མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐུ་ཚབ་དོན་གཅོད་གསར་པ།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་༤ ཚེས་༢༩ ཉིན་སྤྱི་ནོར་༧གོང་ས་མཆོག་ལ་འཆར་འབུལ་ཕྱག་རྟགས་ཞུས་པ་ལྟར། ཧྥ་རན་སིར་གནས་བཞུགས་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ཡུ་རོབ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ་དང་། ཁོང་གིས་ཕྱི་ཟླ་ ༦ ཚེས་ ༡ ནས་དོན་གཅོད་ལས་འཁུར་མགོ་འཛུགས་གནང་རྒྱུ་ཡིན་འདུག

 

སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༧༡ ལོར་མདོ་སྨད་རྒྱལ་རོང་ཁྲོ་ཆུར་སྐྱེས་ཤིང་། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་དུ་འབྱོར་རྗེས་སྔ་ཕྱིར་སྦིར་སུ་ཇ་སློབ་གྲྭ་དང་ཝ་ར་ནྰ་སི་མཐོ་སློབ་དུ་ཟུར་ཞུགས་གནང་ཡོད་ཅིང་། ཕྱི་ལོ་ ༡༩༩༨ ལོར་སྒེར་ངོས་ནས་ཧྥ་རན་སིར་སློབ་སྦྱོང་དུ་ཕེབས་ཏེ་གཞི་རིམ་འཛིན་རིམ་བཅུ་གཉིས་ཐོན་ཡོད་པ་དང་། ཕ་རི་སིའི་སོར་བྷོན་གཙུག་ལག་སློབ་གཉེར་ཁང་ ( Sorbonne Université Paris ) དུ་ལོ་བཞིའི་རིང་ཁྲིམས་ཀྱི་སློབ་སྦྱོང་གནང་ཡོད། ཕྱི་ལོ་༢༠༠༣ ལོར་ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོར་བདམས་ཐོན་བྱུང་བ་བཞིན་ད་བར་སྐབས་བཞིའི་རིང་གི་ཚོགས་གཙོའི་ལས་འཁུར་གནང་ཞིང་། ཕྱི་ལོ་ ༢༠༡༠ ལོར་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་གྱི་ཚོགས་འདུའི་ཚོགས་གཙོའི་ལས་འཁུར་ཡང་གནང་ཡོད་འདུག ཕྱི་ལོ་༢༠༠༩ ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ Charter of the United Nations བོད་བསྒྱུར་གྱིས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་མཉམ་ལས་ཁང་གིས་དཔར་སྐྲུན་བྱས་ཡོད།  

 

ཕྱི་ལོ་༢༠༠༩ ལོར་བཀའ་ཤག་གིས་ཧྥ་རན་སི་སྐུ་ཚབ་དོན་གཅོད་ཁང་དང་བྷེལ་འཇམ་སྐུ་ཚབ་དོན་གཅོད་ཁང་གཉིས་ཟླ་སྒྲིལ་གྱི་ཡུ་རོབ་སྐུ་ཚབ་དོན་གཅོད་ཁང་དུ་བསྒྱུར་ཡོད་འདུག

 

ཧྥ་རན་སིའི་འདི་གའི་གསར་འགོད་པ་ཟླ་བ་ཚེ་རིང་ལགས་ཀྱིས་བཏང་འབྱོར་བྱུང་།

མཆན། 8

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    རྒན་ཐུབ་བསྟན་ལགས་ནི་རང་གཤིས་བརྟན་ལ་གནད་སར་འཇུ་མཁན། འགག་སར་མི་གློད་མཁན་གྱི་ཕོ་ཁྱོ་ག་ཞིག་ཏུ་ཚོར་ཡོད། ཡུལ་ཡོ་རོབ་ཏུ་བོད་རིགས་ཤེས་ལྡན་པ་ཚོས་སྐུ་ཞབས་ཁོང་ལ་ཡིད་སྨོན་དང་བརྩི་འཇོག་བྱེད་ཀྱི་ཡོད་པ་ལྟར་ད་ཐེངས་བསྐོ་བཞག་བྱས་པ་དོན་ལ་གནས་འདུག་པས། སྐུ་ཞབས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    ཞོར་དུ་རེ་ཤོས་ཀྱིས་ཀླན་ཀ་འཚོལ་བཞིན་འདུག་པས་བསྒྱུར་བཅོས་འགྲོ་ལ་ཉེ་བའི་བཅའ་ཁྲིམས་སོགས་སུ་གཟིགས་རོགས། ཡང་རེ་འགས་ཤེས་བྱའི་ནང་ཁོག་ལ་སྡོམ་རྒྱག་ཁུལ་བྱས་འདུག དེ་ནི་བཤད་མཁན་རང་ཉིད་ཅིག་ཡིན་མདོག་གི་བརྡ་རྟགས་ཤིག་ཏུ་བསམ་གྱི་ལོས་ཡོད་མོད། སུས་སུ་ལ་འགྲིག་འདུག་ལབ་ན་འོས་མིན་ཡུལ་འཛམ་གླིང་ལ་གསལ་བོ་ཆགས་འདུག དེ་ཙམ་ཡིན།

    ཡང་བསྐྱར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    Reply
  2. སྣང་གསལ། says:
    ལོ་ 11 སྔོན།

    སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་བྷོ་རོའུ་སེལ་དོན་གསར་དུ་འཕེབས་པར་
    འཚམས་དྲིན་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་་་་མཛད་པ་ཡར་ངོའི་
    ཟླ་འཕེལ་བར་སྨོན།།

    Reply
  3. ནམ་མཁའ་བསྟན་འཛིན། says:
    ལོ་ 11 སྔོན།

    བཀའ་ཤག་གསར་རྙིང་རྗེས་གྲབས་ཡོད་པའི་སྐབས་འདིར་གློ་བུར་དུ་གྲགས་འགུལ་ཞིག དོན་དངོས་སུ་སྔོན་འགྲོའི་བཀའ་ཁྲིའི་འོས་གཞི་མ་སོང་སྔོན་ནས་ཡོ་རོབ་དོན་དཅོད་བསྐོ་དགོས་བ་མིན་ནམ། འདི་ཡང་སྒྱུ་འཕྲུལ་ཞིག་མིན་པར་སྨོན།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 11 སྔོན།

    ཤེས་འཇོན་གཉིས་ལྡན་གྱི་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ཡུ་རོབ་སྐུ་ཚབ་དོད་གཅོད་དུ་བསྐོ་བཞག་གནང་པར་དགའ་སྤྲོ་དང་ཁོང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཞུ་ཞུ།

    Reply
  5. ཀླུ་མཁར་བྱམས། says:
    ལོ་ 11 སྔོན།

    སྐུ་ངོ་འདིའང་དབུ་མ་ཁ་ཞིག་ཡིན་མ་གཏོག རྩ་བའི་སློབ་སྦྱོང་དང་། ཉམས་མྱོང་གང་ཐད་ནས་འགྲུག་བསྡད་ཡོད། བཀྲིས་བདེ་ལེགས༌ཡོད་དཱ་་་

    Reply
  6. གསལ་ལེ་རྒྱལ། says:
    ལོ་ 11 སྔོན།

    སྐུ་ངོ་དོན་གཅོད་ལགས་ལ་བཀྲིས་བདེ་ལེགས་ཡོད།
    ཁོ་རང་ང་དང་རྒྱུས་མངའ་ཅན་གྱི་མི་ཞིག་ཡིན། ཁ་དེ་ཙམ་བདེ་རྒྱུ་མེད་ནའང་སེམས་ཤུགས་ཆེ་ལ་དུས་ཚོད་ཀྱི་འགྲོ་སོང་གཏོང་ཐུབ་པའི་གཞན་དོན་པ་ཞིག་ཡིན། ཧྥ་རན་སིའི་བོད་རིགས་ཚོགས་པ་ལ་ཁོས་རང་གི་དུས་ཚོད་ཆ་ཚང་བཏང་ནས་འབད་པ་བྱས་ཡོད། མི་ཞིག་ཡིན་པའི་ཆ་ནས་བཟང་བཤད་དང་ངན་བཤད་གཉིས་ཀ་ཡོད་ནའང་། ངན་བཤད་ལས་བཟང་བཤད་མང་བའི་མི་ཞིག་ཡིན། ཁོང་གི་ཁ་དང་ཀླད་པ་གཉིས་ཀའི་འཁོར་རྒྱུག་དེ་ཙམ་མགྱོགས་རྒྱུ་མེད་ནའང་ལྷག་བསམ་གཙང་མ་ཞིག་གིས་ནམ་ཡང་ལྷོད་ཀྱིན་མེད་པ་གསལ་བོ་ཡིན། ངེད་གཉིས་དེ་ཙམ་འཆམ་པོ་མེད་མོད་དེ་ནི་ངའི་ཁ་འདུག་མི་ཐུབ་པ་དང་ཁོང་ལ་ཀུ་རེ་དེ་ཙམ་མི་འགྲོ་བས་ཡིན། རྗེས་མར་སུས་ཀྱང་ཁོང་ལ་ཀུ་རེ་མ་བཤད་ཨ། ད་མང་བོ་མི་བཤད།

    Reply
  7. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 11 སྔོན།

    སྐུ་ཞབས་ཏུབ་བསྟན་རྒྱ་མཚོ་མཆོག་ཡུ་རུབ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་སོང་བར་འཚམ་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་མ་ཟད། ལས་དོན་མཐའ་དག་ཆོས་བཞིན་འགྲུབ་པའི་སྨོན་འདུན་སུགས་དྲག་བཅས།

    Reply
  8. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 11 སྔོན།

    གྲོགས་ཐུབ་བསྟན་རྒྱ་མཚོ་ལགས་ལ་འཚམ་འདྲི་བཀྲིས་བདེ་ལེགས་ཞུ། སྐུ་ཉིད་ཀྱིས་ཡུ་རུབ་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་པ་ནས་ལས་དོན་མཐའ་དག་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཡོད།

    Reply

Leave a Reply to ཤར་ཕྱོགས་ཁུག་རྟ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist