མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁྲིམས་གཅོད་ཀྱི་བརྡ་ཡིག་འབྱོར་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

འབར་ཁམས་མི་མང་ཁྲིམས་ཁང་གིས་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་སུ་ཁྲིམས་ཐག་གཅོད་རྒྱུའི་བརྡ་ཡིག་ཅིག་འབྱོར་ཡོད་འདུག    

དེ་རིང་བོད་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ལོའི་སྤྱི་ཟླ་ ༥ པའི་ཚེས་ ༢༤ ཉིན་རྔ་པ་སྒོ་མང་གྲྭ་ཚང་དུ་སློབ་གཉེར་བྱེད་ཀྱིན་པའི་གཞོན་སྐྱེས་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་འཛིན་བཟུང་བྱས་ཏེ། དུས་ཡུན་གང་འཚམ་རིང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་མེད་ཀྱང་། ཕྱིས་སུ་ནང་མིས་ཁོང་འབར་ཁམས་ཀྱི་ཁྲིམས་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་དང་། ཁོང་དང་མཉམ་དུ་གྲྭ་བ་གཞན་ཞིག་ཀྱང་ཡོད་པ་ཤེས་རྟོགས་བྱུང་སྟེ་བལྟ་རུ་ཕྱིན་སྐབས། ས་གནས་ཉེན་རྟོག་པས་ཐུག་འཕྲད་བྱེད་དུ་བཅུག་མེད།

ཉེ་ཆར་བདུན་ཕྲག་གཅིག་གི་སྔོན་ཙམ་ལ་འབྲེལ་ཡོད་འབར་ཁམས་ཁྲིམས་ཁང་གིས་ཁོང་གི་ནང་མིར་ཡི་གེ་ཞིག་སྤྲད་ཡོད་པའི་ནང་། ནང་མི་གཉེན་འབྲེལ་ཡོད་པ་ཡིན་ན་ཟླ་གཅིག་ལྷག་གི་སྔོན་དུ་འབར་ཁྲིམས་ཁང་དུ་ཐོན་དགོས་པ་དང་། ཉིན་ ༢༠ ནང་ཚུད་དུ་འབྲོག་རུ་ཚུལ་ཁྲིིམས་དང་། གྲྭ་བ་གཞན་དེ་གཉིས་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བཀོད་ཡོད་སྟབས། ཁ་སང་ཕྱི་ཚེས་ ༥ ཉིན་ཁོང་གི་ནང་མི་འགའ་མཚོ་ལྷོ་མང་རྭ་རྫོང་ཐོག་དུ་ཕྱིན་ཏེ། འབྲེལ་ཡོད་ལས་ཁུངས་ལ་གནས་ཚུལ་སྙན་སེང་ཞུས་རྗེས་འབར་ཁམས་སུ་འགྲོ་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད་འདུག   

རང་ལོ་ ༢༧ ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་གྲྭ་འབྲོག་རུ་ཚུལ་ཁྲིམས་ལགས་ནི། མཚོ་སྔོན་མང་ར་རྫོང་ཁོངས་ཀྱི་འབྲོག་སྡེ་ཞིག་ནས་སྐྱེས་ཤིང་། ཆུང་དུས་ནས་ནང་ཆོས་ལ་སློབ་གཉེར་བྱས་ཤིང་ཞོར་དུ་རི་མོ་དང་རྩོམ་ཡིག་མང་བོ་བྲིས་ཏེ། མང་ཚོགས་ནང་དགའ་བསུ་ཆེན་པོ་ཐོབ་ཡོད་ན་གཞོན་རྩོམ་པ་པོ་ཞིག་ཡིན་འདུག  ལོ་བཞིའི་སྔོན་ཙམ་ལ་ཁོས་༼དུངས་པའི་དབྱངས་རྟ༽ཞེས་པའི་སྙན་དེབ་ཞིག་བརྩམས་ཡོད་པ་དང་། ༼གསེར་ཐང་གི་མེ་ཏོག༽ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་༼ཁ་བའི་ཞབས་རྗེ། ༽ཞེས་པའི་ཚགས་པར་གྱི་གཙོ་སྒྲིག་པ་སོགས་ཀྱི་འགན་འཁུར་ཡོད་འདུག  ༢༠༠༩ ལོར་རྒྱ་ནག་གཞུང་གིས་ཁོང་ལ་ཀྲུང་ཧྭ་མེས་རྒྱལ་ལ་ངོ་རྒོལ་དང༌། ཏཱ་ལའི་འོས་ལངས་ལ་སྐུལ་སློང་གི་རྩོམ་ཡིག་སྤེལ་པའི་ཉེས་མིང་འོག་ཐེངས་གཅིག་བཀག་ཉར་དང་། ༢༠༡༠ ལོར་ཡང་བསྐྱར་རྔ་པ་སྒོ་མང་གྲྭ་ཚང་གི་རང་ཤག་ནས་འཛིན་བཟུང་བྱས་ཡོད།   

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist