མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཛ་དྲག་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རང་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་སུ་རྒྱ་དམག་འབོར་ཆེན་རྔ་པ་ཀིརྟི་དགོན་པའི་ནང་འགྲོ་རྩིས་བྱས་སྐབས། ས་གནས་བོད་རིགས་མང་ཚོགས་ཀྱིས་དམག་མིའི་མདུན་བཀག་སྟེ་འགྲོ་རུ་བཅུག་མེད་པ་དང་། སྐབས་དེར་ཉེན་རྟོག་པ་དང་དྲག་ཆས་དམག་མིས་མི་མང་ལ་གཅར་རྡུང་དྲག་པོ་བཏང་ཡོད་པ་མ་ཟད། དམིགས་བསལ་སྦྱོར་བརྡར་ཅན་གྱི་སྤྱང་ཁྱི་མང་པོ་མང་ཚོགས་ནང་བཏང་སྟེ། མི་མང་ལ་ཁྱིས་རྨུག་པ་དང་སྡེར་འབྲད་བྱས་པ་སོགས་ཀྱིས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

མི་མང་གིས་དམག་མིའི་གཅར་གཏོང་དང་སྤྱང་ཁྱིའི་སོ་འབྲད་གང་ལའང་མ་འཛེམས་པར་ཕྱི་བཤོལ་བྱས་མེད་སྟབས། དམག་མི་རྣམས་དགོན་པའི་ནང་འཛུལ་ཐུབ་མེད་པ་དང་། དེའི་རྗེས་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་ཡོང་སྟེ། མི་མང་ལ་བཀའ་ནན་ཕེབས་པ་ལྟར་མང་ཚོགས་ཕྱི་ནུར་ཙམ་བྱས་ཡོད་ཀྱང་། ཉིན་རྒྱབ་ཆུ་ཚོད་ ༣ དང་ཕྱེད་ཀ་ཙམ་ལ་ད་དུང་མང་ཚོགས་དང་དམག་མི་གདོང་ཐུག་གིས་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་འདུག

དེ་རིང་གི་དོན་རྐྱེན་དེ་ནི། ཉིན་ཤས་གོང་ནས་གྲྭ་པ་དགུང་ལོ་ ༡༨ ནས་ ༤༠ བར་ཚང་མ་ས་གནས་གཞན་ཞིག་ལ་སློབ་སྦྱོང་གི་མིང་ཐོག་ནས་འཁྲིད་རྒྱུ་དང་། ལས་དོན་དེ་ཕྱི་ཚེས་ ༡༢ ཉིན་ལག་བསྟར་བྱ་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཕྱི་ཚེས་ ༡༡ ཉིན་གྱི་དགོང་མོ་ནས་ཡོངས་ཁྱབ་ཆགས་ཡོད་སྟབས། ས་གནས་མི་མང་གིས་དགོན་མཐའ་གཡས་གཡོན་ནས་དོགས་ཟོན་བྱས་བསྡད་ཡོད་པ་དང་། གལ་སྲིད་དེ་འདྲའི་གནས་ཚུལ་བྱུང་སྐབས་རང་སྲོག་བློས་གཏོང་གིས་འགོག་རྒོལ་བྱ་རྒྱུར་གྲ་སྒྲིག་ཡོད་སྟབས། དེ་རིང་ཉིན་གུང་རྒྱ་དམག་འབྱོར་མ་ཐག་དོན་རྐྱེན་དེ་བྱུང་ཡོད་འདུག

ད་ཆར་རྔ་པ་རྫོང་གི་འགྲིམ་འགྲུལ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པར་མ་ཟད། ཉིན་ཤས་གོང་ནས་རྔ་པ་ཀིརྟི་དགོན་གྱི་ཉེ་འཁྲིས་ཀྱི་གྲོང་སྡེ་ཁག་གི་བྱིས་པ་རྫོང་ཐོག་ལ་སློབ་གྲྭར་འགྲོ་མཁན་དག་ཀྱང་ཕྱིར་ནང་ལ་ལོག་མི་ཆོག་པ་བཟོས་ཡོད་འདུག་ལ། དེ་ནི་དགོན་པར་གཏོར་བཅོམ་བྱ་འཆར་ཡོད་སྟབས་སློབ་མ་རྣམས་ལ་སྲུང་སྐྱོབ་བྱས་པ་ཡིན་པའི་བསམ་ཚུལ་ཡོང་གི་ཡོད་འདུག ཅེས་བཀོད་འདུག

 

གནས་ཚུལ་གཞན་ཞིག་ནི། ཟླ་འདིའི་ཕྱི་ཚེས་ ༨ ཡས་མས་ཤིག་ལ་རྔ་པ་ཁུལ་འཛམ་ཐང་རྫོང་བར་མ་ཞང་གི་ཉེན་རྟོག་ལས་ཁུངས་མདུན་དུ་མི་གྲངས་ ༣༠ ཙམ་གྱིས་ངོ་རྒོལ་སྐད་འབོད་བྱས་སྐབས། འཕྲལ་དུ་ཉེན་རྟོག་མི་སྣས་གཅར་རྡུང་དྲག་པོ་བཏང་སྟེ། བོད་མི་གཞོན་སྐྱེས་ལོ་ ༣༠ ཡས་མས་ཅན་ཞིག་རྐྱེན་ལམ་དུ་བཏང་ཡོད་ཅིང་། སྐབས་དེར་མི་མང་གི་ངར་ཤུགས་སྔར་ལས་ཇེ་ཆེར་སོང་སྟེ་མི་ ༡༠༠༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་སྟབས། རྒྱ་སྒོར་འབུམ་བདུན་ ༧༠༠༠༠༠ ཙམ་སྤྲོད་རྒྱུའི་ཁས་ལེན་འོག་གནས་སྐབས་རིང་ཞི་འཇགས་ལྟ་བུ་བྱུང་ཡོད་ཀྱང་། དེ་རྗེས་སླར་ཡང་བཀག་སྡོམ་ཤུགས་ཆེ་རུ་བཏང་ཡོད་འདུག

ཕྱི་ཟླ་བཞི་བའི་ཚེས་ཤར་ནས་དགོན་པའི་ཕྱི་ནང་གི་འགྲོ་སྐྱོད་བཀག་སྡོམ་བྱས་ཏེ་དགོན་གྲོང་ཐུག་འཕྲད་བྱེད་འཇུག་གི་མེད་སྟབས། དགེ་འདུན་པ་རྣམས་ལ་བཞེས་ལག་འཆད་རྒྱུའི་ཉེན་ཁར་ཐུག་སྟེ། མི་མང་གིས་དང་བླང་ཐོག་རྩམ་པ་དང་མར་ཕྱུར་སོགས་དགོན་པའི་གཞུང་ལ་བསྐྱལ་བ་བགོ་འགྲེམས་བྱེད་ཀྱི་ཡོད་ཀྱང་། ཕྱི་ཚེས་ ༤ ཡས་མས་ནས་མི་མང་གི་བཟའ་བཅའ་བསྐྱལ་རྒྱུར་ཡང་བཀག་སྡོམ་བྱས་ཤིང་། ཉིན་ཤས་གོང་ནས་རྔ་པ་རྫོང་གི་གྲོང་སྡེའི་ལས་ཁུངས་ཁག་ཏུ་མི་མང་བསྡུས་ཏེ། གུང་ཁྲན་ཏང་ལ་བསྟོད་བསྔགས་ཀྱི་ཚོགས་འདུ་སྐོང་བ། ཕྱི་ཚེས་ ༣ ཡས་མས་ནས་དགོན་པའི་ཤར་ཕྱོགས་ཀྱི་གྲྭ་ཤག་མང་པོའི་ནང་རྒྱ་དམག་བཙན་ཤེད་ཀྱིས་འཛུལ་ནས་སྒོ་དང་སྒེའུ་ཁུང་བཅག་པ་དང་། བཅའ་དངོས་རྐུ་འཕྲོག་བྱས་པ། གྲྭ་པ་རྣམས་ལ་གང་བྱུང་དུ་རྡུང་རྡེག་གཏོང་བཞིན་ཡོད་པ། ཕྱི་ཚེས་ ༩ ཉིན་དམག་མི་ ༨༠༠ ཙམ་རྔ་པ་རྫོང་ལ་འཕར་སྣོན་བྱས་ཡོད་པ་སོགས་ཀྱིས། ད་བར་དགོན་པའི་བླ་མ་དང་ལས་སྣེ་ཡི་བཀའ་གསུང་འོག གྲྭ་མང་གིས་བཟོད་བསྲན་ཆེན་པོས་ཞི་འཇགས་ལྷོད་ཡངས་ཡོང་རེ་བྱས་ཡོད་ཀྱང་། ད་ཆར་ཛ་དྲག་གི་གནས་སྟངས་ཅི་ཆགས་ཚོད་དཔག་དཀའ་བར་གྱུར་འདུག ཅེས་བཀོད་འདུག

 

ད་བར་འདི་ནས་ཤེས་རྟོགས་བྱུང་བའི་རྒྱ་ནག་གིས་འཛིན་བཟུང་བྱས་པ་ ༣༠ ཡོད་པ་དག་ནི། འཛམ་ཐང་རྫོང་ནས་སློབ་གྲྭའི་དགེ་རྒན་དཔལ་ཁོ་དང་རྡོ་རྗེ། ཨ་རྡོར། འོད་གསལ་རྡོ་རྗེ་སོགས་མི་ ༨ དང་། རྔ་པ་རྫོང་མཐའ་བ་འགབ་མའི་ཚེ་རིང་སྐྱིད། མཐའ་བ་གོང་མའི་བློ་བཟང་འཇམ་དབྱངས། དབང་ཕྱུག བསོད་ནམས་སོགས་མི་ ༨ ། རྨེའུ་རུ་མའི་ཕུན་ཚོགས། རྔ་པ་ཀིརྟིའི་དགོན་གྱི་གྲྭ་བློ་བཟང་བརྩོན་འགྲུས། ཕུན་ཚོགས་ཀྱི་སྤུན་ཆུང་བ་བློ་བཟང་སྐལ་བཟང་། བསམ་འགྲུབ། བློ་བཟང་བསྟན་འཛིན། བློ་བཟང་ཆོས་འཕེལ། བློ་བཟང་དངོས་གྲུབ། བློ་བཟང་ཚེ་དཔག དོན་ཡོད་རྡོ་རྗེ། བསྟན་འཛིན་རྒྱམ་ཁོ། བཀྲ་ཤིས། ཕ་ཡུལ་ཡུལ་ཤུལ་ནས་ཡིན་པའི་གྲྭ་དཀོན་ཚེ་དང་གྲྭ་དཔལ་ལྡན། གཅའ་རུ་བའི་བཀྲ་ཤིས། ཆོས་རྗེ་མའི་སེང་གེ ཁང་སར་མའི་བསྟན་ཚེ། དཀོན་མཆོག་ཚུལ་ཁྲིམས་བཅས་དགེ་འདུན་པ་ ༡༤ བཅས་ཡིན་ཞིང་། དེ་དག་ལས་ད་ལྟ་མུ་མཐུད་བཀག་ཉར་བྱས་ཡོད་པ་གྲྭ་པ་ ༨ དང་མི་སྐྱ་ ༡༡ བཅས་ཡོད་འདུག

 

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

སྐར་མ ༣༩ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 9

  1. མིག་གསུམ་པ། says:
    ལོ་ 15 སྔོན།

    རྔ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ཁོང་ནས་གུས་འདུད་ཞུ

    Reply
  2. གནས་ཚང་། says:
    ལོ་ 15 སྔོན།

    འཚེ་མེད་ཞི་བས་འཚེ་བ་མི་འགོག་ན།
    མཚན་མེད་ཡོན་ཏན་བསྐྱོར་ནས་རྫོགས་རེ་སྐན།
    གྲི་མདུང་དབྱུག་པར་འཇུས་པའི་མི་ཕོ་འགས།
    རོ་ལ་རོ་བསྐྱིན་ཁྲག་ལ་ཁྲག་གི་ལན།
    ཡ་ཆུང་བྲང་ན་མེ་རུ་འབར་འདི་ཅི།

    ཁེད་ཅིག་ཡིན། སུས་ཁེད་ན་པཱ་ལེ་ཞིག་རིན་མེད་ཡིན།

    Reply
  3. གོང་ཐུབ། says:
    ལོ་ 15 སྔོན།

    བཞུགས་སྒར་རྡ་ས་ནས་སྣེ་ཁྲིད་དེ། ད་ལྟའི་འཛའ་དྲག་གི་གནས་སྟངས་མྱུར་སྐྱོབ་དང་། འདི་ལ་བརྟེན་ནས་བོད་དོན་ཁྱབ་བསྒྲགས། ལྷག་པར་དུ་བོད་མདོ་དབུས་ཁམས་གསུམ་གྱི་སྐྱེ་བོ་ཕོ་མོ་མནར་གཅོད་མྱང་དང་མྱོང་བཞིན་པ་དག་གློད་གྲོལ་ཆེད་ལས་འགུལ་གྲུབ་འབྲས་གསལ་བ་ཞིག་སྤེལ་རན་རེད། འཛའ་དྲག འཛའ་དྲག གོ་སྐབས། འགྲོ་གྲོན།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ད་ལྟའི་གནས་ཚུལ་འདི་ཚོན་བོད་ནང་ཛ་དྲགས་ཀྱི་གནད་དོན་རྣམས་རྒྱལ་སྤྱིའི་གནད་དོན་ཅན་དུ་འགྱུར་ཐབས་ལ་འབད་ན་ཕན་དོགས་ཅུང་ཐོན་ངེས་པས་དེར་བཙན་བྱོལ་བ་ཚང་མས་ནུས་པ་མཉམ་དུ་སྤུང་ཐུབ་ན་བསམ། དེ་མིན་ཕ་ཡུལ་གྱི་མི་མང་གི་སྡུག་བསྔལ་རྒྱུན་གཅོད་མི་ཐུབ།

    Reply
  5. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་བའི།།
    དཀའ་བ་བརྒྱ་ཕྲག་བསྒྲུབ་པའི་སྐྱེ་འགྲོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེ་སྐྱོང་བར་མཛོད།།

    མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས།།
    སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་།།
    ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།
    བདེན་པའི་དོན་རྣམས་གེགས་མེད་མྱུར་འགྲུབ་ཤོག།

    Reply
  6. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 15 སྔོན།

    བོད་ནང་དུ་གནས་ཚུལ་ཐབས་སྡུག་པོ་ག་ཚོད་བྱུང་ཡང་། རྒྱལ་སྤྱིའི་སྐྱེ་བོ་སུས་ཀྱང་ཤེས་ཐབས་མེད་པ་དེ་མུན་ནག་གི་སྤྱི་ཚོགས་དེའི་ཁ་སྟབས་ཤིག་རེད། འོན་ཀྱང་སྐུ་ཞབས་བློ་བཟང་ཡི་ཤེས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་གསར་འགྱུར་དེ་དག་བསྡུ་རུབ་ཐུབ་པ་ནི་མུན་ནག་བཙན་གྱིས་གཏོར་བའི་སྒེ་ཁུང་ཞིག་རང་རེད།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མང་ཚོགས་ལ་བརྡབ་གསིག་ཆེན་པོ་མི་ཡོང་བའི་ཐབས་ཤེས་ཤིག་བཞུགས་སྒར་ནས་འཐེན་རན་མ་རེད་དམ།

    ལོ་སྔ་ཕྱི་འདི་དག་གི་རིང་ལ་རྒྱ་ནག་གི་ལྕགས་ཁྲིམས་བཙན་པོའི་འོག་ནས་གཞིས་ལུས་བོད་མི་ཡོངས་དང་སྒོས་སུ་རྔ་པ་ཀིརྟི་དགོན་གྲོང་གཉིས་ནས་༼ལུས་སྲོག་ལོངས་སྤྱོད་༽ཅི་ལ་ཡང་མ་འཛེམས་པར་ངོ་རྒོལ་མུ་མཐུད་ནས་བྱས་པ་རེད།

    བོད་ནང་གི་ས་གནས་སྤྱི་ལ་རང་དབང་འཐབ་རྩོད་ཀྱི་འཐབ་བྱུས་རེ་དགོས་པར་འདུག་ལ། ༼སྐྱིད་སྡུག་མཉམ་མྱོང་༽ཅེས་པའི་འབོད་ཚིག་གསལ་བོ་དེ་དོན་ལ་གནས་པ་ཞིག་དགོས་པ་རེད། དེ་མིན་ས་གནས་དམིགས་བཀར་བ་རེ་ནས་འདི་ལྟར་ཨུ་ཚུགས་ཀྱིས་ངོ་རྒོལ་བྱས་ན་བརྡབ་གསིག་ཆེན་པོ་ཡོང་རྒྱུ་ནི་ཐེ་ཚོམ་མི་འདུག

    Reply
  8. ཁང་མུན་གྲོལ། says:
    ལོ་ 15 སྔོན།

    གནས་ཚུལ་གང་ཡོད་པ་དེ་དྲང་མོར་བཤད་རྒྱུ་ལས་དོན་མེད་ཀྱི་སྒྲོ་སྐུར་དང་འུད་བརྗོད་བྱས་ན། ཕ་ཡུལ་གྱི་མི་དམངས་ཚོར་དཀའ་ངལ་ཧ་ཅང་ཆེ་བས། གནས་ཚུལ་མཁོ་གཏོང་བ་དག་གི་དེ་ཕྱོགས་སུ་གཟབ་དགོས་པར་མཐོང་།

    Reply
  9. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ཅི་དྲག་གང་དྲག་འཁྲུགས་པ་མི་ཤོར་བར་བྱེད་མ་ཐུབ་ན་གསོད་རྒྱུ་ལས་གསོན་རྒྱུ་མེད་ཐག་ཆོད་ཕུག་རྒྱང་རིང་པོའི་བསམ་གཞིག་ཅི་ནས་ཀྱང་བཏང་དགོས་པར་འདུག་གླེན་པ་དྲག་འཛིང་གི་གར་ཡང་མི་སླེབ་པས་ཁོང་ཁྲོ་ཡོད་པ་ཡིན་ཡང་བཟོད་པ་ནི་དེ་བཞིན་གཤེགས་པའི་གསུང་དྲི་མ་མེད་པ་འདི་དུས་འདི་ལྟ་བུ་ལ་གཉེར་དགོས་ཀྱི་ཁོག་ཆེ་དཀྱེལ་ཡང་གི་སྒོ་ནས་ཀིརྟི་དགོན་གྱི་དགེ་འདུན་པ་ཡོངས་ཀྱིས་རྒྱུད་བསྐུལ་ནན་པོ་བྱེད་རོག་ཞེས་འབོད་བསྐུལ་ཡང་ཡང་ཞུ་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese