མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ ༡༠༠ ལྷག་བོར་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྔ་པ་ཀིརྟི་དགོན་པར་རྒྱ་གཞུང་གིས་དམ་དྲག་དང་། རྒྱལ་གཅེས་སློབ་གསོ་མུ་མཐུད་སྤེལ་བཞིན་ཡོད་འདུག་ལ། རྔ་པ་རྫོང་གི་མཐོ་རིམ་ལས་བྱེད་རྣམས་དང་། ཐ་ན་སློབ་གྲྭའི་དགེ་རྒན་ཚུན་ཆེད་སྐོང་གིས་དགེ་འདུན་པ་ཚོར་སློབ་གསོའི་བྱ་འགུལ་ཐོག་ཤུགས་སྣོན་བཞིན་ཡོད་འདུག སྐད་ཆ་བཤད་མཁན་གཙོ་བོ་གཅིག་ནི་རྔ་པ་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཚེ་པོས་ཀྲང་ཞེས་པ་དེ་ཡིན་འདུག་ལ། ཁོང་ཚོས་དགོན་པ་གཏོར་དང་མི་གཏོར། ཆོས་སྒོ་རྒྱག་དང་མི་རྒྱག་ང་ཚོ་ལ་སྐད་ཆ་གང་ཡང་བཤད་རྒྱུ་མེད། དེ་ནི་ཁྱེད་རང་ཚོའི་རྣམ་འགྱུར་ལ་རག་ལས་ཡོད་ཚུལ་དང་། དགོན་པའི་དགེ་འདུན་པ་ཁག་ཅིག་གིས་ཕྱི་ཕྱོགས་ལ་གནས་ཚུལ་འགྲེལ་བརྗོད་བྱེད་ཀྱིན་འདུག་སྟབས་དེ་ཚོ་རང་དགར་འཇོག་རྒྱུ་མིན་སྐོར་སོགས་བརྗོད་འདུག

ཕྱི་ཚེས་ ༡༢ ཉིན་མི་མང་དང་དམག་མི་གདོང་ཐུག་བྱུང་སྐབས། མི་མང་གིས་གལ་སྲིད་དགེ་འདུན་པ་རྣམས་བཙོན་ཁང་དུ་འཁྲིད་རྒྱུ་ཡིན་ན། ང་ཚོས་རང་སྲོག་འབེན་བཙུགས་ཀྱིས་དགེ་འདུན་པ་ཚོར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཚུལ་བརྗོད་སྐབས། དེར་ཡོད་ཉེན་རྟོག་པ་ཚོས་ཤི་ཐུབ་མཁན་ཚོས་མཛུབ་ཐེལ་རྒྱོབ་ཟེར་སྐབས། མང་ཚོགས་འཚང་ཁ་ཤིག་ཤིག་གིས་མི་ ༣༠༠ ལྷག་གིས་མཛུབ་ཐེལ་བརྒྱབ་ཡོད་སྟབས་མཚམས་འཇོག་བྱས་ཡོད་འདུག ཕྱི་ཚེས་ ༡༥ ཉིན་གྱི་མཚན་མོ་དགོན་པའི་གླིང་བར་ལ་ལྟ་སྲུང་བྱེད་མཁན་དྲག་ཆས་དམག་མི་དང་ཉེན་རྟོག་མི་སྣ་སྐོར་ཞིག་གི་རླངས་འཁོར་གྱིས་གྲྭ་དཔལ་ཁོ་ལགས་ཀྱི་གྲྭ་ཤག་གི་རྭ་བ་གཏོར་ཡོད་འདུག

ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༢༠ ཙམ་ནས་དགོན་པའི་ནང་གི་སྨན་ཁང་སྒོ་བརྒྱབ་ཡོད་སྟབས། ད་ཆར་དགེ་འདུན་པ་རྣམས་ལ་རྒྱུན་ལྡན་སྨན་བཅོས་ཐད་དཀའ་ངལ་འཕྲད་བཞིན་ཡོད་འདུག  ཕྱི་ཟླ་ ༣ ཚེས་ ༡༦ནས་ད་བར་དགོན་པའི་དགེ་འདུན་པ་ ༡༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཉེ་ལམ་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐབས། མཚོ་སྔོན་ཟི་ལིང་དུ་ཡོད་པའི་རྩོམ་པ་པོ་སྒོ་ཤེས་རབ་ལགས་ཕྱིར་རྔ་པར་ཕྱིན་ཡོད་ཀྱང་། དུས་དེ་ནས་བཟུང་ད་བར་ཁོང་གར་སོང་ཆ་མེད་ཆགས་ཡོད་འདུག་ལ། འབྲེལ་ཡོད་ཚོས་ལམ་བར་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

མཆན། 5

  1. ཤེས་རབ says:
    ལོ་ 15 སྔོན།

    རྔ་པ་ཀིརྟི་དགོན་པའི་སྐྱ་སེར་ཡོངས་སུ་རྫོགས་པ་ལ་སྙིང་ནས་ཡི་རང་ཞུ་རྒྱུ་དང་ཆོལ་ཁ་གསུམ་གྱི་བོད་མི་དང་ལྷག་པར་དུ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལྷོད་ལྷོད་བྱས་ནས་མ་བཞུགས་པར་ཀིརྟི་དགོན་པའི་གནས་སྟངས་ཛ་དྲག་ལ་ཐུགས་བསམ་བཞེས་རོགས།

    Reply
  2. GYAMTSO says:
    ལོ་ 15 སྔོན།

    ངོ་ཤེས་གཅིག་གིས་བཤད་ན་རྔ་བ་ཁུར་ནས་མི་སྐྱ་བཅུ་ལྷག་་་་་གསུམ་པའི་བཅུ་དྲུག་གི་རྗེས་ནས་བོར་སོང་ཟེར།

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ང་ཚོས་འབྱོན་པ་ནི་ཕྱིའི་རྒྱལ་ཁབ་ཁག་ལ་འབོད་སྐུལ་ཞུ་རྒྱུ་དང་།རོགས་རམ་ཐབས་ཤེས་འཚོལ་རྒྱུ་དེ་རེད།
    ཕྱི་ཕྱོགས་ནས་དོ་སྣང་ཡོང་ཐབས་ལ་ང་ཚོས་མར་མེ་ཁྲོམ་སྐོར་ཙམ་གྱིས་ཕན་པ་མི་འདུག་པས་དྲིལ་བསྒྲགས་ཀྱི་ནུས་ཤུགས་ཆེ་ཙམ་འདོན་དགོས་པ་མ་ཟད་རྒྱལ་སྤྱིའི་མི་མང་གིས་དོ་སྣང་སླེབས་ཐུབ་པ་ཞིག་དགོས་ཀྱིན་འདུག
    ད་རེས་སྤྱིར་བོད་ཡུལ་གང་སར་དམ་དྲགས་བྱེད་བཞིན་པ་དང་།ལྷག་པར་ཨ་མདོ་རྔ་བ་ཁུལ་དུ་དམ་དྲགས་བྱེད་བཞིན་པ་དེ་ཁོ་ནའི་ཆེད་དུ་དམིགས་ཏེ་རྡ་ས་ནས་ལྡི་ལི་བར་དུ་ཞི་བའི་གོམས་བགྲོད་ཞིག་མགོ་འཛུགས་བྱེད་དགོས་པ་དེ་གལ་ཆེན་པོར་མཐོང་བཞིན་འདུག་པས་སུ་ཞིག་གིས་ལས་འགུལ་འདིའི་མགོ་ཁྲིད་ན་ང་རང་གིས་དེ་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད་རང་ཉིད་ཀྱང་དང་བླངས་ཀྱི་གོམ་བགྲོད་པ་ཞིག་ཡིན།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    གཞི་ལུས་བོད་མི་ཡི་སྙིང་སྟོབས་ཇེ་བརྟན་རེད།
    རྒྱ་མི་དམར་པོས་དམ་བསྒྲགས་ཇེ་བརྟན་རེད།
    བཙན་བྱོལ་བོད་མི་ང་ཚོར་ཐབས་ཅི་ཡོད།
    མ་གསང་དྲང་གཏམ་གསུང་དང་བཙན་བྱོལ་བ།

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    དེར་ཡོད་ཉེན་རྟོག་པ་ཚོས་ཤི་ཐུབ་མཁན་ཚོས་འཛུབ་ཐེལ་རྒྱོབ་ཟེར་སྐབས། མི་མང་ཚོས་འཚང་ཁ་ཤིག་ཤིག་གིས་མི་ ༣༠༠ ལྷག་གིས་མཛུབ་ཐེལ་བརྒྱབ་བཅུག་པ་འདི་གཡོ་སྒྱུ་ཆེན་པོ་ཞིག་ཡིན་ངེས། དེ་ཕྱིར་མཛུབ་ཐེལ་བརྒྱབ་མཁན་དག་ལ་བོད་མི་རང་གིས་ལྟ་རྟོགས་མ་བྱས་ན། ཁོང་ཚོར་གཉེན་ཁ་ཧ་ཅང་ཆེན་པོ་ཡོད་ངེས་ཏེ། རྗེས་སུ་ཁོ་ཚོ་རིམ་པའི་གར་སོང་ཆེ་མེད་དུ་གྱུར་ཁོ་ཐག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese