མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མུ་མཐུད་འཛིན་བཟུང་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

 

གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༩ ཡས་མས་སུ་རྒྱ་གཞུང་གི་ཉེན་རྟོག་པས་རང་ལོ་ ༢༨ ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་དང་། གཞན་གྲྭ་པ་བཞི་འཛིན་བཟུང་བྱས་ཡོད་འདུག་ཀྱང་། ད་སྔ་གྲྭ་བ་གཞན་དག་གི་མིང་དང་ལོ་ཚོས་སོགས་གསལ་བོ་ཤེས་རྟོགས་ཐུབ་མི་འདུག གང་དུ་ཁྱེར་ཡོད་མེད་སོགས་ཀྱང་ཤེས་མི་འདུག དེ་མིན་ཉིན་ཤས་སྔོན་ལ་རྔ་པ་རྫོང་གཅའ་ཞང་ནག་ཚང་མ་སྡེ་བའི་རྣམ་མཁྱེན་ཚང་གི་ཚེ་རིང་དགྲ་འདུལ་དེ་སྔོན་དཔའ་བོ་ཕུན་ཚོགས་ཀྱི་མེ་ཡིས་ཚིག་པའི་སྐུ་ཕུང་དགོན་པའི་ནང་འཁྱེར་མཁན་གྱི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཕྱི་ཚེས་ ༢༡ གི་མཚན་མོ་དགེ་འདུན་པ་ ༣༠༠ ལྷག་བཙན་ཁྲིད་བྱེད་སྐབས་དགོན་པའི་འདུ་ཁང་ནང་ལ་གྲྭ་པ་སྦས་སྐུང་བྱས་ཡོད་ཚུལ་བརྗོད་དེ་སྒོ་ཆེན་གཏོར་ཡོད་འདུག་ལ། སྒོ་ལ་ཟ་བརྒྱབ་ཡོད་པའི་གྲྭ་ཤག་ཚང་མའི་སྒོ་ཟ་ཡང་གཏོར་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་ནས་དགེ་འདུན་པ་རྣམས་རྒྱལ་གཅེས་ཆོས་གཅེས་སློབ་གསོ་ཟེར་བའི་ལས་འགུལ་ནང་མཉམ་ཞུགས་གནང་གི་མེད་པ་དང་། རྒྱ་གཞུང་གིས་ཕྱི་ལ་ཁྱབ་བསྒྲགས་བྱེད་རྒྱུར་ཆེད་དུ་དམིགས་ཏེ། དགེ་འདུན་པ་རྣམས་དམ་དྲག་བཀག་སྡོམ་ཡོད་མུས་ལ་མི་གྲོངས་པ་ཁག་དགོན་པའི་ནང་དུ་སླེབས་ན་སྨོན་ལམ་གསུང་དགོས་པའི་བཀའ་བཏང་ཡོད་ཀྱང་། དགེ་འདུན་པ་རྣམས་ཚོགས་ལ་ཡོང་གི་མེད་པ་དང་། ཕྱི་ཚེས་ ༢༧ ཉིན་ནས་རྒྱ་གཞུང་གིས་བཤད་དོན་དགོན་པའི་ནང་མི་ཤི་བའི་ཕུང་པོ་སླེབས་སྐབས་ཚོགས་མ་འཚོགས་ན་དགོན་པ་རྩ་མེད་བཟོ་རྒྱུ་ཡིན་ཟེར་ནས་སྡུག་ར་སྐུལ་འདུག་ལ། གནད་དོན་དེར་དཀའ་རམས་པ་འཛིན་གྲྭ་རྣམས་ཀྱིས་གྲོས་བསྡུར་བྱས་ཏེ་དེ་ལྟར་འཚོགས་རྒྱུ་བྱས་མོད། གྲྭ་གཞོན་རྣམས་ཀྱིས་དེ་ལ་ངོས་ལེན་བྱེད་ཀྱིན་མེད་འདུག དེ་ནི་རྒྱ་གཞུང་གིས་ཕྱི་ལ་རྣམ་འགྱུར་ཡག་པོ་སྟོན་པའི་ཆབ་སྲིད་ཀྱི་ལག་ཆ་ཁོ་ནར་བེད་སྤྱོད་བྱེད་ཀྱིན་ཡོད་པ་ཞིག་ཡིན་འདུག

དེ་སྔོན་ཕྱི་ཚེས་ ༢༡ ཉིན་འཛིན་བཟུང་བྱས་པའི་གྲྭ་པ་རྫོང་ཁག་གཞན་ནས་ཡིན་པ་རྣམས་ཀྱི་ནང་མི་ཉེ་འབྲེལ་སོགས་རྔ་པ་རྫོང་ལ་ཁ་མཆུ་རྒྱག་ཏུ་ཡོང་ཡོད་འདུག་ལ། ཕྱི་ཚེས་ ༢༩ ཉིན་གཅིག་སྒྲིལ་རྫོང་ཁང་སར་མའི་སྡེ་མི་རླངས་འཁོར་ཆུང་བ་ཉི་ཤུ་ཡས་མས་རྔ་པ་རྫོང་ལ་ཡོང་ཡོད་མོད། རྔ་པའི་དམག་མི་རླངས་འཁོར་ཆེ་བ་ ༡༠ མདུན་དུ་སོང་སྟེ་བཀག་པ་དང་། གཅིག་སྒྲིལ་རྫོང་གི་ཉེན་རྟོག་པར་རྩིས་སྤྲད་དེ་རྔ་པ་རྫོང་སྲིད་གཞུང་དང་བར་ཐག་སྤྱི་ལེ་ ༥ ཙམ་གྱི་ས་ནས་ཁ་ཕྱིར་བསྐོར་ཡོད་འདུག་པས་རྔ་པ་རྫོང་ལ་ཁ་མཆུ་རྒྱག་ཐུབ་ཡོད་མི་འདུག སྐབས་དེར་ཁོང་ཚོས་ཉེས་མེད་མང་པོ་ཞིག་འདི་ལྟར་འཛིན་དགོས་པའི་རྒྱུ་མཚན་གསལ་བཤད་དགོས་ལ། དེ་ལྟར་མེད་པ་ཡིན་ན། ད་ལྟ་རང་ཀློད་གྲོལ་གཏོང་དགོས་ལུགས་བརྗོད་ཡོད་འདུག

 

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༤ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 4

  1. donglokyima says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མི་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རྒྱ་དམར་ལ་ཁ་གཏད་གཅོག་དགོས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ང་ནི། ཐབས་ལམ་གཉིས་སྨན་ལམ་ལ་འགྲོ་མཁན་ཅིག་ཡིན་ན་ཡང་། རྒྱ་རིགས་དང་བོད་རིགས་ལས་བྱེད་འགས། ངའི་དབུས་ལམ་གྱི་བཟོད་བསྲན་དེ་ཡང་རྩ་གཏོར་གཏོང་ཉན་འདུག་གོ །
    ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་འགྱུར་ཅིག །

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    རྒྱ་རྒན་ཚང་གི་འཆི་ཁའི་འཕག་འཚག་ལྟ་བུར་མཐོང་མོད།
    ང་ཚོ་ལ་ལས་འགན་ཞིག་ཡོད་པ་ནི་བོད་ཕྱི་ནང་གཉིས་ཀྱི་ཆིག་སྒྲིལ་དང་།བོད་ཕྱི་ནང་གཉིས་ཀྱི་འགུལ་བསྐྱོད་དགོས་པ་དེ་རེད།
    སྤུན་ཟླ་ཚོ།ཆིག་བསྒྲིལ་བྱོས།དཔའ་རྟགས་ངོམ་པའི་དུས་ཚོད་ལ་སླེབས་ཡོད།འདི་ནི་ངེད་ཀྱིས་དམར་འཛིངས་བྱེད་དགོས་པའི་སྐུལ་མ་མིན་མོད།བོད་མི་མི་རེ་ངོ་རེ་ནས་རང་འགན་གྱིས་ཁྱོག་པས་མི་རིགས་ཀྱི་འགན་འཁྲི་དེ་བསྒྲུབ་དགོས་ཀྱིན་འདུག་་
    ལྟོ་རྒྱབ་འགྲིག་ཐབས་ཙམ་ནི་རྣམ་དཔྱོད་ཅན་གྱི་འགྲོ་བ་མི་ཙམ་མ་ཟད་རིགས་དྲུག་སེམས་ཅན་ཐུན་མོང་གིས་བསྒྲུབ་བྱ་ཞིག་ཡིན་པས་དེ་ནི་ཡ་མཚར་བ་གང་ཡང་མ་རེེད།
    འགྲོ་བ་མི་ཞིག་ཡིན་ན་རང་དབང་གི་ལ་རྒྱ་དང་།བདེན་སྟོབས་ཀྱི་ལ་རྒྱ།འགྲོ་བ་མི་ཡིན་པས་ལ་རྒྱ་ཞིག་ངེས་པར་དགོས་པས།
    ལོ་ངོ་ལྔ་བཅུའི་རིང་གི་ཁྲག་དང་མིག་ཆུའི་གཉའ་གནོན་ནི་དེ་རིང་གི་འུ་ཚོར་བཞག་པའི་ལོ་རྒྱུས་ཀྱི་ཁ་ཆེམས་ཡིན།

    Reply
  4. གངས་ཆབ། says:
    ལོ་ 15 སྔོན།

    རྒྱ་ནག་དམར་པོའི་གཞུང་གིས་བོད་མི་རིགས་ལ་འཛིན་པའི་སྲིད་ཇུས་དང་།བྱེད་སྟངས་འདི་ལས་མེད་པ་ཞིག་ཡིན་ན།ང་ཚོའི་བོད་གཞུང་མང་གཉིས་ཀྱི་ངེས་པར་དུ་ད་ལྟའི་ལམ་དབུལ་མ་འདིར་འགྱུར་བ་ཞིག་གཏང་གནང་ནས་མིང་དོན་མཚུངས་པའི་རང་བཙན་རྩོད་ལེན་བྱ་དགོས་པ་ཞིག་མཐོང་ཡོང་གིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese