མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་ས་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་མགོ་འཛུགས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

ལུས་ངག་ཡིད་གསུམ་འཚེ་མེད་ཞི་བའི་ལྟ་སྤྱོད་དང་མཐུན་པ་ཞིག་བྱུང་ན། གོམ་པ་གཅིག་སྤོས་ཀྱང་རླབས་ཆེན་གྲུབ་འབྲས་དང་སྤྱི་མཐུན་བསོད་ནམས་གསོག་རྒྱུར་ཏན་ཏན་ཕན་གྱི་རེད། ཅེས་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས།  

ཀིརྟི་བྱེས་པ་གྲྭ་ཚང་དང་ངྷ་ས་མདོ་སྨད་དབུས་ས་རྒྱུན་ལས་ཐུན་མོང་གི་གོ་སྒྲིག་འོག དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཀིརྟི་དགོན་པའི་དགེ་འདུན་པ་ ༡༠༠ ཙམ་གྱིས་བཞུགས་སྒར་ངྷ་རམ་ས་ལ་རྒྱ་གར་རྒྱལ་ས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་བྱས་ཡོད་ཅིང་། ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོའི་སྟེང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲིི་པ་ཟམ་གདོང་རིན་པོ་ཆེ་དང་བཀའ་ཟུར་ཀིརྟི་རིན་པོི་རྣམ་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་བགྲེས་གཞོན་དང་རྒྱུན་ལས། ངྷ་སར་གནས་སྡོད་བོད་རིགས་སེར་སྐྱ་མང་ཚོགས་དང་ཕྱི་རྒྱལ་བ་བཅས་མི་མང་སྟོང་ཕྲག་ལྷག་འདུ་འཛོམས་བྱུང་ཡོད། མཛད་སྒོ་མ་འཚོགས་གོང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་དབུ་བཞུགས་ཐོག་ཉེ་ཆར་མདོ་སྨད་རྔ་པ་ཁུལ་དུ་བསད་རྨས་བྱུང་བ་རྣམས་ཀྱི་ཆེད་བསྔོ་བ་སྨོན་ལམ་རྒྱས་པ་ཞིག་གསུངས་ཡོད།  

 

སྐབས་དེར་ཀིརྟི་བྱེས་པ་གྲྭ་ཚང་གིས་ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་ཁག་སྒྲོག་སྦྱོང་བྱས་པའི་ནང་། ངྷ་སར་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་དང་རྡོར་གླིང་སུ་ཁེ་ཀིརྟི་དགོན་གཉིས་ཐུན་མོང་ཐོག སངས་རྒྱས་བསྟན་པ་དང་དེ་འཛིན་ཆོས་བྱེད་ཀྱི་དགེ་འདུན་པའི་སྡེ་དང་། ལྷག་པར་དུ་རྔ་པ་ཀིརྟི་དགོན་པ་ཆགས་འཇིག་གི་མཚམས་སུ་སྐྱོབ་ཆེད། ངྷ་ས་ནས་ལྡི་ལི་བར་སེར་སྦྲེངས་སྙན་སྐུལ་སྨོན་ལམ་བྱེད་ཀྱི་ཡོད་ལ། སེར་སྦྲེངས་སྙན་སྐུལ་གྱི་སྨོན་ལམ་དང་ཆབས་ཅིག་རྒྱལ་སྤྱི་དང་རྒྱ་གཞུང་བཅས་ལ་དགོས་འདུན་དོན་ཚན་གསུམ་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བཀོད་འདུག

དགོས་འདུན་དོན་མཚན་གསུམ་ལས་དང་པོ། ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་དང་སྲིད་གཞུང་། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་དང་། ཁྱད་པར་དུ། སྟོན་པ་དང་བསྟན་པ་གཅིག་པའི་འཛམ་གླིང་ཤར་ནུབ་ཀྱི་ནང་པ་ཡོངས་ཀྱིས་རྔ་པ་ཀིརྟི་དགོན་པ་རྒྱ་ནག་གི་དྲག་གནོན་འོག་མྱུར་དུ་སྐྱོབ་ཐབས་ཀྱི་ཛ་དྲག་ལས་འགུལ་ཞིག་སྤེལ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། གཉིས་པ། ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་དང་། རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བརྩོན་འགྲུས་དང་དར་རྒྱས་སོགས་རྔ་པ་ཁུལ་གྱི་བོད་མི་བཙོན་པ་རྣམས་གང་མགྱོགས་ཀློད་གྲོལ་དགོས། གསུམ་པ། རྒྱ་གཞུང་གིས་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་ཐོབ་ཐང་ཡོངས་སུ་སྤྲད་དེ། རིས་མེད་དགོན་སྡེ་ཁག་གི་ཆོས་ལུགས་བྱེད་སྒོ་ཁག་གུ་ཡངས་དགོས། ཞེས་བསྟན་འདུག  

 

མཇུག་ཏུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ད་ལྟ་རྔ་པ་ཀིརྟི་དགོན་དུ་དགེ་འདུན་པ་བརྒྱ་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཏེ། དགོན་པ་ཆགས་འཇིག་གི་གནས་སུ་ལྷུང་ཡོད་ལ། བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག མང་ཚོགས་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་སུ་འབོད་སྐུལ་རིམ་པར་ཞུས་ཡོད་ཀྱང་དེ་ཙམ་གྱི་ནུས་པ་ཐོན་མེད། གལ་སྲིད་མུ་མཐུད་འདི་ལྟར་ཕྱིན་པ་ཡིན་ན། ཀིརྟི་དགོན་པ་གཙོས་པའི་བོད་ནང་གི་དགེ་འདུན་པའི་སྡེ་རྣམས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་འདུག ཅེས་དང་།

དེ་རིང་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་བརྒྱ་སྐོར་ཞིག་གིས་ངྷ་ས་ནས་ལྡི་ལི་བར་གོམ་བགྲོད་གནང་གི་ཡོད་པ་རེད། ང་ཚོའི་འཚེ་མེད་ཞི་བའི་ལས་འགུལ་ལ་ནུས་པ་ཐོན་དང་མི་ཐོན། ལམ་འགྲོ་རྒྱུག་དང་མི་རྒྱུག་ཟེར་བ་དེ། ང་ཚོའི་ལུས་ངག་ཡིད་གསུམ་གྱི་འཚེ་བ་མེད་པའི་ལྟ་སྤྱོད་ཅི་ཙམ་གྱིས་བརྟན་པོ་ཡོད་མེད་ལ་རག་ལས་ཡོད། བོད་ཀྱི་དྲང་བདེན་འཐབ་རྩོད་དེ། མངོན་གསལ་དོད་པོས་འཚེ་བ་མེད་པ་བྱས་ཏེ་ལོ་བཞི་བཅུ་ཞེ་གྲངས་ཤིག་འགྲོ་བཞིན་ཡོད་ཀྱང་། ང་ཚོའི་བསམ་བློ་ནང་གི་འཚེ་བ་སྤངས་ཐུབ་ཀྱི་ཡོད་མེད་དེ། ད་ལྟ་ཡང་ཐེ་ཚོམ་ཀྱི་གནས་སྟངས་ཤིག་ཆགས་ཡོད། ཅེས་གསུངས་བྱུང་།

 

བཀའ་ཁྲི་མཆོག་གིས་མུ་མཐུད་དུ་ལས་འགུལ་དེ་འཚེ་བ་མེད་པ་ཡོང་དགོས་པའི་སྐོར་གསུངས་དོན། དེ་རིང་དམིགས་བསལ་རབ་བྱུང་དགེ་འདུན་གྱི་སྡེ་ཞིག་གིས་ལས་འགུལ་སྤེལ་གྱི་ཡོད་དུས། འཚེ་བ་མེད་པའི་ལས་འགུལ་དེ་དོན་དམ་གྱི་འཚེ་བ་མེད་པ་ཞིག་ཡོང་རྒྱུར་ཐབས་ཤེས་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད། གལ་སྲིད། དོན་དམ་གྱི་འཚེ་བ་མེད་པ་ཞིག་བྱུང་ན། ལས་འགུལ་དེར་ནུས་པ་འཐོན་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད། བཙན་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་མཁན་རྒྱ་ནག་གི་དབུ་ཁྲིད་ཚོ་དང་། ཁོང་ཚོའི་བཀོད་འདོམས་འོག་ཡོད་པའི་འཚེ་བའི་བྱ་སྤྱོད་སྤེལ་མཁན་གྱི་མི་དེ་ཚོ། རང་རྒྱལ་གཞན་ཕམ་གྱི་ཉོན་མོངས་གིས་གཞན་དབང་དུ་སོང་ཡོད་སྟབས། ང་ཚོས་མི་དེ་ཚོར་ཞེ་སྡང་དང་ཁོང་ཁྲོའི་རྣམ་པ་སྤུ་ཙམ་ཡང་མེད་ཐོག སྙིང་རྗེའི་སེམས་ཀྱིས་ཁོང་ཚོའི་བྱས་ཉེས་ལ་ངོ་རྒོལ་བྱ་ཐུབ་ན། ཏན་ཏན་ནུས་པ་ཞིག་འཐོན་ཡོང་གི་རེད། ཅེས་གསུངས་བྱུང་།  

ཁོང་གིས་མུ་མཐུད་དེ་གསུངས་དོན། བར་ལམ་ཞིག་ནས་ཞི་བའི་གོམ་བགྲོད་བྱེད་མཁན་ཚང་མས། ༧གོང་ས་མཆོག་གིས་སྲོལ་གཏོད་གནང་བའི་བྱང་ཆུབ་སེམས་མཆོག་གི་སྨོན་ལམ་འདོན་རྒྱུའི་ལུགས་སྲོལ་ཞིག་ཆགས་ཡོད་ལ། དེར་ཁྱེད་ཚོས་ཀྱང་ཐུགས་ཞིབ་གནང་ཡོད་རྒྱུ་རེད། བྱང་ཆུབ་སེམས་མཆོག་འདོན་བཞིན་དུ་ཁོང་ཁྲོའི་བློ་སྐྱེ་པ་ཡིན་ན། ཁ་བཤད་ལག་ལེན་མ་ཐུབ་པ་ཞིག་རེད་ལ། ལྷག་པར་དུ་ཕྱིའི་རྣམ་འགྱུར་འཚེ་བ་ཡོད་མེད་གཉིས་ཀ་བྱུང་ན། དེ་ནི་ཡ་མཚན་གང་ཡང་ཆགས་ཀྱི་མེད་དུས། ལུས་ངག་ཡིད་གསུམ་འཚེ་མེད་ཞི་བའི་ལྟ་སྤྱོད་དང་མཐུན་པ་ཞིག་དགོས་པ་རེད། དེ་ལྟར་བྱུང་ན། གོམ་པ་གཅིག་སྤོས་ཀྱང་རླབས་ཆེན་གྲུབ་འབྲས་དང་སྤྱི་མཐུན་བསོད་ནམས་གསོག་རྒྱུར་ཕན་གྱི་རེད། ཅེས་གསུངས་སོང་།

 

མཇུག་ཏུ་འདི་གའི་གསར་འགོད་པས་ཞི་བའི་གོམ་བགྲོད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་སུ་ལས་འགུལ་དེར་མཉམ་གནང་དོན་སྐོར་བཅར་འདྲི་ཞུས་པར་ཁོང་གིས། རྔ་པ་ཀིརྟི་དགོན་པ་གཙོས་པའི་ཡུལ་དེའི་མང་ཚོགས་རྣམས་ཛ་དྲག་གི་གནས་སྟངས་འོག་ལྷུང་ཡོད་པ་དང་། འདས་པའི་ཟླ་གཅིག་གི་ནང་རྒྱ་གཞུང་གི་སྲིད་བྱུས་སྔར་ལས་ཇེ་མཁྲེགས་སུ་སོང་སྟེ། ཉེ་ཆར་ཀིརྟི་དགོན་པའི་གྲྭ་བ་ ༣༠༠ ལྷག་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་རེད། ད་ལྟ་ཁོང་ཚོ་གང་དུ་བཅུག་ཡོད་མེད་དང་ཁོང་ཚོའི་གཟུགས་པོའི་གནས་སྟངས་ཇི་འདྲ་ཡིན་མིན་གང་ཡང་ཤེས་ཀྱི་མེད། དེ་བཞིན། རྒྱ་གཞུང་གིས་ཁྱབ་བསྒྲགས་དང་དངོས་ཡོད་གནས་སྟངས་གཉིས་རྩ་བ་ནས་མཐུན་གྱི་ཡོད་པ་མ་རེད། གནས་སྟངས་དེར་བལྟས་ན། དགོན་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་གསལ་པོ་རེད། ང་ཚོས་རྒྱ་གཞུང་ལ་སྲིད་ཇུས་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་བརྡ་ལན་གཏོང་གི་ཡོད་ལ། ཕྱོགས་གཞན་ཞིག་ནས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་འཛམ་གླིང་གི་ནང་པ་ཡོངས་ལ། བོད་ནང་གི་ཉེན་ཁར་ཐུག་པའི་ཆོས་སྡེ་ཆེན་པོ་དེར། རྒྱབ་སྐྱོར་གནང་རྒྱུར་འབོད་སྐུལ་ཞུ་ཆེད་ཡིན། ཞེས་དང་། གོམ་བགྲོད་ནང་ཞུགས་མཁན་རྣམས་ངྷ་ས་དང་འབྲས་ལྗོངས་ཀྱི་དགེ་འདུན་པ་ཡིན་ལ། ང་ཚོ་ལྡི་ལིར་བསླེབ་མཚམས་ཟས་བཅད་ངོ་རྒོལ་སོགས་ལས་འགུལ་རིགས་མུ་མཐུད་སྤེལ་འཆར་ཡོད། ཅེས་བརྗོད་བྱུང་།

                                                                                                           གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 13

  1. བློ་བཟང་རྒྱལ་མཚན། says:
    ལོ་ 15 སྔོན།

          ད་གོམ་བགྲོད་མི་དགོས་རང་ཤི་བརྒྱ་ནས་ཕན་འབྲས་ཐོན་པར་ཁལ་པོ་རེད།
    ཚ་བ་བློ་བཟང་རྒྱལ་མཚན།     ནོར་གླིང་།

    Reply
  2. donglokyima says:
    ལོ་ 15 སྔོན།

    རེད་རེད། རྡ་སར་སྐྱིད་སྡུག་མང་པོ་ཞིག་ཡོད་ནེ་རེད། ཁོང་ཚོས་ཆོལ་ཁ་དང་ལུང་ཚན་འཚོལ་གྱིན་གླིང་ག་གཏོང་རྒྱུ་མ་གཏོགས་ཤེས་ཀྱི་མ་རེད། ད་རེམ། རེམ། རེམ།

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    ཀིརྟིའི་གྲྭ་མང་ལ་གུས་བརྩི་དང་སྙིང་སྟོབས་ལ་ཡི་རངས་ཡོད།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཁེ་འདོད་དང་གྲགས་འདོད་མིན་པར་་་་ཕན་ཐོགས་པའི་བསམ་པས་ཀུན་བསླངས་པ་ཡིན་ན་རྗེས་སུ་ཡི་རང་ཡོད། དེ་མིན་ནམ་རྒྱུན་ཁེ་འདོད་ཁོ་ན་དམིགས་སུ་བཟུང་འདུག་པ་མཐོང་གི་འདུག་པས་དེ་འདྲའི་ཡིད་ཆེས་མི་འདུག་་་་་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུག་ཞུ།

    Reply
  5. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    ཁྱེད་ཚོའི་སྙིང་སྟོབས་དང་བློ་སྦོབས་ལ་ཡི་རངས་བྱེད་ཀྱིན་ཡོད་ལ
    ཁྱེད་ཚོའི་རྒྱལ་ཞེན་དང་དཀའ་སྡུག་གདོང་ལེན་ལ་ཡ་མཚར་གྱིན་ཡོད
    ཁྱེད་ཚོའི་ལས་འགུལ་འདིས་རྔ་བ་ཀིརྟི་དགོན་པ་ཁོ་ན་སྐྱོབ་ཆེད་མིན་པར་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཡ་ང་བའི་གནས་སྟངས་སྐྱོ་བོ་དེ་ཆེད་ཡིན་པ་ངས་ཚོར་ཡོད།
    དེ་བས་ཁྱེད་ཚོ་ནི་ང་ཚོའི་རྒྱལ་ཁབ་འདིའི་ཞི་དམག་ཁག་ཡིན།

    Reply
  6. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    ང་ཚོ་འདི་ལྟར་འགུལ་ན་ངོ་མ་ཧྲ་གི

    Reply
  7. ལས་འབྲས says:
    ལོ་ 15 སྔོན།

    རླབས་ཆེན་གྱི་ལས་འགུལ་སྤེལ་མཁན་རྣམས་ལ་སྙིང་ནས་བསྟོད་ཅིང་ཐུགས་རྗེ་ཆེ་ཞུ་བ་ཆབ་གཅིག་གངས་ལྗོངས་མུན་པའི་གླིང་དུ་སྣང་གསལ་སྒྲོན་མེ་དང་འཚུང་པའི་མི་རིགས་ཀྱི་དཔའ་བོ་ཚོར་མཉམ་དུ། གུས་པ་སྐྱོད་མ་ཐོབ་ཡང་གུས་ཀྱིས་སྙིང་སྟོབས་དང་ལྡན་པའི་མི་རིགས་ཀྱི་དཔའ་རྒོད་རྣམས་དང་རྔ་བ་སྐྱ་སེར་མི་དམངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ཞི་བའི་ལྟ་གྲུབ་ཁོ་ནར་བཟུང་དྲང་བདེན་གནས་ལུགས་ཀྱི་བདེན་པའི་འཐབ་རྩོད་འདི་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད།

    Reply
  8. དབྱར་ཁབ་ཀུན་བཟང། says:
    ལོ་ 15 སྔོན།

    བོད་ཀྱི་དཔའ་བོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། ཞི་བའི་ལས་འགུལ་བ་རྣམས་ལ་རྗེས་སུ་ཡི་རང་ཡོད།

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ད་ལས་འགུལ་འདི་གཞི་རིམ་མི་མང་རང་གི་སྒང་ལ་སླེབས་ཀྱི་འདུག་པས་དགའ་སྤྲོ་སྐྱེས་ཀྱིན་འདུག་ལ། གཞུང་འབྲེལ་མིན་པའི་ཚོང་པའི་ཚོགས་པ་ཚོ་ལས་འདི་ལྟར་སྐྱིད་སྡུག་ལ་ལྟ་མཁན་ཚོས་འགོ་བརྩམ་དང་ན་རླབས་ཆེན་རེད་ལ། མདོ་སྨད་དབུས་རྒྱུན་ལས་ཚོགས་གཙོ་མཆོག་གིས་གསུངས་པ་ལྟར་ན། ལས་འགུལ་འདི་དང་འབྲེལ་བའི་ཞལ་འདེབས་བསྡུ་རྒྱུ་ཡིད་ལ་དྲན་མེད་ཟེར། དེས་ན་གཙུག་ལག་ཁང་གི་མདུན་ཐང་ན་གཞོན་ནུའི་ཟས་བཅད་ངོ་རྒོལ་དེར་ཞལ་འདེབས་ག་ཚོད་ཅིག་གལ་ཆེན་པོ་གནང་གི་མི་འདུག་གམ། འདི་དག་ཞབས་འདྲེན་རེད། གཞོན་ནུ་ལྷན་ཚོགས་ལ་ཚོགས་མི་སྟོང་ནས་ཁྲི་བརྒལ་བ་ཡོད་རབ་ཟེར་གྱི་འདུག ཡིན་ནའང་། ཟས་བཅད་ངོ་རྒོལ་ལ་ཞུགས་མཁན་ཁོང་ཚོའི་ཚོགས་མི་ག་ཚོད་ཡོང་གི་ཡོད་མེད་ཟས་བཅད་ལ་བཞུགས་མཁན་རྣམ་པ་ཚོས་ནང་ཕན་ཚུན་ལ་དྲི་བ་གཏོང་དགོས་པ་རེད། དྲི་བ་བཏང་ན་ཤེས་ཐུབ་ཀྱི་རེད། སྐབས་དེར་སེམས་ལ་འབབ་རྒྱུ་ཞིག་ཡོད་པ་རེད།

    མ་གཞི་ནས་གཙུག་ལག་ཁང་དང་ཕོ་བྲང་གི་མདུན་དུ་ཟས་བཅད་ངོ་རྒོལ་གནང་བ་འདིའི་རྣམ་འགྱུར་ལ་ལྟོས་ན་ཡག་པོ་འདུག་གམ། རྡ་ཞོལ་ནས་གནང་ན་འགྲིག་གི་རེད་ལ། ཀང་ར་ནས་གནང་ན་འགྲིག་གི་རེད། ཡིན་གཅིག་མིན་གཅིག་ཕོ་བྲང་གི་མདུན་དུ་གནང་དགོས་པ་དེས་སུ་ལ་དྲན་སྐུལ་བྱེད་ཀྱི་ཡོད་པ་རེད་དམ། མཁྱེན་དགོས་ངེས་ཅན་གྱིས་མཁྱེན་གྱི་རེད་དམ། འདི་ནི་གཞོན་ལྷན་གྱིས་ཁྲལ་རྒྱག་ཐུབ་འདྲ་བོ། ལས་ཁུངས་དང་ཐག་ཉེ་ས། འདོམ་བདེ་ཤོས་ཤིག་དམིགས་པ་ལས་ལས་འགུལ་དེས་རྩ་དོན་ལ་གྲུབ་འབྲས་ཐོན་རྒྱུར་དེ་ཙམ་དགོངས་བཞེས་གནང་མེད་པར་མི་ཚང་མས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། གཞོན་ལྷན་གྱིས་གུར་ཕུབས། སྦྱར་བྱང་འདྲ་བྲིས། ཞལ་འདེབས་སློང་རྒྱུ་དེ་ལས་གཞན་ལས་དོན་གང་ཡང་ཡོད་པ་མ་རེད། དེ་ཚང་མས་ཐུགས་སྣང་གནང་ན་ཡག་པོ་རེད།

    Reply
  10. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    རྔ་བ་སྐྱ་སེར་མི་དམངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ཞི་བའི་ལྟ་གྲུབ་ཁོ་ནར་བཟུང་དྲང་བདེན་གནས་ལུགས་ཀྱི་བདེན་པའི་འཐབ་རྩོད་འདི་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད།
    འདི་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གོམ་བགྲོད་པ་ཡོངས་ལ་ཐུགས་རྗེས་ཆེ།

    Reply
  11. GYAMTSO says:
    ལོ་ 15 སྔོན།

    སེར་སྦྲེངས་སྙན་སྐུལ་གྱི་སྨོན་ལམ་་ཞེས་པའི་འཚེ་མེད་ཞི་བའི་གོམ་བགྲོད་ལས་འགུལ་གཞི་རྒྱ་ཆེ་བ་འདིས་རྔ་བའི་མི་མང་ལ་གདུང་སེམས་ཉམས་བསྐྱེད་གནང་ཡོད་པས་སྔགས་ཤིང་བཀུར་པའི་ཐུགས་རྗེ་ཆེ་ཞུ། མུ་མཐུད་དུ་འཛམ་གླིང་ཤར་ནུབ་ཀུན་གྱི་བོད་རིགས་ཡོངས་ནས་ལས་འགུར་འདྲ་མིན་སྤེལ་རོགས་ཞུ།

    Reply
  12. ཐ་ཧྭར་སྐལ་བཟང་། says:
    ལོ་ 15 སྔོན།

    རྔ་བའི་མི་མང་ལ་གདུང་སེམས་ཉམས་བསྐྱེད་ཡོད།

    Reply
  13. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    རླབས་ཆེན་གྱི་ལས་འགུལ་དེར་སྙིང་ནས་བསྟོད་ཅིང་ཐུགས་རྗེ་ཆེ་ཞུ། འཚེ་མེད་ཞི་བའི་ལས་འགུལ་དེ་འདྲ་གན་དྷེ་སོགས་ཀྱིས་ཀྱང་སྤེལ་མྱོང་ཡོད་པ་མ་རེད། དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་ང་ཚོ་ལའང་རང་དབང་གི་ཉི་གཞོན་འཆར་ངེས་ཤིང་། བདེན་པའི་རྒྱལ་ཁ་ལེན་པར་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese