མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཞོན་ལྷན་ལ་འབྲེལ་བ་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

འབྲི་རུ་རྫོང་དངུལ་ཁང་གི་བོད་རིགས་ལས་བྱེད་གཡང་སྐྱབས་ཟེར་བ་ཞིག་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་འདུག  

ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་ཁམས་འབྲི་རུ་རྫོང་འགོམ་དགོན་ཆོས་འཁོར་བྱམས་པ་གླིང་གི་གྲྭ་དར་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ ༢༠༠༩ ལོར་ཁམས་འབྲི་རུ་རྫོང་དངུལ་ཁང་གི་བོད་རིགས་ལས་བྱེད་མིང་ལ་གཡང་སྐྱབས་ཟེར་བ་ཞིག་ལ། ནམ་རྒྱུན་རྫོང་གི་དྲ་ཁང་དུ་འཛུལ་ཏེ་༸གོང་ས་ཆོག་གི་སྐུ་པར་ཕབ་ལེན་དང་ཕྱི་ཕྱོགས་ཀྱི་གསར་འགྱུར་འདྲ་མིན་ལྟ་ཀློག་བྱེད་པ། ཕྱི་ཕྱོགས་ལ་འབྲེལ་བ་བྱས་ཏེ་གནས་ཚུལ་མཁོ་གཏོང་བྱེད་ཀྱི་ཡོད་པ་སོགས་ཀྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ། ལོ་གཅིག་ལྷག་གི་རིང་ནག་ཆུ་ས་ཁུལ་གྱི་བཙོན་ཁང་ཞིག་ཏུ་ནག་ཉེས་ཅི་ཡིན་གསལ་ཁ་མེད་པར་བཀག་ཉར་བྱས་ཡོད་འདུག་ལ། འདི་ལོའི་ལོ་མགོར་ཁོང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་བཀལ་ཏེ། ལོ་ ༢ ཀྱི་ཁྲིམས་ཐག་བཅད་དེ་ད་ལྟ་ལྷ་སར་ཆབ་སྲིད་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། རང་ལོ་ ༢༢ ཡིན་པའི་གཡང་སྐྱབས་ནི། འབྲི་རུ་རྫོང་སྡ་ཐང་ཞང་ནས་ཡིན་ཞིང་། སྡ་ཐང་ཞང་གི་སློབ་ཆུང་དང་འབྲི་རུ་རྫོང་སློབ་འབྲིང་། ནག་ཆུ་རྫོང་མཐོ་འབྲིང་བཅས་སློབ་གྲྭ་རིམ་པར་བརྒྱུད་དེ་མཐོ་སློབ་ཐོན་ཡོད་ཅིང་། ༢༠༠༩ ལོར་ནག་ཆུ་ས་ཁུལ་གྱི་མཐོ་རིམ་སློབ་མ་ ༦༠༠ ལྷག་དུས་མཉམ་དུ་ཡིག་རྒྱུགས་ཀྱི་ལམ་ནས་ལས་ཀར་ཞུགས་སྐབས། ཁོས་ཨང་དང་པོའི་རྒྱུགས་འབྲས་བླངས་ཏེ་འབྲི་རུ་རྫོང་མི་མང་དངུལ་ཁང་གི་བདེ་སྲུང་མི་སྣའི་ལས་ཀ་རག་ཡོད་ཀྱང་། ཁོང་ནམ་རྒྱུན་དྲ་ཁང་དུ་འཛུལ་ཏེ་ཕྱི་ཕྱོགས་ཀྱི་གནས་ཚུལ་འདྲ་མིན་ལ་ལྟ་ཀློག་བྱེད་ཀྱིན་ཡོད་པའི་སྐོར་འབྲེལ་ཡོད་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་སྟེ་ལས་སྣེ་ལས་ཕྱིར་ཕུད་ཀྱིས་འཛིན་བཟུང་བྱས་ཏེ། ལོ་གཅིག་ལྷག་གི་རིང་ནག་ཉེས་ཅི་ཡིན་གསལ་ཁ་མེད་པའི་ཐོག་བཀག་ཉར་བཙོན་འཇུག་བྱས་ཤིང་། འདི་ལོའི་ལོ་མགོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག   

གསར་འགོད་པ། དོན་གོ

མཆན། 1

  1. མཁས་བཙུན། says:
    ལོ་ 12 སྔོན།

    གསར་འགོད་པ་ལགས། གསར་འགོད་གང་སྤེལ་དགོས་པ་དང་གང་སྤེལ་མི་དགོས་པའི་ཐད་ལ་ཏོག་ཙམ་ཐུགས་བསམ་བཞེས་རོགས། དཔེར་ན་གཡང་སྐྱབས་ཁོང་བོད་དོན་ཐོག་དོ་སྣང་ཡོད་མཁན་ཞིག་དང་སེམས་ཤུགས་ཡོད་མཁན་ཞིག་ཡིན་འདུག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist