མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་པའི་ཚེ་སྲོག་ལ་སྲུང་སྐྱོབ་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp
ཁ་ཌ་ཧྥེ་སྒེར་གཅོད་གཞུང་གི་དྲག་དམག་དང་ཁ་གཏད་མི་མང་བར་བྱུང་བའི་འཁྲུག་འཛིང་དོན་རྐྱེན་ཁྲོད།   སྙན་གྲགས་ཅན་གྱི་རྒྱལ་སྤྱིའི་གསར་འགོད་པ་གཉིས་རྐྱེན་འདས་དང་གཞན་གཉིས་ལ་རྨས་སྐྱོན་ཚབ་ཆེན་ཕོགས་ཡོད་འདུག 
ཕྱི་ཚེས་ ༢༠ ཉིན་ལི་བྷི་ཡའི་ནུབ་ཕྱོགས་གྲོང་ཁྱེར་མའེ་སའོ་ར་ཊའི་(Misurata) ནང་། ཁ་ཌ་ཧྥེ་དྲག་དམག་དང་ཁ་གཏད་མང་ཚོགས་པར་དྲག་པོའི་འཐབ་འཛིང་བྱས་ཏེ་ཁྲི་རེ་ཕའོ་ལི་(Tripoli Street) སྲང་ལམ་དུ་སྒྱོགས་མདེལ་འགས་གཏོར་གྱི་ཛ་དྲག་དོན་རྐྱེན་བྱུང་བའི་ཁྲོད། སྙན་གྲགས་ཅན་གྱི་བརྙན་ལེན་གསར་འགོད་པ་ཧེ་ཐིར་རེན་ཁྲོན་(Tim Hetherington) ལགས་ལ་སྒྱོགས་མདེལ་ཕོགས་ཏེ་གློ་བུར་རྐྱེན་འདས་སུ་བཏང་ཡོད་པ་དང་། ཧོན་ཌི་རའོ་སི་ (Chris Hondros) ལགས་སྨན་ཁང་དུ་ཁྱེར་ཏེ་ཛ་དྲག་མྱུར་སྐྱོབ་བྱས་ཡོན་ནའང་།མགོ་བོར་རྨས་སྐྱོན་དྲག་པོ་ཕོགས་ཡོད་སྟབས་མྱུར་སྐྱོབ་མ་ཐུབ་པར་ཆུ་ཚོད་འགའི་རྗེས་སུ་འདས་གྲོངས་སོང་ཡོད་འདུག དེ་མིན་གསར་འགོད་པ་རྒེ་མའེ་ཌེན(Gai Mading) ལགས་ལ་ཛ་དྲག་མྱུར་སྐྱོབ་བྱས་ཏེ་ད་ལྟ་སྲོག་ཉེན་ལས་ཐར་ཡོད་པ་དང་། གསར་འགོད་པ་མར་ཁེད་བྷོ་རོན་(Markle Brown) ལགས་ལའང་རྨས་སྐྱོན་ཕོགས་ཏེ་སྨན་བཅོས་བྱ་དགོས་བྱུང་ཡོད་འདུག
སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་ཁྲིད་པ་དང་པར་ལེན་གསར་འགོད་པ་ཧེ་ཐིར་རེན་ཁྲོན་ལགས་ནི། དབྱིན་ཡུལ་ནས་སྐྱེས་ཤིང་ད་ལྟ་ལོ་ ༤༠ ཡིན་པ་དང་། ཁོང་ནི་༼ཁེངས་སྙོམས་དྲང་གནས༽ཞེས་པའི་ཨ་རིའི་དུས་དེབ་ཁང་གི་པར་ལེན་གསར་འགོད་ཡིན་ལ། འདས་པའི་ལོ་བཅུ་ལྷག་གི་རིང་ཉེན་ཁ་ཆེ་བའི་གཡུལ་སར་བསྐྱོད་དེ་པར་ལེན་གསར་འགོད་ཀྱི་ཕྱག་ལས་གནང་ཡོད། ཁོང་གིས་བླངས་པའི་ཨབ་གྷ་ནི་སི་ཐན་དུ་གནས་སྡོད་ཨ་རིའི་དམག་མིའི་པར་རིས་ཤིག་ལ་སྐབས་༥༡པའི་འཛམ་གླིང་གསར་འགོད་པར་རིས་འགྲན་སྡུར་ཁྲོད་༼༢༠༠༧ལོའི་ཆེས་ལེགས་པའི་གསར་འགྱུར་བརྙན་པར༽གྱི་གཟེངས་རྟགས་ཐོབ་མྱོང་པར་མ་ཟད། ཕྱི་ལོ་༢༠༡༠ལོར་བཟོ་སྐྲུན་བྱས་པའི་ཨབ་གྷ་ནི་སི་ཐན་དུ་བཅའ་སྡོད་ཨ་རིའི་དམག་མིའི་སྐོར་གྱི་དངོས་བྱུང་གློག་བརྙན་(Restrepo)ཡི་འཁྲབ་ཁྲིད་པའི་གྲས་ཀྱི་གཅིག་ཀྱང་ཁོང་ཡིན་པ་དང་།  གློག་བརྙན་དེ་ཨའོ་སི་ཁ་རྒྱལ་སྤྱིའི་གློག་བརྙན་བྱ་དགའི་རྣམ་གྲངས་ཁྲོད་མིང་འདོན་བྱུང་ཡོད་པ་རེད།ཁོང་ཉིད་འདས་གྲོངས་སུ་གྱུར་པའི་ཡུལ་སྐྱོ་བའི་གནས་ཚུལ་བྱུང་རྗེས་ཁོང་གི་ནང་མིས་གསར་ལམ་ཁག་ཏུ་བརྗོད་དོན།   ཧེ་ཐིར་རེན་ཁྲོན་ལགས་ཀྱིས་ལི་བྷི་ཡར་མུ་མཐུད་དུ་རང་ཉིད་ཀྱི་གསར་འགོད་ཕྱག་ལས་རྒྱུན་སྐྱོང་གནང་སྟེ། དམག་འཐབ་དང་ཟིང་འཁྲུག་ཁྲོད་ཀྱི་མི་ཆོས་རིང་ལུགས་ཀྱི་གནད་དོན་ལ་གཙིགས་འཛིན་གནང་ཡོད།ཅེས་བརྗོད་ཡོད་པ་རེད། 
སྙན་གྲགས་ཅན་གྱི་པར་ལེན་གསར་འགོད་པ་ཧོན་ཌི་རོ་སི་ལགས་ནི་ད་ལྟ་ལོ་༤༡ཡིན་ལ།   ཁོང་ནི་ཨ་རིའི་བྷེ་ཁྲི་(Getty)བརྙན་པར་ཁང་གི་པར་ལེན་གསར་འགོད་པ་ཡིན་ཞིང་།  ཕྱི་ལོ་ ༡༩༩༣ ལོར་བྱང་ཁེ་རོ་ལེ་ན་ (North Carolina) མངའ་སྡེ་ནང་དབྱིན་ཇིའི་རྩོམ་རིག་ཐོག་སློབ་སྦྱོང་གནང་ཡོད་པ་དང་། དེ་རྗེས་ཨོ་ཧེ་ཝོ་གཙུག་ལག་སློབ་ཆེན་ (Ohio University) དུ་ཆེད་ལས་པར་ལེན་ལས་རིགས་ཐོག་སློབ་གཉེར་མཐར་ཕྱིན་རྗེས། ཉུག་ཡོག་ཏུ་ཡོད་པའི་རྒྱལ་སྤྱིའི་གསར་འགྱུར་ལས་རིགས་ཐད་ཕྱག་ལས་གནང་མགོ་བརྩམས་ཏེ་ཁི་སི་བའོ་(Kosovo)དང་།ཨན་གྷོ་ལ(Angola)། ལེ་བྷ་ནོན(Lebanon)།ཨབ་གྷ་ནི་སི་ཐན(Afghanistan)།ཀ་ཤི་མིར(Kashmir)།ཨི་རག་(Iraq)སོགས་འཁྲུག་ཟིང་ཆེ་བའི་ཡུལ་ལུང་ཁག་ཏུ་བསྐྱོད་དེ་གསར་འགོད་ཀྱི་ཕྱག་ལས་གནང་ཡོད། ཕྱི་ལོ་ ༡༩༩༩ ལོར་ཁོང་ལ་ USAID  ཞེས་པའི་ཆེད་ལས་པར་ལེན་པའི་གཟེངས་རྟགས་ཐོབ་ཡོད་པ་དང་། ༢༠༠༤ ལོར་ལི་བྷི་ཡ་རྒྱལ་ཁབ་ནང་རྩེད་རིགས་པར་ལེན་པ་ལེགས་ཤེས་སུ་འདམས་ཐོན་བྱུང་ཡོད།  གཞན་ཡང་། ཁོང་ལ་རེ་བྷིར་ཁྲི་ཁེ་ཞེས་པའི་གཡུལ་སའི་པར་ལེན་གསར་འགོད་པའི་ཆེས་མཐོའི་གསེར་གྱི་གཟེངས་རྟགས་དང་། ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་ཇོན་ཧྥེ་བྷིར་(John Faber)ཞེས་པའི་རྟགས་མའང་ཐོབ་ཡོད་པ་རེད།
 
ལི་བྷི་ཡ་མི་མང་གི་དམངས་གཙོ་གསར་རྗེའི་ལས་འགུལ་ལ་ཁ་ཌ་ཧྥེ་སྒེར་གཅོད་གཞུང་གིས་དྲག་གནོན་བྱས་ཏེ། འདས་པའི་ཟླ་གཉིས་ལྷག་གི་རིང་ཁ་ཌ་ཧྥེ་དྲག་དམག་དང་ཁ་གཏད་ཤོག་ཁག་བར་དྲག་པོའི་འཁྲུག་ཟིང་བྱུང་བའི་དོན་རྐྱེན་ཁྲོད། ཧེ་ཐིར་རེན་ཁྲོན་དང་ཧོན་ཌི་རོ་སི་རྣམ་གཉིས་ནི་གཡུལ་སར་འདས་གྲོངས་སུ་གྱུར་པའི་གསར་འགོད་པ་ཨང་གཉིས་པ་དང་གསུམ་པ་དེ་ཆགས་ཡོད་པ་རེད། འགས་གཏོར་དོན་རྐྱེན་ཁྲོད་རྒྱལ་སྤྱིའི་གསར་འགོད་པ་གཉིས་འདས་གྲོངས་སུ་སོང་བའི་གནས་ཚུལ་དེ་བྱུང་མ་ཐག ཨ་རིའི་ཕོ་བྲང་དཀར་པོས་ལི་བྷི་ཡའི་མཐོ་རིམ་དཔོན་རིགས་གཙོས་པའི་དང་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་༼སྨྲ་བརྗོད་རང་དབང་མེད་པའི་ཉམས་ཆུང་མི་མང་དང་ཚོགས་སྡེ་ཁག་གི་མགྲིན་ཚབ་གནང་སྟེ་སྐད་ཆ་བཤད་མཁན་གྱི་གསར་འགོད་པ་རྣམས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་གནང་དགོས༽ཅེས་འབོད་སྐུལ་གནང་ཡོད་པ་རེད། 
 

ཕྱི་ཟླ་༤པའི་ཚེས་༢༠ཉིན་ཧེ་ཐིར་རེན་ཁྲོན་(དཀྱིལ) ལགས་ཉེན་ཁ་ཆེ་བའི་གཡུལ་སར་བསྐྱོད་དེ་གསར་འགོད་ཕྱག་ལས་གནང་བཞིན་པ། (འདི་ནི་ཁོང་མ་གྲོངས་པའི་ཆུ་ཚོད་འགའི་སྔོན་གྱི་འདྲ་པར་རེད།)

 

ཕྱི་ཟླ་ ༤ ཚེས་ ༡༨ ཉིན་ཧོན་ཌི་རོ་སི་ལགས་ལི་བྷི་ཡར་གསར་འགོད་ཕྱག་ལས་གནང་བཞིན་པ།

ཕྱི་ཟླ་༣ཚེས་༢༥ཉིན་ཧེ་ཐིར་རེན་ཁྲོན་(དཀྱིལ) ལགས་ལི་བྷི་ཡ་བྷེན་གྷ་རྫེ་ (Benghazi)ས་ཁུལ་དུ་ཡར་ལངས་མི་མང་ཁྲོད་གསར་འགོད་ཕྱག་ལས་གནང་བཞིན་པ། 

 

 

ཉེ་སྔོན་ལི་བྷི་ཡའི་ནུབ་ཕྱོགས་གྲོང་ཁྱེར་ཁྲི་རེ་ཕའོ་ལིར་གསར་འགོད་ཕྱག་ལས་གནང་བཞིན་པ།

                             གསར་འགོད་པ།ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུྃ། གསར་འགོད་པ་ཚེ་སྲོག་ཤོར་བ་ནི། སྔར་གྱི་རྒྱལ་ཕྲན་གཉིས་བར་གྱི་བྱ་མ་རྟའི་ཚེ་སྲོག་ཤོར་བ་དང་མཚུངས་པས། ཤིན་ཏུ་བློ་ཕམ་པོ་རེད། དལ་འགྲོར་མྱུར་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    གཏམ་བཤད་མང་ན་གྲོགས་དང་འཁོན། །འགྲོ་འདུག་མང་ན་བྱུར་དང་འཕྲད། །བཟའ་རྒྱུ་མང་ན་རང་ལྟོ་ན། ཞེས་པ་དེ་རེད། སྙིང་རྗེ། བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག
    །ལ་ལ་རང་དབང་ཡོད་ནས་ཤི།
    །ལ་ལ་རང་དབང་མེད་ནས་ཤི།
    །བདེ་བའི་དུས་སྐབས་ཆེས་ཉུང་བ།
    །འདི་ནི་འཇིག་རྟེན་འཁོར་བའི་གཤིས། སྙིང་རྗེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese