མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སའི་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་གོམ་བགྲོད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp
ངྷ་སའི་ཉེ་འཁོར་གྱི་སློབ་གྲྭ་བ་དང་།སེར་སྐྱ་མི་མང་གིས་རྔ་བ་ཀིརྟི་དགོན་པར་རྒྱ་གཞུང་གིས་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་གྱིས་ཐེག་ཆེན་གཙུག་ལག་ཁང་ནས་ཀཱ་ཅཱ་རི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཅིག་སྤེལ་སོང་།
དེ་རིང་ཕྱི་ཚེས་༡༤ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡སྟེང་ངྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་ཀྱི་བུད་མེད་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོགཉེ་འཁོར་སློབ་གྲྭ་ཁག་གི་སློབ་མ་དང་།སེར་སྐྱ་མི་མང་བརྒྱ་ཕྲག་འགའ་མཉམ་འཛོམས་ཐོགརྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་ལ་དྲག་གནོན་བྱེད་བཞིན་པ་མྱུར་དུ་མཚམས་འཇོག་དགོས་པ་དང་།རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་བཅས་ཀྱི་དགོས་འདུན་དང་འབོད་སྐུལ་འོགཐེག་ཆེན་གཙུག་ལག་ཁང་ནས་ཀཱ་ཅཱ་རི་བར་ཞི་བའི་སྐད་འབོད་གོམ་བགྲོད་ཀྱི་ལས་འགུལ་ཅིག་སྤེལ་ཡོད།
ཐོག་མར་མི་མང་གོམ་བགྲོད་པ་རྣམས་ཐེག་ཆེན་གཙིག་ལག་ཁང་དུ་འཛོམས་ཐོག   ཆུ་ཚོད་སྐར་མ་གཅིག་རིང་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་དུད་གནང་རྗེས། དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་ལས་འགུལ་ངོ་སྤྲོད་དང་འབྲེལ་བརྗོད་དོན།ཐེངས་འདིའི་དོན་རྐྱེན་དང་འབྲེལ་ཏེ་ང་ཚོས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན།མདོ་སྨད་ཕྱོགས་ལ་མཚོན་ན་སྔོན་མ་རྒྱ་ནག་མན་ཇིའི་སྐབས་སུ།སྒོ་མང་དགོན་པར་མེ་བརྒྱབ་ཏེ་གྲྭ་བ་སྟོང་ཕྲག་ཁ་ཤས་བསད་པ་རེད་ལ།རྒྱ་རོང་ས་ཁུལ་གྱི་བོན་དགོན་བླ་སྟིང་དགོན་པར་མེ་བརྒྱབ་ནས་གྲྭ་བ་སུམ་སྟོང་བཞི་སྟོང་བསད་པ་རེད།དེ་བཞིན་༡༩༣༦དང་༣༧ལོར་མ་པི་ཧྥང་གིས་བླ་བྲང་དགོན་པར་དམག་དྲངས་ཏེ།དགོན་པའི་གྲྭ་བ་དང་མི་སྐྱ་སྟོང་ཕྲག་མང་པོ་འཆི་ལམ་དུ་བརྫངས་པ་རེད།དོན་རྐྱེན་དེ་དག་གི་སྐབས་སུ་ས་ཁུལ་སོ་སོའི་ནང་རང་སྲོག་བློས་གཏོང་བྱེད་མཁན་གྱི་དཔའ་བོ་མེད་སོང་པ་མ་རེད།འོན་ཀྱང་།སྐབས་དེ་དག་ལ་ང་ཚོ་རིམ་པ་བཞིན་ཕམ་དགོས་པའི་རྒྱུ་རྐྱེན་ལ་ཕྱོགས་སྡོམ་བྱས་ཡོང་ན།བོད་མི་ས་ཡ་དྲུག་ལ་དེ་རིང་ནང་བཞིན་མཉམ་འབྲེལ་གྱི་ནུས་པ་དང་གོ་རྟོགས་མེད་པར་བརྟེན།ཐ་ན་མ་པི་ཧྥང་གི་ཁྱིམ་རྒྱུད་ཙམ་ཀྱང་ང་ཚོས་ཕམ་ཉེས་གཏོང་མ་ཐུབ་པ་རེད།ཅེས་དང་།
དེ་རིང་གི་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ལ་བལྟས་ཡོང་སྐབས།སྔོན་མའི་རྒྱ་ནག་གི་བཀས་བཀོད་རྒྱུན་འཛིན་དང་ཞང་བྲན་ལམ་ལུགས་སྐབས་ཀྱི་དྲག་པོའི་གཞུང་དེ་དག་གིས་བོད་ཀྱི་ས་ཁུལ་ཁག་གི་དགོན་སྡེ་རབ་དང་རིམ་པར་གཏོར་སྐྱོན་བཏང་པའི་ལོ་རྒྱུས་རྣམས།ང་ཚོའི་མིག་ལམ་ལ་གསལ་ཐང་ངེར་འཆར་ཡོང་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།ཡིན་ནའང་།ང་ཚོས་དྲན་གསོ་དགོས་པ་ཞིག་ནི།དེ་རིང་གི་བོད་དང་གནའ་སྔ་མོའི་བོད་གཉིས་རྩ་བ་ཉིད་ནས་འདྲ་བ་མ་རེད།དེ་རིང་བོད་ཕྱི་ནང་གཉིས་ལ་སྟོབས་ཤུགས་གྲུབ་ཡོད་པ་རེད་ལ།བོད་གཞིས་བྱེས་གཉིས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་ཡོད་པ་དང་།བོད་ཆོལ་ཁ་གསུམ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་རྒྱ་ནག་སྲིད་དབང་སྒེར་འཛིན་ལ་ཁ་གཏད་གཅོག་གི་ཡོད་པ་དེ་གཅིག་རེད། གཉིས་ནས།ད་ལྟའི་སྐབས་སུ་ང་ཚོ་ཧ་ཅང་གི་ཛ་དྲག་ཆགས་ཡོད་པ་རེད།མི་ཡིན་ན་རེད།སེམས་ཅན་ཡིན་ན་རེད།རང་ཉིད་ཀྱི་ཚེ་སྲོག་གི་མཐའ་མཇུག་ལ་སླེབས་ཡོང་དུས་ཁོ་རང་གི་ནུས་ཤུགས་གང་ཡོད་བེད་སྤྱོད་བཏང་སྟེ་ཕར་རྒོལ་བྱེད་ངེས་ཡིན་པ་ལྟར།རྒྱ་ནག་ཐེ་པའི་དེ་རིང་གི་སྲིད་དབང་སྒེར་སྤྱོད་པའི་གཞུང་དེ་དག་འཛམ་བུ་གླིང་འདི་ན་སྡོད་སའི་གནས་མེད་པ་ཆགས་ཡོང་གི་ཡོད་མ་རེད།འཛམ་གླིང་ནང་ཁོ་ཚོ་རྩ་མེད་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་དང་།ཁོ་ཚོའི་མཐའ་མཇུག་གི་འཕག་འཚག་རྒྱག་པ་དེ་ཞེད་སྣང་ཚ་བོ་ཞིག་ཡིན་པ་བརྒྱ་ཆ་བརྒྱ་རེད།དེ་འདྲ་ཡིན་སྟབས་ང་ཚོ་བོད་ཕྱི་ནང་གཉིས་གང་ནས་ཡིན་ཡང་ཧ་ཅང་གི་གཟབ་གཟབ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཟེར།
ཁོང་གིས་མུ་མཐུད།ཐེངས་འདིའི་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཚུད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སྟོང་ཕྲག་འགའ་རྒྱ་ནག་གི་བཙོན་ཁང་དུ་ཡོད།འདི་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པ་རེད།ཁོ་ཚོས་གནས་སྟངས་འདི་ཡག་ཏུ་བཏང་ན་དེ་ང་ཚོའི་ཁེ་བཟང་རེད་ལ་མཐུན་རྐྱེན་ཡང་རེད།དེ་ལས་ལྡོག་སྟེ་རྔ་པ་ཀིརྟི་དགོན་པའི་གྲྭ་མང་རྣམས་བཙན་ཁྲིད་བྱས་ཏེ།  སྔར་འཇར་མན་གྱི་ན་ཛེ་ ( Nazi ) ནང་བཞིན་སྒོ་ར་གཅིག་གི་ནང་ནས་བསད་པ་ཡིན་ནའང་།དེ་ང་ཚོའི་མཐུན་རྐྱེན་ཞིག་ཆགས་ཡོང་གི་རེད།རྒྱ་ནག་སྲིད་དབང་སྒེར་འཛིན་གཞུང་གིས་ཡག་སྡུག་གང་བྱས་པ་རྣམས་ང་ཚོའི་མཐུན་རྐྱེན་དང་ནུས་པ་ཞིག་ཆགས་ཡོང་གི་རེད་མ་གཏོགས་གྱོང་གུད་དུ་ནམ་ཡང་འགྱུར་མི་སྲིད།བོད་མི་རིགས་གཙོས་འཛམ་གླིང་ནང་གི་མི་རིགས་གཅིག་ལ་མི་རིགས་གཞན་ཞིག་གིས་གཉའ་གནོན་བཏང་ནས་རྫོགས་སོང་པ་ཞིག་ཡོད་པ་མ་རེད་ལ།རྒྱ་ནག་གིས་བོད་མི་རིགས་རྩ་མེད་གཏོང་ཐུབ་པ་ཞིག་དེ་བས་མ་རེད།དེ་རིང་གི་རྒྱ་ནག་གཞུང་ལ་བོད་མི་རིགས་རྩ་མེད་གཏོང་པའི་ནུས་པ་ཡོད་དམ་ཞེས་ན།ང་ཚོར་དོགས་པ་མེད་པའི་ཐོག་ནས་ཁོ་ཚོར་ནུས་པ་དེ་ཡོད་པ་མ་རེད།དེ་འདྲ་ཡིན་སྟབས་བོད་རྒྱའི་རྩོད་རྙོག་གི་མཐའ་མཇུག་ང་ཚོ་རྒྱལ་རྒྱུ་ཡིན་པར་ཐེ་ཚོམ་ཟ་དགོས་པ་ཞིག་མིན།དེ་རིང་གི་དཔར་སྒྲོམ་ནང་ན་ཡོད་པའི་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་དང་ཁོང་ལྟ་བུའི་དཔའ་བོ་རྣམས་ང་ཚོ་བོད་པ་གཅིག་པུའི་དཔའ་བོ་ཙམ་མ་རེད།ཁོང་ཚོ་འཛམ་གླིང་ནང་གི་སྲིད་དབང་སྒེར་སྤྱོད་པར་ངོ་རྒོལ་བྱེད་མཁན་དང་།རང་དབང་དང་དྲང་བདེན་ཆེད་ཚེ་སྲོག་གི་ལེགས་སྐྱེས་འབུལ་མཁན་ཡིན་སྟབས།ཁོང་ཚོ་ནི་འགྲོ་བ་མིའི་རིགས་ཀྱི་དཔའ་བོ་རེད།ཅེས་བརྗོད་སོང་།
དེ་ནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་རྒྱལ་སྤྱིའི་ཁྱོན་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་དོན།ད་ལྟ་བོད་ནང་གི་གནས་སྟངས་ཛ་དྲག་པོ་ཆགས་ཡོད་པ་དང་།ལྷག་པར་དུ་རྔ་པ་ཀིརྟི་མ་དགོན་དང་དགོན་པ་དེའི་གྲྭ་མང་ལ་རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་དང་མནར་གཅོད་གཏོང་གི་ཡོད་པ་འཕྲལ་དུ་མཚམས་འཇོག་དགོས་པར།རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས།དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ཁག་བཅས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།ཅེས་ཁྱབ་བསྒྲགས་གནང་སོང་།
མཐར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས།ཐེངས་འདིའི་རྔ་པ་ཀིརྟི་དགོན་གྱི་གནས་སྟངས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཐད་ནས་ངོ་སྤྲོད་གནང་དོན།ད་ལྟ་རྔ་པ་ཀིརྟི་དགོན་པའི་ཛ་དྲག་གནས་སྟངས་འདི་ཚང་མས་མཁྱེན་གསལ་ལྟར།༢༠༠༨ལོར་བོད་ཡོངས་སུ་མི་མང་ཞི་རྒོལ་ཆེན་མོ་བྱུང་ཞིང་།ལྷག་པར་དུ་ཕྱི་ཟླ་༣ཚེས་༡༦ཉིན་མདོ་སྨད་རྔ་པ་ཁུལ་གྱི་སེར་སྐྱ་མི་མང་གི་ཡར་ལངས་ལ་རྒྱ་གཞུང་གིས་མི་གསོད་ཁྲག་སྦྱོར་གྱི་དྲག་གནོན་ཚབ་ཆེན་བྱས་ཏེ།མི་ལོ་གསུམ་འཁོར་བའི་དུས་ཚིགས་དང་བསྟུན་ནས་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེ་སྲེག་བཏང་པ་དང་།དེ་བཞིན་༢༠༠༩ལོའི་ཕྱི་ཟླ་༢ཚེས་༢༧ཉིན་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་བ་བཅས་ཀྱི་སྐབས་སུ་རྒྱ་ནག་ཉེན་རྟོག་པས་ཁོང་ཚོར་སྲོག་སྐྱོབ་ཉེན་གྲོལ་བྱེད་རྒྱུའི་ཚབ་ལ་དྲག་རྡུང་མནར་གཅོད་བཏང་པ་སོགས་ནི་རྒྱལ་སྤྱིའི་ཁྲིམས་དང་།རྒྱ་ནག་རང་གི་ཁྲིམས་ལུགས་དང་འགལ་ཡོད་པ་ཞིག་རེད།ཅེས་དང་།
གྲྭ་ཕུན་ཚོགས་ལགས་ཀྱི་དོན་རྐྱེན་བྱུང་རྗེས་ཀྱི་ཕྱི་ཚེས་༡༧ཉིན་ནས་རྔ་པ་འབྲིང་རིམ་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཕྱི་ཚེས༢༣བར་རྒྱ་གཞུང་གི་བྱས་ཉེས་ལ་ངོ་རྒོལ་དང་གྲྭ་ཕུན་ཚོགས་ལགས་ལ་གདུང་སེམས་མཉམ་སྐྱེས་ཀྱིས་ཟས་བཅད་ངོ་རྒོལ་བྱས་སྟབས།རྒྱ་གཞུང་གིས་མི་མང་ཡར་ལངས་ཡོང་པའི་ཉེན་ཁ་ཞིག་མཐོང་སྟེ།ཀིརྟི་དགོན་པར་དྲག་ཆས་དམག་མི་འབོར་ཆེན་བཏང་ནས་དགོན་པར་དམ་དྲག་བྱས་པ་དང་།ཕྱི་ཚེས་༡༩ནས་དགོན་པའི་ཉིན་རེའི་ཆོས་ཕྱོགས་ཀྱི་ལས་རིམ་རྣམས་བཀག་སྡོམ་དང་།གྲྭ་པ་རྣམས་ཕྱི་རུ་མ་བཏང་པ་དང་ཕྱི་མི་དགོན་པར་མ་བཏང་སྟབས།རིམ་བཞིན་གྲྭ་མང་གི་ཟས་འབྲུ་རྫོགས་པའི་གནས་སུ་གྱར་བ་རེད།
དེ་བཞིན་དགོན་པའི་ནང་རྒྱ་ནག་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་ཏེ།ཨང་དང་པོ་སོ་སོའི་རྒྱལ་ཁབ་ལ་དགའ་ཞེན་དང་གཙི་བཀུར་ཞུ་དགོས་པ།རྒྱལ་ཁབ་ཀྱི་ཆེད་དུ་སོ་སོའི་དགེ་རྒན་དང་རྩ་བའི་བླ་མ།༧གོང་ས་མཆོག་བཅས་ལ་སྐྱོན་བརྗོད་བྱ་དགོས་པ་དེ་རེད།དེ་འདྲ་མ་བྱུང་ན་གྲྭ་པ་ཚུལ་ལྡན་ཞིག་ཡོང་ཐབས་མེད་པ་སོགས་རྒྱལ་ཁབ་དང་དེའི་ཁྲིམས་ལ་གཙི་མཐོང་བྱ་དགོས་པའི་སློབ་གསོ་སྤྲོད་ཀྱི་ཡོད་པ་རེད།རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་འདི་སྔོན་མ་བརྒྱད་ཅུ་གྱ་གྲངས་ནང་འབྲས་སྤུངས་དང་དགའ་ལྡན་སོགས་སུ་སྤེལ་ཏེ།རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ལ་ངོས་ལེན་མི་བྱེད་མཁན་ཚོ་དགོན་པ་ནས་སྡོད་མི་ཆོག་པའི་གནས་སྟངས་ཆགས་སྟབས།གྲྭ་པ་མང་པོ་དགོན་པ་ནས་ཐོན་དགོས་པ་དང་རང་ཤི་རྒྱག་དགོས་པའི་གནས་སྟངས་ཀྱང་བྱུང་ཡོད་པ་རེད།འདས་པའི་ཉིན་ཤས་གོང་ནས་ཀིརྟི་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་སྐབས་གྲྭ་པ་མང་པོ་རླངས་འཁོར་དུ་བཅུག་ཏེ་ཁྲིད་འགྲོ་བ་དེ་དག་རིམ་བཞིན་དགོན་པ་སྟོང་པ་བཟོ་རྒྱུའི་ཇུས་ངན་ཞིག་རེད།
གནས་སྟངས་འདི་འདྲ་འཕྲད་ཡོང་སྐབས་བོད་ནང་གི་བོད་མི་ཚོས་ཕྱི་ལོགས་ན་ཡོད་པའི་བོད་མི་ཚོར་རེ་བ་ཞིག་རྒྱག་གི་ཡོད་པ་ནི།བོད་ནང་གི་ཛ་དྲག་གནས་སྟངས་རྣམས་རྒྱལ་སྤྱིའི་ཁྱོན་ལ་གསལ་བཤད་དང་འབོད་སྐུལ་ཞུས་ཏེ།བོད་ནང་གི་གནས་སྟངས་ཡག་ཏུ་ཡོང་ཐབས་བྱ་རྒྱུ་དེ་རེད།ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆོས་དད་རང་དབང་དང་།གནར་གཅོད་འགོག་ཐབས་སྡེ་ཚན་སོགས་ལ་ཞུ་གཏུགས།དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ།འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་བཅས་ལ་འབོད་སྐུལ་ཞུ་རྒྱུ་སོགས་ལས་འགུལ་གང་མང་མང་སྤེལ་དགོས་པ་ཞིག་ཆགས་ཡོད་པ་རེད།ཅེས་གསུངས་སོང་།
གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༣ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 6

  1. གངས་ཅན། says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ཀྱི་གཏམ་བཤད་ལ་ལོ་རྒྱུས་ཀྱི་དགེ་ཐོན་ཞིང། ངོ་མ་མི་སེམས་འགུལ་ནི་ཞིག་རེད། ད་དུང་མུ་མཐུད་ནས་འདི་ལྟ་བུ་གཏམ་བཤད་གནང་ན་ཉན་སྤྲོ་ཞིང་བློ་སྒོ་འབྱེད་པ་རང་རེད། དེ་མིན་ནམ་རྒྱུན་ཁ་བདེ་བོ་ཚོས་མི་མཐོ་བོ་ཚོའི་ལད་མོ་བྱས་ནས་བསྐྱར་ཟློས་ཡང་ཟློས་བྱས་ན་སུན་ནི་ཞིག་རེད།

    Reply
  2. རྨེ་གླིང་གདོང་ནག says:
    ལོ་ 15 སྔོན།

    ཧེ་ཇ་མ་རྙོག་གཏམ་མ་བཤད་རོགས། རྔ་བ་ཀིརྟི་དགོན་སྡེ་གཉིས་ཀྱི་དགག་བར་ཆད་བཟློག་དགོས་ན་ཀིརྟི་རིན་པོ་ཆེས་མིག་བཙུམ་ནས་བོད་ནང་དུ་ལོག་དགོས་དོན་གང་ཡིན་ནམ། བཙན་བྱོལ་བོད་གཞུང་ད་དུང་ཡང་གྲགས་འགུལ་མེད་པ་ཅི་རེད་དམ། ད་སྐབས་ཁ་མ་གྲགས་ན་ག་དུས་ཁ་གྲགས་དགོས་ནི་རེད། དངོས་གནས་བློ་ཕམ་པ་ལ།

    Reply
  3. ཇ་མ་ says:
    ལོ་ 15 སྔོན།

    རྔ་བ་ཀིརྟི་དགོན་སྡེ་གཉིས་ཀྱི་དགག་བར་ཆད་བཟློག་དགོས་ན་ཀིརྟི་རིན་པོ་ཆེས་མིག་བཙུམ་ནས་བོད་ནང་དུ་ལོག་རྒྱུ་དེ་རེད།

    Reply
  4. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    བདག་གིས་ཕ་ཡུལ་གྱི་གནས་སྟངས་གོ་ན་སེམས་པ་དངོས་གནས་ན་ཡོང་གི ཁ་སང་ངའི་གྲོགས་པོ་ཞིག་གིས་ཕ་ཡུལ་དུ་ཁ་པར་བཏང་ནས་གནས་ཚུལ་ལ་ཞུགས་ན། རྔ་ཡུལ་ཀིརྟི་དགོན་པ་ཡིན་དང་ཡིན། དེ་ལས་གཞན་པའི་བདག་གི་སྐྱེ་ཡུལ་ཨ་འ
    དུས་སྡེ་བའི་ཡུལ་མི་གཉིས་འཇུ་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། བོད་ཀྱི་སྐད་ཡིག་གི་འདུ་ཚོགས་ཤིག་གི་སླད་དུ་ལས་བྱེད་གཉིས་ཕྱིར་འབུད་བྱས་པའི་གནས་ཚུལ་འདུག ཡིན་ནའང་དོན་རྐྱེན་འདི་འདྲ་མང་པོ་ཞིག་ངའི་ཕ་ཡུལ་རྔ་བའི་ས་ཆར་བྱུང་བཞིན་པ་ལགས་ན། ཕྱོགས་ཡོང་ནས་རྔ་ཡུལ་བཙན་བྱོལ་བ་དག་གིས་རང་རང་ས་ནས། བཙན་བྱོལ་བོད་གཞུང་ལ་དོན་རྐྱེན་དེ་དག་རེ་རེ་བྱས་ནས་ཞུ་གཏུགས་བྱེད་དགོས། འུ་ཅག་གིས་ཕ་ཡུལ་གྱི་གནས་ཚུལ་བོད་གཞུང་ལ་བཤད་དགོས་པ་ནི། རྔ་ཡུལ་མི་མང་གི་རིགས་སུ་གཏོགས་པའི་ཆ་ནས། ཕ་ཡུལ་གྱི་གནས་ཚུལ་གང་གོ་བ་དེ་ཤོད་དགོས། རེམ་ཤིག ད་ལྟ་ནི་མདོ་དབུས་ཁམས་གསུམ་གྱི་ཁྲོད་ནས་རྔ་ཡུལ་འདི་ཛ་དྲག་ཡིན་པས་དེ་ཚོའི་བདེ་སྡུག་ངེས་པར་དུ་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་དགོས་སྙམ།

    Reply
  5. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ཀྱི་འཐབ་རྩོད་ཀྱི་ཆུ་ཚད་ངོ་མ་མཐོན་པོ་རེད། ཁས་བླངས་བཏང་ནི་ཡིན།
    གཏམ་བཤད་འདི་འདྲ་རྒད་པོ་འགན་འདེ་ཡིས་ཀྱང་བཤད་མྱོང་མི་འདུག
    མ་ཐིན་ལི་ཐར་གྱིས་ཀྱང་བཤད་མ་མྱོང་བ་འདྲ།
    བོད་མི་ཟེར་བ་རེད།

    Reply
  6. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    བདེན་དོན་རྩོད་ལེན་གྱི་ཆེད་དུ་རང་སྲོག་བློས་བཏང་ལ་ཡ་ང་དང་བག་ཚ་མེད་པ་གཞིས་བྱེས་ཆོལ་གསུམ་སྤུན་ཟླ་ཡོངས་ལ་ཞུ་རྒྱུ་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ན་ཕྱོགས་ཐམས་ཅད་ནས་རུབ་དགོས་པ་དེ་ང་ཚོའི་ལས་འགན་ཡིན་ཙང།

    རང་ས་རང་ས་ལ་ནུས་པ་གང་ཡོད་ཀྱིས་བདེན་པ་རྩོད་པ་ནི་དུས་སུ་བབ་པ་དང་སྐབས་དང་ཁེལ་བ་ཡིན་པས།

    མཐུན་སྒྲིལ་རྡོག་རྩ་གཅིག་དྲིལ་གྱི་འབོད་སྐུལ་དང་སེམས་ཤུག་མི་འཆག་པར་མགོ་ནག་བོད་མི་ཡོངས་ཀྱི་འཛམ་གླིང་ཁྱོན་ཡོངས་ཀྱི་ཐོག་ཏུ་བདེན་པའི་སྒྲ་སྒྲོོག་པར་སྙིང་ནས་དགའ་བསུ་ཡོད།

    རྔ་བ་ཁུལ་གྱི་དགོན་སྡེ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཡོད།

    བསྟན་སྲུང་དབང་པོར་བཅོལ་ནས་ཁྱོད་སྒྲུབ་ཀྱི། །དམ་བསྐུལ་གཡར་དམ་གཉེན་པོ་མི་གཡེལ་བར། །ཉེས་མེད་བརྙེས་སུ་བརྩམ་པའི་རྒྱ་དམར་གྱི། །སྲོག་དབུགས་སྙིང་དང་བཅས་པ་ད་ལྟ་ལོང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese