མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་འདུས་དགོན་གྲོང་གི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཨ་མདོ་རྔ་པ་ཁུལ་ཨ་འདུས་ཡུལ་ཚོའི་དགེ་འདུན་པ་ཞིག་འདི་གའི་གསར་ཁང་ལ་ཆེད་དུ་བཅར་ཏེ། ཉེ་ལམ་རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་གྲོང་གཉིས་སུ་དམ་དྲག་བྱེད་མགོ་བཙུགས་པ་དང་བསྟུན་ཏེ། ཨ་འདུས་ས་ཁུལ་དུའང་དོན་རྐྱེན་མང་པོ་ཞིག་བྱུང་གི་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱས་སོང་།

ཁོང་གིས་བརྗོད་པ་ལྟར་ན། ཉེ་ལམ་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་རྗེས། ཨ་འདུས་མཐའ་བའི་ཚེ་རིང་བཀྲ་ཤིས་ཞུ་བ་ཞིག་དང་དོན་པོ་ཞུ་བ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་ལ། རྗེས་སུ་དོན་པོ་ཨ་འདུས་དགོན་པས་རྒྱ་ལག་ནས་ཚུར་ལེན་ཐབས་བྱས་ཡོད་ཀྱང་། ཚེ་རིང་བཀྲ་ཤིས་ཞུ་བ་ཁོང་དུས་དེ་ནས་བཟུང་ད་ལྟའི་བར་གར་སོང་ཅི་ཆགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པ་ཆགས་ཡོད་འདུག ཁོང་གཉིས་ཉེ་ལམ་རྔ་པ་ཀིརྟི་དགོན་གྲོང་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཡར་ལངས་བྱེད་མཁན་གྲས་ཡིན་འདུག་ལ། ཚེ་རིང་བཀྲ་ཤིས་ཞུ་བ་ཁོང་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་ནང་དུའང་ཞུགས་ཡོད་པ་མ་ཟད། སྐབས་དེར་རྒྱ་གཞུང་གིས་བརྙན་འཕྲིན་ནང་བླངས་ཡོད་པ་ཞིག་ཡིན་འདུག

ཨ་འདུས་དགོན་དང་རྔ་པ་རྫོང་གཉིས་བར་མཛོག་ཆུ་ཟེར་བ་ཞིག་ཡོད་པ་དེའི་ཟམ་པའི་སྟེང་རྒྱ་དམག་གིས་བརྟན་སྲུང་བྱས་ཏེ། ད་ཆར་ཨ་འདུས་དགོན་གོང་འགབ་གཉིས་ཀྱི་དགེ་འདུན་པ་རྣམས་རྔ་པ་རྫོང་ཐོག་ཏུ་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད་འདུག

ཁོང་གིས་གནས་ཚུལ་གཞན་ཞིག་ངོ་སྤྲོད་བྱས་པའི་ནང་། ཉེ་ལམ་བོད་པའི་ལོ་གསར་རྗེས་སུ་ཁོང་ཅག་གི་ས་གནས་དེར་བོད་ཀྱི་སྐད་ཡིག་དག་ཐེར་འགྲན་བསྡུར་གྱི་བགྲོ་གླེང་ཚོགས་འདུ་ཆེན་པོ་ཞིག་ཚོགས་ཡོད་པ་དང་། སྐབས་དེའི་ཐོག་མའི་འཆར་གཞི་ལྟར་ན། སྐད་ཡིག་ཚོགས་འདུ་དེར་མདོ་སྨད་ཀྱི་ས་ཁུལ་ཡོངས་ནས་ཚོགས་ཞུགས་པ་བསྡུ་རྒྱུའི་གོ་སྒྲིག་ཡོད་ཀྱང་། རྗེས་སུ་ལེགས་འགྲུབ་མ་བྱུང་བར་རྔ་པ་ཁུལ་འོག་གི་རྫོང་ཁག་ ༡༣ གྱི་ཚོགས་ཞུགས་འཐུས་མི་ ༣༠༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག བྱ་འགུལ་དེ་ནི་ཆབ་སྲིད་དང་འབྲེལ་བ་མེད་པའི་མི་རིགས་ཀྱི་སྐད་ཡིག་གི་གནས་ཚུལ་ཞིག་ཆགས་ཡོད་སྟབས། སྐབས་དེར་རྒྱ་གཞུང་གིས་ཐད་ཀར་བཀག་འགོག་བྱ་ཐུབ་མེད་ཀྱང་། བགྲོ་གླེང་མཇུག་བསྒྲིལ་རྗེས་རྒྱ་གཞུང་གིས་ཤཱེ་བ་རུ་ཆེན་གྱི་རུ་དཔོན་པུའུ་ལོ་དང་ཕུར་ཆུང་རྣམ་གཉིས་མང་ཚོགས་ལ་དོན་དམ་ཡག་པོ་མེད་པའི་ཉེས་མིང་འོག་ལས་གནས་ལས་གནས་དབྱུང་བཏང་ཡོད་འདུག

དེ་མིན། ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་གཞུང་གིས་བོད་པའི་ཐོག་དྲག་གནོན་བྱེད་སྐབས། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཅིག་ཐོག ཨ་འདུས་གྲོང་པའི་སྐལ་འཚམ་ཞུ་བའི་རྒན་པོ་ཞིག་གིས་རྒྱ་ནག་དམར་གཞུང་ལ་བསྟོད་སྔགས་དང་། བོད་པ་ཚོའི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་ཡོད་སྟབས། ཉེ་ལམ་ས་གནས་བོད་མི་འགའ་ཞིག་གིས་ཁོང་ལ་ཉེས་རྡུང་གང་འཚམ་བཏང་ཡོད་འདུག་ལ། ད་ཆར་ས་གནས་དེ་གའི་དགོན་གྲོང་གཉིས་ནས་ཁོང་ལ་བདག་པོ་གང་ཡང་མ་བརྒྱབ་པར་སྣང་མེད་དུ་བཞག་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 7

  1. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    བཀུར་འོས་དྲ་གྲོགས་ཅང་མེད་ལགས།
    བཀའ་དྲིན་ཆེ། བུ་མོ་ངས་ཀྱང་དེ་ལྟར་ཡིན་པའི་ངོས་འཛིན་ཡོད་མ་གཏོགས་པའི་བྱེ་བྲག་པ་ཞིག་གི་གནས་ཚུལ་མིན་པར་སྔར་ནས་ཤེས་ཡོད།

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ༼༼ཉེ་ལམ་ས་གནས་བོད་མི་འགའ་ཞིག་གིས་ཁོང་ལ་ཉེས་རྡུང་གང་འཚམ་བཏང་ཡོད་འདུག་ལ། ད་ཆར་ས་གནས་དེ་གའི་དགོན་གྲོང་གཉིས་ནས་ཁོང་ལ་བདག་པོ་གང་ཡང་མ་བརྒྱབ་པར་སྣང་མེད་དུ་བཞག་ཡོད་འདུག༽༽ འདི་ནི་ནོར་འཁྲུལ་གྱི་བྱ་བ་ཞིག་རེད། གང་ལགས་ཟེར་ན་རྒན་པོ་དེ་ལ་རང་རིགས་ཀྱི་ད་ལྟའི་གནས་བབས་ངོ་སྤྲོད་ཀྱིས་ཤེས་རྟོགས་བྱེད་དུ་འཇུག་དགོས། དེ་ནས་བློ་འགུག་གིས་གྲོགས་སུ་བསྒྱུར་དགོས་པ་ལས་དགྲ་རུ་བརྩི་མི་རུང་།

    Reply
  3. ཅང་མེད། says:
    ལོ་ 15 སྔོན།

    བུ་མོ་ཚེ་སྐྱིད་ལགས། ཁྱེད་པུའི་སྡུག་མ་ཡིན་པ་བོད་པ་ཚང་ཀི་སྡུག་རེད།
    ཨ་འདུས་དགོན་གྲོང་གཉིས་བོད་མི་ཡིན་ནམ།
    མིན་ན་གནས་ཚུལ་ལོག་ཁ་རེད། བོད་རིགས་ཡིན་ན་ང་ཚོ་ཚང་མའི་ནུས་པ་མཉམ་དུ་་འདོན།

    Reply
  4. མངའ་རིས་བུ། says:
    ལོ་ 15 སྔོན།

    རྔ་བ་ཚེ་སྐྱིད་ལགས་སྔར་སྲོང་བཙན་སྒམ་པོ་རྒྱ་མོས་བསླུས་པ་རེད།
    ད་ཆ་བོད་མོས་རྒྱ་རྒན་དེ་རིགས་བསླུ་ཐུབ་པ་ཐུག་གམ།
    ང་ཚོས་དམག་རྒྱབ་ནས་ཐུབ་ཀྱི་མ་རེད།
    ད་མགོ་སྐོར་གཡོ་འཕྲུལ་བསླུ་བྲིད་ཀྱིས་རང་དབང་ཐོབ་ཐབས་ཤིག་གནང་ན་ལེགས།
    བོད་མོ་ཚོར་རྣམ་པ་ཡོད་ན་རྣམ་པ་ཡོད་པའི་ལས་དོན་ཤིག་བྱེད་རོགས།

    Reply
  5. GYAMTSO says:
    ལོ་ 15 སྔོན།

    བོད་ཆོལ་གསུམ་ཡོངས་ནས་ཞི་བའི་ཡར་ལང་ཆེན་པོ་ཞིག་གནང་ན་ཏན་ཏན་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་ནས་གྲུབ་འབྲས་ཤིག་ཡོང་ཐག་ཆོད་རེད།་་ དེ་མིན་ས་གནས་རེ་ཟུང་གི་ལས་འགུལ་གྱི་ནུས་པ་ཐོན་ཁག་པོ་རེད།་

    Reply
  6. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    ད་ཡིན་ན། བུ་མོ་ངའི་ཕ་ཡུལ་དགོན་ཁག་དང་མི་མང་ཚང་ཚར་འགྲོ་གི་ཡ། ད་ཡིན་ན། རྒྱ་གཞུང་གིས་རང་ཚོད་བཟུང་ན་རེད། ད་ཡིན་ན། ཨུ་ཐུག་ཐབས་ཟད་ལ་བསྐྱལ་གྱིན་འདུག་ཡ། ད་ཡིན་ན། ང་ཚོའི་མཐུན་སྒྲིལ་གྱི་ངར་ཤུགས་ཆེ་དགོས་ཀི་ཡ། ད་ཡིན་ན། འཐབ་རྩོད་ཀྱི་གསལ་བོ་ཞིག་དགོས་ཀི་ཡ། ད་ཡིན་ན། རིགས་ཀྱི་སྤུན་ཟླ་རྣམ་པའི་ནུས་ཤུགས་ཆེན་པོ་ཞིག་འདོན་རན་རེད་ཡ། ཨོ་རེད་ལགས། ད་ལྟའི་བུ་མོ་ངའི་ཕ་ཡུལ་གྱི་དགོན་གྲོང་ལ་དཀའ་ངལ་རབ་དང་རིམ་པ་མང་པོ་མང་པོ་ཞིག་བྱུང་བའི་སྐབས་སུ། རིགས་ཀྱི་སྤུན་ཟླ་རྣམ་པའི་ནུས་ཤུགས་གཅིག་ཏུ་བསྒྲིལ་བ་ལོ་རྒྱུས་ཀྱིས་བརྗེད་སྲིད་ཀི་མ་རེད་ལ། ད་རུང་། སྐྱིད་སྡུག་མཉམ་མྱོང་གིས་དེ་བས་ཀྱང་བསྐྱུད་ཐུབ་ཀྱི་མ་རེད།

    Reply
  7. རྩོམ་སྒྲིག་པ། says:
    ལོ་ 15 སྔོན།

    གོང་གསལ་གནས་ཚུལ་དེའི་སྐོར་ལ་ཞིབ་ཏུ་རྒྱུས་ལོན་ཞུ་འདོད་ཡོད་རིགས་ཚོས་ཁ་པར་ཨང་གྲངས་ ( ༩༨༨༢༢༢༤༢༩༢ ) འདི་ལ་འབྲེལ་བ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese