཐོག་ལྡོག་ཕྱོགས་ཀྱིས་མ་ལྟ།།
    བློ་རྣོ་ན་རང་ཚང་ལ་ལག་རྗེས་ཞིག་ཞོགས་དང་།།
    སེམས་བཟང་ན་འབངས་མིར་ཕན་ཐོགས་ཤིག་སྒྲུབ་དང་།།

    Reply
  5. མངའ་རིས་བུ། says:
    ལོ་ 15 སྔོན།

    གྷུ་རུའི་འབུམ་ཚོགས་མང་པོ་བཏངས་ཚར་པ་རེད།
    གྷུ་རུའི་སྐུ་འདྲ་འབུམ་སྐུ་བཞེངས་ཚར་པ་རེད།
    ས་འགུལ་དང་ཆུ་ལོག་སོགས་ནི་འབུམ་སྐུ་བཞེངས་ཚར་པའི་རྗེས་ནས་བྱུང་བ་རེད་དྭ།
    ད་དུང་་་་་་་་རྨོངས་དད།

    Reply
  6. བློ་རྣམ། says:
    ལོ་ 15 སྔོན།

    བོད་ནང་རྐྱེན་ངན་དང་ཆག་སྒོ་བྱུང་ན། བཙན་བྱོལ་གཞུང་གིས་ལོ་ལེགས་རེད་ལ། ད་ཡང་ཞལ་འདེབས་ཚོགས་ཆུང་ཚང་ག་ཤིག་ཤིག་ཕེབས་ཀྱི་རེད་ལ།

    Reply
  7. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ༈ ཨ་ཁ་རང་རེ་བོད་ཁ་བའི་ལྗོངས་སུ་དེ་ལྟར་ས་ཡོམ་བྱུང་བར་ཤིན་ཏུ་བློ་ཕམ་བྱུང་། ང་ཚོའི་ལུང་པར་ས་ཡོམ་བྱུང་ཚར་ནས་མི་ལ་ཤི་སྐྱོན་རིགས་མེད་པར་སྨོས་མེད་རེད། གང་ལགས་ཤེ་ས། རྒྱ་དམར་ནི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཞིག་ཡིན་ཡང་ང་ཚོ་བོད་པའི་ས་ཐོག་ཏུ་ཡར་རྒྱས་ཀྱི་ལས་འགུལ་རིགས་སྤེལ་བ་ནི་ཉིན་མོའི་སྐར་མ་ཙམ་རེད་ལ། ཡར་རྒྱས་མེད་ཟིན་པའི་རྗེས་ལ་སྐྱོན་ཆགས་ཡོང་རྒྱུ་ཡིན་པ་སྨོས་མེད་རེད། དེའི་ཕྱིར་ན་མཆོག་གསུམ་ལ་གསོལ་འདེབས་ལེགས་པར་བཏབ་རྒྱུ་དང་། གུ་རུའི་གཟུངས་སྔགས་རིགས་འདོན་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཆེ་བས་ཐུགས་ལ་ཞོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese