ཕྱི་ཚེས་ ༡༨ ཉིན་བལ་ཡུལ་ཀ་ཐཱ་མན་གྲུ་ས་གནས་གཞོན་ནུའི་གོ་སྒྲིག་འོག མཆོད་འཇོར་བོད་མིའི་ས་གནས་མགོ་འཛིན་ཚོགས་ཁང་དུ་བལ་ཡུལ་གནས་སྡོད་བོད་མི་ ༤༣ ཙམ་གྱིས་ཆུ་ཚོད་ ༢༤ རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཏེ། མདོ་སྨད་རྔ་པ་ཀིརྟི་དགོན་གྲོང་གཉིས་ནང་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དེ་རྒྱལ་སྤྱིར་ཁྱབ་བསྒྲགས་དང་། བོད་གཞིས་བྱེས་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་། རྒྱ་ནག་གཞུང་གིས་གང་མགྱོགས་དམ་དྲག་སྲིད་ཇུས་མཚམས་འཇོག་ཡོང་བའི་བརྡ་ལན་ཞིག་སྤྲད་ཡོད་ཀྱང་། ཉིན་དེའི་ཉིན་རྒྱབ་ཙམ་ལ། སྒྲིག་ཆས་གྱོན་མེད་པའི་དམག་མི་ཁག་ཅིག་ཡོང་སྟེ། བོད་པའི་རྒྱལ་དར་དང་འཕྲེད་དར་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། ལས་འགུལ་བ་དག་གི་གྱོན་ཆས་སྟེང་ཡིག་རིགས་འདྲ་མིན་ཐོག་འབོད་ཚིག་བཀོད་ཡོད་པ་དག་ཀྱང་བཙན་གྱིས་ཕུད་དུ་བཅུག་ཡོད་འདུག
གསར་འགོད་པ། དོན་གོ