ངས་འདི་ལྟར་ཡུན་རིང་བོར་རང་ལ་ཞིབ་དུ་བལྟས་དུས། རང་གིས་རང་ལ་ཐང་ཆད་པའི་ཚོར་བ་ནི་དུས་རྒྱུན་དུ་ཡོང་གི་འདུག དེ་ནི་རང་ཉིད་ཀྱིས་ཞིབ་དུ་བརྟག་པའི་གྲུབ་འབྲས་ལ། དེ་ནི་གང་ཞིག་ཐོབ་པར་འབད་བརྩོན་བྱས་པ་དེ་མ་ཐོབ་པའི་སྡུག་བསྔལ་དང་། གང་ཞིག་ལག་ནས་ཤོར་ཟིན་པ་དེ་ཡི་ཆེད་དུ་ཡིན་པ་འདྲ་འདུག དེ་ནི་ཚང་མས་འདོད་པ་ཆེ་བའི་བརྩེ་དུང་ཞེས་པའི་ཡིག་འབྲུ་དེ་གཉིས་ཀྱི་རྒྱབ་ལྗོངས་དང་འབྲེལ་འདུག
གཅིག་ནས་རང་ཉིད་ཆེས་དགའ་སའི་བུད་མེད་ཅིག་གི་གཟུགས་གཞི་དེ་ཉིད་སྙིང་གི་ནད་ཚར་གྱུར་ནས། ནད་ཚ་དེ་ཉིད་གསོ་བའི་ལྷ་རྗེ་ཡང་ཁོ་མོ་ལས་གཞན་སུ་ཡང་མེད་དུས་ཀྱི་དུས་ཚོད་ཆེས་སྡུག་ཐུག་དང་ཐབས་སྐྱོ་བོ་ཞིག་གི་ཁྲོད་དུ། ངས་ཁོ་མོ་རང་ཉིད་ལ་ཐོབ་པར་འབད་འབུངས་སྣ་ཚོགས་ཤིག་བྱས་པའི་མཐར་དེ་ཡང་། ང་རང་གི་བརྩེ་དུང་ཟེར་ན་རེད། ང་རང་གི་འདོད་ཞེན་ཟེར་ན་འགྲིག ང་རང་གི་དགའ་བ་ཟེར་ན་རེད། ང་རང་གི་ཧམ་སེམས་ཟེར་ན་རེད། དེ་ཉིད་དང་ལེན་བྱེད་མཁན་གྱི་ཁོ་མོ་ནི། སྐབས་ཤིག་ལ་བཤད་མཚམས་ཤིག་ནས་གློ་བུར་དུ་མེད་པར་གྱུར་བ་རེད།
ཉིན་མོ་དེ་ནི་བདག་གི་ཤ་གསེང་རུས་གསེང་གི་མི་བདེ་བའི་ཚོར་བའི་གཏིང་ཟབ་ས་ཞིག་སླེབས་ཉིན་དང་། ཅི་ནས་ཀྱང་འདོར་དགོས་པའི་ཞེན་ཆགས་དང་། མི་འདོད་ཀྱང་རང་གི་བརྩེ་དུང་གི་འདམ་ག་དེ་བཞག་ནས། རང་ཉིད་ལས་གཞན་པའི་ཤ་རྐང་རུས་གསུམ་ཆུང་ཆུང་ཞིག་གི་མི་ཚེ་ཡི་རམ་འདེགས་ཆེད་རང་ཉིད་བོར་བའི་འགོ་འཛུགས་ན་ཡང་། ཤ་གསེང་རུས་གསེང་ནས་རང་ཉིད་ཀྱི་དགའ་བ་དང་། བརྩེ་དུང་། ཧམ་སེམས། འདོད་ཞེན། རེ་བཞག་བཅས་སེམས་པའི་འཐིག་ས་ནས་ཡལ་མ་ཐུབ་པར་བརྟེན། དེ་རིང་གི་ཉིན་མོ། ལོ་ངོ་བཅུ་བཞི་ཕྱིན་པའི་རྗེས་སུ་ཡང་། ངའི་མིག་ལམ་དང་། ངའི་སེམས་ཁོང་ན། ངའི་ཚོར་བའི་ལྕི་ས་ན། ངའི་སྙིང་གི་དྲོ་ས་ན། ངའི་ཤ་སྐྱི་གང་ལ་ཡང་མ་འབྲེལ་བའི་གླིང་ཁ་ཞིག་ན། ང་འགྲོ་སའི་རྐང་ལམ་དང་གཞུང་ལམ་ཁྲོད་ན། ང་འདུག་སའི་གནས་ཚང་དང་ཁང་ཁྱིམ་ན། ཁོ་མོ་ནི་ནམ་ཡང་ཡལ་དུ་མེད་པའི་གཟུགས་རིས་ཤིག་ལ་འཐིམ་ནས་ཡོད་དུས། ང་ལ་དངོས་ནས་སེམས་ནང་དུ་བདེ་སྐྱིད་ཅེས་པའི་ཡིག་འབྲུ་རྡོག་པོ་དེ་གཉིས་ཤིག་གང་ནས་རྙེད།
དོན་དངོས་སུ། གནམ་འོག་འདི་ནས་བརྩེ་དུང་ཟེར་བ་དང་འདོད་ཞེན་ཟེར་བ། ཧམ་སེམས་ཟེར་བ། ཞེན་ཆགས་ཟེར་བའི་མིང་ཚིག་འདི་དག་ཡོད་པའི་འོག་ནས། ང་རང་འདྲ་བའི་སྐྱེ་བོ་ཆེས་མི་ཉུང་བ་ཞིག་ལ་ཚེ་བཀང་གི་སྡུག་ཡས་ཤིག་བསྐྲུན་པ་ཡིན་ནམ། ཡང་ན། དེ་དག་ཡོད་པས་གནམ་འོག་གི་སྐྱེ་ཕོ་མོ་ཚོ་ལ། རང་ཉིད་ལ་དགའ་སའི་མི་ཟེར་བ་དང་། རང་ཉིད་ཀྱི་བརྩེ་དུང་བཅོལ་ས་ཟེར་བའི་སྙིང་གྲོགས་ཤིག་རེག་པའི་ཡོད་པ་ཡིན། ཕྱོགས་ངོས་གང་ཞིག་ནས་བལྟས་ཀྱང་། ཡག་ཉེས་ཤིག་གླེང་ན། ཐོབ་པར་འདོད་པ་དེ་ནི་ཐོབ་པ་ནི་བདེ་སྐྱིད་དང་བརྩེ་དུང་ཡིན་ལ། ཐོབ་པར་འདོད་པ་དེ་མ་ཐོབ་ན་ད་གཟོད་སྡུག་བསྔལ་དང་སྐྱོ་གདུང་ལས་གཞན་ཅི་ཞིག་ཡོད་པ་རེད། དེ་ཡིན་དུས་ང་ནི་ཕྱི་མ་འདི་ཡི་ཁུངས་སུ་འཚུད་པ་ཡིན་དུས། སྐྱེ་བ་འདི་ནི་སྡུག་བསྔལ་དང་སྐྱོ་གདུང་ལས་གཞན་གང་ཡང་རེག་པ་མེད་པ་དེ་ནི་ཐག་གཅོད་པ་ཞིག་ཆགས་ཡོད།
ངོ་མ་བརྩེ་བ་ཟབ་པོ་འདུག
གཅན་བཟོད་རྒྱམ་ལགས། ཕེབས་ནས་བསམ་ཚུལ་གསུངས་པ་དེར་གུས་མདུད་ཞུ།
རྩོམ་པ་པོ་ཞིག་གི་བརྗོད་བྱར་ཚོད་འཛིན་བྱེད་མི་ནུས། འོས་འཚམ་ཞིག་ཀྱང་མ་རེད་སྙམ། རྩོམ་གྱི་བརྗོད་བྱ་འདི་དང་གན་ཞེས་གཏན་འཁེལ་རང་བཞིན་ཞིག་གང་དུ་ཡོད་དམ། གཏམ་ཚིགས་རིག་པ་ཡིན་ན་གཏན་འཁེལ་ཞིག་དགོས་ངེས་ལ་སྒྱུ་རྩལ་རྩོམ་རིག་གི་བརྗོད་བྱར་ཚོད་འཛིན་ཞིག་མེད་སྙམ།
བཀའ་དྲིན་ཆེ།
རྨོག་རུ་ཚང་མ་ཎི་ཞིག་འདོན་དུ་ཕེབས་པ་དགའ་ཡོད།
སེང་གེ་ལགས་ཀྱི་བསམ་ཚུལ་ལ་གུས་འདུད་ཞུ། ང་རང་གི་ད་ལྟའི་མཛའ་མོ་འདི་ཡི་ངའི་ལོ་རྒྱུས་ཚང་མ་ཤེས་ནས་ང་རང་ལ་ངོ་ཤེས་བྱས་པ་ཡིན། དེ་ཡི་སྐོར་ལ་ཉིད་ནས་སེམས་ཁྲལ་མ་་བྱེད་རོགས། གང་ལྟར། ཉིད་རང་འདིར་ཕེབས་ནས་བསམ་ཚུལ་བཤད་པ་བཀའ་དྲིན་ཆེ་ཞུ།
ཨོྃ་མ་ཎི་པདྨེ་ཧཱུཾ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧཱུཾ།
ཨོ་ངས་བཤད་པ་དག་བློ་ལ་མ་བབས་ན་དགོངས་དག ང་ལ་རྩོད་རྒྱག་འདོད་མེད། ངས་ཁྱོད་ཤེས་ཡོད།
ཁ་དྲོ་རྫུན་མ་བཤད་རྫུན་བཤད་ནས་ཅི་བྱེད། ཁྱོད་ཀྱི་དང་བོའི་དམིགས་ཡུལ་ནས་ཕལ་ཆེར་དེ་རིང་གི་རྩོམ་ཡིག་འདིའི་བར་ངས་ཤེས་པ་རེད། མི་གཞན་ཞིག་ལ་སུན་སྣང་སྤྲད་ནས་ཅི་བྱེད་ལྷག་པར་དུ་ཁྱོད་ངོ་མ་མོ་ལ་དགའ་ན་དེ་སྐོར་མ་གླེང་ན་བཟང་། ད་དུང་ཁྱོད་རང་གི་རྒན་མོའི་བོད་ཡིག་ཤེས་སོང་ན་དཔེ་བསག་ཡོང་།