མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཞུང་ཞབས་ལས་བྱེད་ཀྱི་དམ་འབུལ་བརྟན་བཞུགས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp
བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་སྲི་ཞུའི་ལས་བྱེད་ཐུན་མོང་གིས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་བརྟན་བཞུགས་ཤིག་ཕུལ་ཡོད།
དེ་རིང་ཕྱི་ཟླ་༤པའི་ཚེས་༢༢ཉིན་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་རྙིང་པ་རུ་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཐུན་མོང་ནས་བོད་གཞུང་ཐོག་མར་མ་སུ་རིར་དབུ་འཛུགས་བྱས་པའི་དུས་ཚིགས་དང་སྟབས་བསྟུན་ཏེ།  ༧གོང་ས་མཆོག་བོད་མི་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་བརྟན་བཞུགས་འབུལ་འདེགས་ཞུས་ཡོད།  
ཐེངས་འདིའི་བརྟན་བཞུགས་ནི་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས།གཞུང་ཞབས་སྲི་ཞུའི་ལས་བྱེད་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་བཞིན་སྲི་ཞུ་ཧུར་བསྐྱེད་ཞུ་རྒྱུའི་དམ་བཅའ་ཕུལ་ཡོད་ཅིང་།བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་ལྟར་ཐེངས་འདིའི་བརྟན་བཞུགས་ཆེད་གཞུང་ཞབས་ལས་བྱེད་རྣམས་ནས་རང་བློས་ཕོད་ཚོད་ཀྱི་ཞལ་འདེབས་བསྡུ་སྐོང་དང་།ཚེ་དཔལ་མེད་ཀྱི་གཟུངས་སྔགས་གསོག་སྒྲུབ་བྱ་དགོས་པའི་འབོད་སྐུལ་ཞུས་པ་ལྟར་ཕྱི་ཟླ་བཞི་བའི་ཚེས་༢༠ཉིན་གྲུབ་ཐོ་གཙང་ལེན་བྱས་འདུག

བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་གཞུང་ཞབས་འདེབས་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོག་ལགས་སུ་བརྟན་བཞུགས་གོ་སྒྲིག་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས།  སྔ་ལོར་༧གོང་ས་མཆོག་དགུང་གྲངས་༧༥ཕེབས་པའི་དུས་སྟོན་སྲུང་གཙི་ཞུ་རྒྱུའི་ལས་གཞི་མང་པོ་ཡོད་པའི་ནང་། བཀའ་ཤག་གིས་བཀའ་འཕྲོད་ཐོབ་པའི་ལས་རིམ་༥པ་དེ།ཕྱི་ཟླ་༤པའི་ནང་མ་སུ་རིར་བཙན་བྱོལ་གཞུང་ཐོག་མར་དབུ་བརྙེས་པའི་དུས་ཚིགས་དང་སྟབས་བསྟུན་ཏེ།གཞུང་ཞབས་ལས་བྱེད་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་གཏན་ཁེལ་བྱུང་ཡོད་པ་ལྟར། གཞུང་གི་ལས་ཁུངས་ཁག་གི་དྲུང་ཆེ་རྣམས་སྔ་རྗེས་རིམ་པར་ལྷན་འཛོམས་ཐོག  འདི་ལོའི་ཕྱི་ཟླ་༣ཚེས༩ཉིན་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ཞིག་གསར་འཛུགས་གནང་སྟེ། བརྟན་བཞུགས་ཚོགས་ཆུང་གི་ཚོགས་གཙོར་ཆོས་རིག་དྲུང་ཆེ་ངག་དག་ཆོས་གྲགས་ལགས་དང་། ཚོགས་མིར་གཞུང་ཞབས་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས། རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས། སྐུ་སྒེར་ཡིག་ཚང་གི་ལས་བྱེད་བསྟན་པ་བཟོ་པ་ལགས་པ་བཅས་ལས་གྲུབ་པའི་ཚོགས་ཆུང་གི་འགན་ཁུར་འོག་བརྟན་བཞུགས་འདི་བསྟར་འབུལ་ཞུས་པ་ཞིག་རེད།   ཅེས་བརྗོད་བྱུང་།  

གསར་འགོད་པ། བནྡེ་སྐྱབས།

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༸གང་སྐུའི་༸སྐུ་ཚེ་ཡུན་བརྟན་ཤོག །

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    གསར་འགོད་པ་ལགས་ལ་འབོད་སྐུལ་ཞུ་རྒྱུར། བརྟན་བཞུགས་འབུལ་སྐབས་རྒྱུན་གཏན་ལྟར་༸གོང་ས་མཆོག་གིས་བཀའ་སློབ་གནང་ཡོད་ཤས་ཆེ་བས། དེ་དང་དུས་མཉམ་དུ་འདོན་སྤེལ་གནང་ཐུབ་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་ས་རེད།

    Reply
  3. སྨར་ཀླུང་དཔའ་ལ། says:
    ལོ་ 12 སྔོན།

    །འཛམ་ཀླིང་ཞི་བདེའི་ཉི་མ་གངས་ཅན་མགོན།
    །ཆོལ་གསུམ་གཅིག་འདུམ་ཟླ་གཞོན་པན་ཆེན་རྗེ།
    །བདེན་པའི་རྒྱལ་རྔ་བརྡུང་མཛད་ཀརྨ་མ་པ།
    །གངས་ཅན་ཉི་ཟླ་སྐར་གསུམ་རྒྱལ་གྱུར་ཅིག

    །ཆོས་སྲིད་ཤིང་རྟའི་འཁོར་ལོ་དམངས་ལ་བསྒྱུར།
    །ཀུན་ཕན་གངས་ལྗོངས་བདེ་རྩ་ཡུན་གནས་ཆེད།
    །བྱམས་ཆེན་དགྱེས་བརྩེའི་གསུང་གི་དབུག་དབྱུང་ནས།
    །ཡང་དག་མང་གཙོའི་སྲོལ་འབྱེད་གངས་ཅན་མགོན།

    །ཕན་བདེའི་འབྱུང་གནས་དམ་པ་རྒྱལ་བའི་བསྟན།
    །འཛམ་གླིང་སྐྱེ་རྒུ་ཀུན་ཡིད་མ་འགེངས་བར།
    །ཞི་བསིལ་དམ་ཆོས་ཡིད་བཞིན་ནོར་བུའི་མཛོད།
    །འགག་མེད་གསུང་གི་སྒྲ་དབྱངས་སྒྲོག་ཏུ་གསོལ།
    གསུང་ལ་ཉན་ཅིང་བཀའ་ལ་བརྩི་བའི་རང་གཞུང་གི་ལས་བྱེད་རྣམ་པ་དམ་འབུལ་ཞུས་པ་བཞིན་ཕྱག་ལས་དྲང་བདེན་ཧུར་བརྩོན་སྒོ་གསུམ་ནུས་པ་རྩལ་སྤྲུག་དང་ཆོལ་གསུམ་དཔུང་པ་མཉམ་གཤིབ་ཀྱི་སྒོ་ནས་ཕྱག་ལས་དམ་ཚིག་འདི་དང་མི་འགལ་བར་མཛད་འཆར་གནང་བ་ལ་རྗེས་སུ་ཡི་རང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist