མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙུན་མ་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

ནས་ཚུལ་འབྱོར་གསལ་ལྟར་ན། ཁམས་ཏྲེ་ཧོར་བྲག་མགོའི་རྦ་དག་བཙུན་དགོན་ཕུན་ཚོགས་ཆོས་གླིང་གི་བཙུན་མ་བྱམས་པ་མཚོས་ཟླ་འདིའི་ཚེས་ ༡༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་པ་ཙམ་ལ་ཁམས་སྡེ་དགེ་རྫོང་གི་ཁྲོམ་གཞུང་ཟམ་ཆེན་ཁར། བོད་ལ་རང་དབང་དགོས་པ་སོགས་ཀྱི་སྐད་འབོད་དང་ཡིག་ཆ་འགྲེམས་སྤེལ་བྱས་པར་བརྟེན་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་མནར་གཅོད་བཏང་སྟེ་འཇུ་བཟུང་བྱས་ཡོད་འདུག

མོ་ཉིད་བྲག་མགོ་ནས་ཐོན་ཁར་ཡིག་ཆ་ཞིག་བཞག་ཡོད་པའི་ནང་དུ་རང་ཉིད་གལ་ཆེའི་ལས་དོན་ཞིག་གི་ཆེད་དུ་ས་ཆ་གཞན་དུ་འགྲོ་རྒྱུ་ཡིན་ཚུལ་འཁོད་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ཟླ་བ་ ༦ ཚེས་ ༨ ཉིན་བྲག་མགོ་རྦ་དག་བཙུན་དགོན་གྱི་བཙུན་མ་བརྒྱ་ཕྲག་འགས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ངོས་ནས་ཕྱིས་སུ་བཙུན་དགོན་འདིའི་ནང་གི་བཙུན་མ་སུ་ཞིག་གིས་ཀྱང་དེ་འདྲའི་ལས་འགུལ་རིགས་སྤེལ་ཚེ་དགོན་པ་འདི་སྒོ་ཕྱེ་མི་ཆོག་པ་བཟོ་རྒྱུ་ཡིན་ཞེས་ནན་བརྗོད་ཀྱིས་བཀའ་ཡིག་སྤྲད་ཡོད་སྟབས། ད་རེབ་བཙུན་མ་བྱམས་པ་མཚོ་རང་ཉིད་དགོན་པའི་སྐྱིད་སྡུག་ཏུ་མེད་ཚུལ་བརྗོད་དེ། ས་ཆ་གཞན་དུ་སོང་སྟེ་རང་དབང་སྐད་འབོད་ཀྱི་ལས་འགུལ་དེ་སྤེལ་དགོས་བྱུང་བ་ཞིག་ཡིན་འདུག

ཁོང་མོ་བྲག་མགོ་ནས་ཐོན་ཏེ་ཉིན་འགའ་ཤས་ཀྱི་རྗེས་སུ་མ་གཏོགས་ནང་མི་རྣམས་ཀྱིས་གར་ཡོད་ཤེས་རྟོགས་བྱུང་མེད་ན་ཡང་། མོ་ཉིད་འཇུ་བཟུང་བྱེད་སྐབས་རང་ཉིད་བྲག་མགོ་རྫོང་ཆུ་དབར་གྲོང་ནས་ཡིན་ཚུལ་དང་། རང་གིི་མིང་དང་བཅས་པ་སྦ་གསང་མེད་པར་ཉེན་རྟོག་པར་བཤད་ཡོད་སྟབས། ཡུལ་དེའི་ཉེན་རྟོག་པས་མོའི་ནང་མི་ལ་འབྲེལ་བ་བྱས་ཏེ། ནང་མི་འགའ་ཁམས་སྡེ་དགེ་རུ་ཐུག་ཕྲད་དུ་སོང་ཡོད་ཀྱང་། ཡུལ་དེའི་ཉེན་རྟོག་པས་གཉེན་ཉེ་རྣམས་ལ་ཐུག་ཕྲད་བྱེད་མ་བཅུག་པ་མ་ཟད། མོས་ནག་ཉེས་ཚབ་ཆེན་བསགས་ཡོད་ཚུལ་སོགས་ཀྱིས་སྡིགས་ར་བསྐུལ་ཏེ། ཁོང་ཚོ་ཕྱིར་ལོག་བྱས་འདུག བཙུན་མ་བྱམས་པ་མཚོ་ནི་རང་ལོ་ ༢༨ ཡིན་པ་དང་། ད་ལྟ་བཙོན་ཁང་གང་དུ་ཡོད་མེད་དང་ཤི་གསོན་ཅི་ཡིན་སོགས་ཀྱི་གསལ་པོ་ཤེས་རྟོགས་ཐུབ་མི་འདུག

 

མོན་གྷོ་ས་གནས་གངས་ལྗོངས་རང་བདེན་རྩོད་ལེན་ཐུན་ཚོགས་ནས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༦ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 1

  1. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    བྱམས་པའི་མཚོ་མོར་འཇུག་པ་མོ། འཇིགས་པའི་བཙོན་རར་ཚུད་དགོས་ཅི།

    དཔའ་ཁེར་རྒྱུགས་ཀྱི་དཔའ་མོར། དཔལ་ལྷ་མོ་ཡིས་གཟིགས་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese