མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་ཛ་དྲག་གི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རང་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་རོང་ཆེན་བསྟན་པའི་སྒྲོན་མེ། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་རྒྱ་ནག་དམར་པོའི་གཞུང་གི་དབུ་ཁྲིད་རྣམས་དང་། ས་གནས་ཟི་ཁྲོན་ཞིང་ཆེན། དེ་བཞིན་རྔ་པ་ཁུལ་དང་རྫོང་བཅས་ཀྱི་མཐོ་རིམ་མགོ་ཁྲིད་དག་གི་མཚན་ཐོག་ལ། ཉིན་འདི་འགར་རྔ་པའི་དགོན་གྲོང་གཉིས་ཐོག་ལ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་འདུག

 

ཞུ་ཡིག་དེའི་ནང་བཀོད་དོན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་དང༌། ལྷག་པར་ཟི་ཁྲོན་ཞིང་ཆེན་དང༌། རྔ་པ་རང་སྐྱོང་ཁུལ། རྔ་པ་རྫོང་བཅས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ལ་ཞུ་རྒྱུར།

དབུས་གཞུང་གི་བཀའ་འབྲེལ་ཡིན་མིན་གང་ལྟར་ཡང༌། ད་ལམ་རྔ་པ་ཀིརྟིའི་དགོན་པར་དྲག་པོའི་དམག་དཔུང་དང་ལས་བྱེད་མཉམ་འབྲེལ་གྱིས་ཆེས་ཛ་དྲག་གི་སྒོ་ནས་དྲག་གནོན་དམ་བསྒྲགས་ཤུགས་ཆེན་འོག་རང་དབང་ཐམས་ཅད་བཙན་འཕྲོག་གིས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བཏང་སྟེ་སྡུག་བསྔལ་ཤུགས་ཆེན་མྱོང་བཞིན་པར་བློ་ཕམ་ཚད་མེད་དང་འབྲེལ་མེ་ཚིག་མེར་གཏུགས་ཀྱིས་རེ་འདུན་ཞུ་རྒྱུར། 

རྔ་པ་ཀིརྟིའི་དགོན་པ་དང་འབྲེལ་ཡོད་སེར་སྐྱ་མི་མང་དང་བཅས་པར་གང་བྱུང་གིས་འཇིགས་སྐུལ་དྲག་གནོན་དང་གཡོ་ཐབས་སྣ་ཚོགས་ཀྱིས་སུན་གཙེར་བཟོ་བཞིན་པར་འབྲས་བུ་ལེགས་པ་ཞིག་འཐོན་རྒྱུ་ཡེ་ནས་མེད་པས་མྱུར་དུ་མཚམས་འཇོག་ཡོང་བའི་རེ་བ་ཞུ་བཞིན་ཡོད། དེ་གར་དོན་རྐྱེན་ལྷགས་པའི་འབྱུང་རྩ་ནི་རྒྱ་གཞུང་གི་གནང་ཕྱོགས་ལ་མི་མང་གི་བློ་ཁ་མ་ཁེངས་པས་ཡིན་ནའང་རྒྱུ་མཚན་གཞན་སྣ་ཚོགས་ཡོད་ཚུལ་གོང་རིམ་ལ་ཞུ་མཁན་ཡོད་ཚེ་རྫུན་ཞུས་ཀྱིས་གཞུང་དང་མི་མང་བར་རྒྱང་ཐག་རིང་དུ་བཏང་བའི་བྱ་སྤྱོད་ཡིན་པས་སྲིད་འཛིན་ཧུའུ་ཅིན་ཐའོ་མཆོག་གིས། “འཆམ་མཐུན་གྱི་སྤྱི་ཚོགས།” ཞེས་གསུངས་པའི་དགོངས་དོན་དང་དངོས་སུ་འགལ་བའི་བྱ་སྤྱོད་ལག་ལེན་དུ་བསྟར་བ་ཞིག་མ་རེད་དམ། དོན་དམ་པའི་འཆམ་མཐུན་ཞིག་གནང་འདོད་ཡོད་ན་གཞུང་དང་མི་མང་བར་ཐག་ཉེ་རུ་གཏང་ དགོས་པ་མ་གཏོགས། གོ་སྐབས་བཟུང་ནས་ཆབ་སྲིད་ཀྱི་ཞྭ་མོ་ལྕི་མོ་ཞིག་སོ་སོའི་མི་མང་ཁག་ཅིག་ལ་གཡོགས་ཏེ། བདེན་རྫུན་ཅི་རིགས་ཀྱིས་སྲོག་ཁྲིམས་དང་ཚེ་བཙོན་སོགས་ཀྱི་ཉེས་ཆད་བཀལ་ནས་རྒྱ་གཞུང་ལ་ཤ་ཚ་མདོག་གིས་མི་མང་གི་སེམས་ཀྱི་རྨ་ཁ་ཇེ་ཆེ་དང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བཏང་སྟེ་གཞུང་དམངས་གདོང་ཐུག་ཡོང་བའི་ཐབས་ལ་འབད་མཁན་ཞི་དྲག་ལས་བྱེད་དེ་ཚོའི་གྲས་ནི་ཏང་ཡོན་དང་། རྒྱལ་གཅེས་པ་ཞིག་མིན་པར་ལྐོག་ཟ་རུལ་ སུངས་དང་ངན་པ་ལག་སྦྲེལ་ཅན་ཡིན་པ་མཁྱེན་དགོས། རྒྱ་དོགས་པས་ཕུང༌། ཟེར་བ་ལྟར་དོགས་ཟོན་ཁོ་ནས་རྡུང་རྡེག་ཚ་ནན་དང་མེ་མདའི་འོག་ནས་འཆམ་མཐུན་ཡོང་ཐབས་མེད་པའི་དངོས་ཡོད་གནས་ཚུལ་འདི་ཁས་ལེན་ཐུབ་པའི་ཕོད་པ་ཞིག་དབུ་ཁྲིད་ཚོར་ཡོད་དགོས། སེམས་ཅན་དུད་འགྲོ་ཞིག་ལ་མཚོན་ནའང་བྱམས་པོ་བྱས་ན་གཉེན་དང་། རྩུབ་སྤྱོད་བྱས་ན་གཉེན་དུ་འགྱུར་མི་ཐུབ་པ་ལྟ་བུ་མ་རེད་དམ།

ཉི་ཟླ་གཟའ་སྐར་གྱི་འཁོར་འགྲོས་ལ་སྟོབས་ཆེན་སུ་ཞིག་གིས་ཁ་ཕྱོགས་བསྒྱུར་མི་ཐུབ་པ་ལྟར། འཛམ་གླིང་གི་སྤྱི་ཚོགས་ཀྱི་འགྱུར་འགྲོས་འདི་འགོག་ཐབས་མེད་པས་མི་མང་གི་བསམ་བློའི་འགྱུར་བ་ལ་སྲིད་གཞུང་གིས་མཐོང་ཆེན་གནང་སྟེ་ཏང་གི་ཚོགས་པ་དེའི་ དབང་ཤུགས་གནས་ཐབས་ཁོ་ན་ཙམ་མི་བསམ་པར་དོན་དམ་པའི་མི་མང་གི་བདེ་དོན་བསམ་ཕོད་པ་དང་ལེགས་བཅོས་གཏོང་ཕོད་པ་ཞིག་གནང་ནས་གཞུང་དམངས་དབར་གདོང་ཐུག་མི་ཡོང་བའི་ཐབས་ཤེས་འཚེ་བ་མེད་པའི་སྒོ་ནས་གནང་ན་འབྲེལ་ཐག་ཉེ་རུ་འགྲོ་བས་འཆམ་མཐུན་གྱི་ སྤྱི་ཚོགས་ཡོང་བ་ནི་ཆོས་ཉིད་ཀྱི་རང་བཞིན་ཡིན། འགོ་ཁྲིད་ཀྱིས་རང་གི་མི་མང་ལ་ཡིད་ཆེས་སྐྱེ་མི་ཐུབ་པར་དོགས་ཟོན་ཁོ་ནས་བཙིར་གནོན་དམ་དྲག་བྱས་ཚེ་མི་མང་གི་སེམས་ཀྱི་རྨ་ཁ་ཇེ་ཆེ་དང་གཞུང་དམངས་གདོང་ཐུག་ཡོང་རྒྱུ་ཁོ་ན་ལས་འཆམ་མཐུན་ཡོང་ཐབས་བྲལ་བས་རྩུབ་སྤྱོད་འདིའི་རིགས་རྒྱལ་ཡོངས་སྤྱི་དང་ལྷག་པར་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཐམས་ཅད་ལ་མྱུར་དུ་མཚམས་འཇོག་ཡོང་བའི་རེ་སྐུལ་ནན་པོ་ཞུ་བཞིན་ཡོད།

རྩུབ་སྤྱོད་འདི་ཁོ་ན་མུ་མཐུད་ནས་རྒྱལ་ཡོངས་གང་སར་ལག་ལེན་བསྟར་ཚེ་དམག་མི་དང་བཙོན་ཁང་གིས་མི་འདང་བའི་གནས་སུ་གྱར་སྲིད། ད་ལྟའི་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་ལག་ལེན་བསྟར་བཞིན་པའི་སྲིད་བྱུས་འདི་ནི་གྲལ་རིམ་འཐབ་རྩོད་སྐབས་ཀྱི་ལམ་སྲོལ་རྙིང་རུལ་ཅན་དེ་རེད། མི་མང་ནི་དཔལ་འབྱོར་དང་དྲིལ་བསྒྲགས་ཁོ་ནས་དབང་བསྒྱུར་ཐུབ་བསམ་པ་ནི་ནོར་འཁྲུལ་གྱི་བསམ་བློ་ཡིན་པ་མཁྱེན་དགོས། མེ་མདའི་ཁ་ནས་སྲིད་དབང་འཛིན། ཞེས་པའི་དུས་ཚོད་ཡོལ་ཟིན་ནའང་དུས་དང་བསྟུན་མ་ཤེས་པར་ད་དུང་མེ་མདའི་ཁ་ནས་སྲིད་དབང་འཛིན་ཐབས་བྱས་ཚེ་ལམ་ལྷོང་ཡོང་རྒྱུའི་ཚབ་ཏུ་གཞུང་དམངས་དབར་གདོང་ཐུག་དང་ཆག་སྒོ་ཕྱོགས་གང་ས་ནས་རྒྱུན་མ་ཆད་པར་ཡོང་བ་ཆོས་ཉིད་ཡིན་པས་རྐྱེན་ངན་སྔོན་འགོག་ཆེད་རྒྱ་གཞུང་མི་མང་དང་བཅས་པར་ཕན་པའི་ལྷག་བསམ་གྱིས་དྲན་བསྐུལ་ཞུ་བ་དང་ཆབས་ཅིག ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་བཞེད་ལྟར་དབུ་མའི་ལམ་འདི་རྒྱལ་ཁབ་བརྟན་ལྷིང་ཡོང་བའི་རྒྱུ་གཅིག་པུ་ཡིན་པས་ཉིན་འགྱངས་ཞག་འགྱངས་སུ་མ་བཏང་བར་བོད་རྒྱ་ ཞི་མོལ་མྱུར་མགྱོགས་གནང་དགོས་པའི་འབོད་བསྐུལ་ཞུ་རྒྱུ་བཅས། རྒྱ་གར་འཕགས་ཡུལ་ནས་ཀིརྟི་སྤྲུལ་མིང་པས། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 4

  1. ཀིརྟི་སྐྱབས། says:
    ལོ་ 15 སྔོན།

    ༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་གསུང་འཕྲིན་གཞན་ཞིག་ཀྱང་གནང་འདུག་པ་ཁ་བརྡ་དྲ་ཚིགས་སོགས་སུ་བཀོད་འདུག་་ཀྱང་དུས་བབ་དྲ་ཐོག་ཏུ་མ་བཀོད་པ་ཅི་ཡིན་ནམ། དུས་བབ་ཚང་ལ་བཏང་མེད་པ་ནི་ཡིན་རྒྱུ་མ་རེད། རྔ་པ་མི་མང་སྐྱོབ་ཐབས་སུ་ཁྱབ་བསྒྲགས་མང་ཙམ་བྱས་ན་ཕན་ངེས་པས། དུས་བབ་ཚང་གིས་བཀོད་ན་ལེགས། གསུང་འཕྲིན་གཞན་དེ་རྔ་པ་མི་མང་ལ་གནང་བ་ཞིག་ཡིན་འདུག་པ་འདི་ལྟར།
    ༅༅། །མཛའ་ཞིང་བརྩེ་བའི་ཆོས་ཀྱི་གྲོགས་པོ་རྔ་པ་རང་སྐྱོང་ཁུལ་སྤྱི་དང་ལྷག་པར་རྔ་པ་རྫོང་གི་སེར་སྐྱ་མི་མང་རྣམས་ལ་གསལ་འདེབས་ཞུ་རྒྱུར།

    དེ་ཕྱོགས་སུ་ཛ་དྲག་གི་དོན་རྐྱེན་བྱུང་བར་བློ་འཚབ་ཚད་མེད་དང་འབྲེལ་ཤི་རྨས་སོང་བའི་ནང་མི་སྤུན་མཆེད་དང་བཅས་པར་ཐུགས་གསོའི་འཚམས་འདྲི་དང། གཤིན་པོ་རྣམས་སླར་ཡང་དལ་འབྱོར་གྱི་མི་ལུས་བཟང་པོ་ཐོབ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་མཇལ་བ། རྨས་མ་རྣམས་ཀྱི་ནད་གཞི་མྱུར་དྭངས། བཙོན་པ་རྣམས་ཁྲིམས་མུན་ལས་མྱུར་དུ་ཐར་བ། སེར་སྐྱ་མི་མང་བྱིངས་རྣམས་འཇིགས་སྐྲག་གི་སྡུག་བསྔལ་དྲག་པོ་འདི་ལས་མྱུར་དུ་ཐར་བའི་གསོལ་འདེབས་འཕྲིན་བསྐུལ་ཞུ་བ་དང་ཆབས་ཅིག་རེ་འདུན་ཞུ་རྒྱུར། ད་ལམ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་དང། ལྷག་པར་སི་ཁྲོན་ཞིང་ཆེན། རྔ་པ་རང་སྐྱོང་ཁུལ། རྔ་པ་རྫོང་བཅས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ལ་དེ་ཕྱོགས་སུ་འཇིགས་བསྐུལ་དྲག་གནོན་དང་གཡོ་ཐབས་བསུན་གཙེར་གང་བྱུང་བྱེད་བཞིན་པ་འདི་དག་མྱུར་དུ་མཚམས་འཇོག་དགོས་པའི་རེ་འདུན་འདི་ནས་ཞུས་ཡོད། 031འབྲེལ་ཡོད་སེར་སྐྱ་མི་མང་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བས་རྒྱ་དམག་དང་གདོང་ཐུག་གིས་དྲག་གནོན་ཡོང་དང་ཡོང་བཞིན་པ་འདི་ནི་བཟོད་ཐབས་མེད་པ་ཞིག་ཡིན་ནའང་སྡུག་ཐོག་སྡུག་བརྩེགས་ཡིན་པར་དགོངས་པ་ཆེ་བཞེས་ཀྱིས་ལས་དོན་གང་བྱས་ཐམས་ཅད་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བ་དང། ཡང་བསྐྱར་རྒྱ་དམག་དང་གདོང་ཐུག་དྲག་པོས་ཤི་རྨས་སླར་ཡང་མི་འབྱུང་བའི་ཐབས་སུ་རང་ངོས་ནས་བཟོད་སྒོམ་གྱིས་ཞི་འཇམ་དུ་འགྲོ་བའི་ཐབས་ལམ་ཞིག་མང་ཚོགས་ནས་བསྟེན་གང་ཐུབ་གནང་དགོས་པའི་རེ་འདུན་ནན་པོ་ཞུ་བཞིན་ཡོད་པ་ཡིད་འཇགས་གྱིས།

    རྒྱ་གར་འཕགས་ཡུལ་ནས། ཀིརྟི་སྤྲུལ་མིང་པས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༣ ལ།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གཅིག་པུ་ཙམ་མ་ཡིན་པར་བོད་ཀྱི་བླ་ཆེན་ཚང་མས་འཆར་གྲུ་མཉམ་འདེགས་ཀྱིས་འབད་བརྩོན་འདི་ལྟར་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག
    ཀིརྟི་སྐྱབས་མགོན་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད། འདི་ཡི་མཐུས་ད་ལྟ་ཛ་དྲག་ངང་གནས་བཞིན་པའི་མི་མང་རྣམས་ལ་ཅུང་ཟད་གུ་ཡང་ཐོབ་པའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  3. མཁར་རྔ་། says:
    ལོ་ 15 སྔོན།

    དག་བཅོས་་་་་དགུང་་་་དུ་་་་་་འདེགས་་་་ཞེས་པའི་བར་ལ་དོན་ཆད་འདུག་པས་དེ་བཞིན་སྦྱར་དེ་བཀླག་དགོས།

    Reply
  4. མཁར་རྔ་། says:
    ལོ་ 15 སྔོན།

    ༄༅།། བོད་མི་རིགས་རིག་གཞུང་དང་བཅས་བར་བཀའ་དྲིན་བླ་ལྷག་ཏུ་ཆེ་བ། ༧གོང་ས་མཆོག་གི་ལུགས་ཟུང་མཛད་འཕྲིན་ཀྱི་བསྟན་པའི་དབུ་འཕང་དགུང་འདེགས་པའི་ཀ་ཆེན་དམ་པ། མདོ་རོང་གི་མཁས་དབང་མི་བཞིའི་ཡ་གྱལ། ༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ཚན་རིག་དང་མཐུན་པའི་དངོས་དོན་གསུང་འཕྲིན་འདི་ལ། ཐད་འབྲེལ་རྒྱ་དམར་དབུས་ས་གཞུང་ཡོངས་ནས་ངོས་ལེན་བསམ་ཤེས་འཕྲལ་དུ་གནང་སྐྱོང་ཡོང་བ་དང་།
    དེ་བཞིན་གསུང་འཕྲིན་འདི་ལ་རྒྱལ་སྤྱི་དང་། རྒྱལ་ནང་སོ་སོའི་གཞུང་སྒེར་ཚོགས་པ་ཐུན་མོང་ནས་རྒྱབ་སྐྱོར་གནང་དགོས་པ་མ་ཟད། རྒྱ་དམར་གཞུང་གི་མི་དུས་རབས་དང་མི་མཐུན་པའི་ཐལ་དྲག་གི་བྱ་སྤྱོད་འཕྲལ་མ་ཉིད་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གསལ་བསྒྲགས་རྒྱལ་སྤྱིའི་རང་བཞིན་ལྡན་པ་གནང་དགོས་ཞུ་འབོད་དུ་ཕུལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese