མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་གཟེངས་རྟཊ།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཙུགས་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག འགྲོ་བ་མིའི་ཐོབ་ཐང་གི་ཆེ་བསྟོད་གཟེངས་རྟགས་ཐོག་མ་དེ་༧གོིང་ས་མཆོག་ལ་ཕུལ་ཡོད།  

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་ལྷོ་ཕྱོགས་ཁ་ལི་ཕོར་ནི་ཡའི་ལོང་བྷི་ཆི་ (Long Beach) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཁ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཙུགས་ཏེ་མི་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། སྐབས་དེར་ས་གནས་འདྲ་མིན་གྱི་སྐུ་ཚབ་དང་ཚོགས་ཞུགས་པ་ཁྱོན་མི་ ༡༠༠༠ ལྷག་འཛོམས་ཡོད་འདུག མཛད་སྒོའི་སྟེང་ཚོགས་པ་དེས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོག་མ་དེ་༧གོང་ས་མཆོག་ལ་ཕུལ་ཡོད་ཅིང་། དེའི་ཐད་ཚོགས་པའི་འགན་འཛིན་གྱིས་བརྗོད་ན། འཛམ་གླིང་མི་མང་གིས་ཉེན་ཁའི་འོག་བདེ་སྐྱིད་ཀྱི་སྤྱི་ཚོགས་ཤིག་ལ་རེ་བ་རྒྱག་བཞིན་པའི་སྐབས་འདིར། ༧ཏཱ་ལའི་བླ་མ་མཆོག་གི་བཟང་པོའི་བསླབ་བྱ་དེ་མིའི་རིགས་ལ་སྔར་ལས་དགོས་མཁོ་ཆེན་པོ་ཆགས་ཡོད་སྟབས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟཊ་ཐོག་མ་དེ། བོད་ཀྱི་༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་ལ་འབུལ་ཐུབ་པ་འདིས་ང་ཚོའི་ཚོགས་པར་ཆེ་མཐོང་ཆེན་པོ་ཐོབ་སོང་། ཞེས་བརྗོད་ཡོད།

གཟེངས་རྟགས་བཞེས་སྐབས་༧གོང་ས་མཆོག་གིས། ངོས་རང་སྒེར་བ་ཞིག་གི་ཐོག་ནས་བརྗོད་ན་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན། གཟེངས་རྟགས་འདི་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཞབས་འདེགས་ཕྲན་བུ་བསྒྲུབས་པ་དེར་ངོས་འཛིན་ཐོབ་པ་ཞིག་རེད། ངོས་ཀྱིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བོད་མི་ས་ཡ་དྲུག་དང་རྒྱ་ནག་མི་མང་ས་ཡ་མང་པོའི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལས་དོན་ནི་གཞན་འཇིགས་པ་ལས་སྐྱོབ་ཀྱི་ཡོད་སྟབས་མི་འཇིགས་པའི་སྦྱིན་པ་ལྟ་བུ་ཆགས་ཀྱི་ཡོད། ཁྱེད་ཚོར་སེམས་ཤུགས་ནམ་ཡང་ཆག་རྒྱུ་ཡོད་པ་མ་རེད། དྲག་པོའི་སྟོབས་ཤུགས་ནི་འཕྲལ་སེལ་ཞིག་ཡིན་པ་དང་། བདེན་པའི་སྟོབས་ཤུགས་ནི་དེ་ལས་ལྡོག་སྟེ་ཡུན་གནས་ཐུབ་པ་ཞིག་ཡིན། ཞེས་གསུངས་འདུག

ཉིན་རྒྱབ་ཁ་ལི་ཕོར་ནི་ཡའི་ཨིར་ཝིན་གཙུག་ལག་སློབ་གྲྭར་ University of Irvine ཆིབས་བསྒྱུར་གྱིས་ཁུལ་དེའི་མང་ཚོགས་ ༥༠༠༠ བརྒལ་བར། ༼བྱམས་བརྩེ་དང་གོ་ལའི་དབུ་ཁྲིད། ༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་སེམས་ཞི་བདེ་ཡོང་ཐབས་སྐོར་ལ། བློར་གོམས་འདྲིས་བསྟེན་ཏེ་སེམས་བབ་ལྷིང་ཡོང་རྒྱུར་འབད་བརྩོན་བྱ་དགོས། བྱམས་བརྩེའི་བློ་བསྐྱེད་པར་སེམས་བག་ཕེབས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན། འཇིགས་སྣང་དང་ཁོང་ཁྲོའི་འོག་སེམས་བག་ཕེབས་པོ་བཟོ་ཐུབ་ཀྱི་མེད། བསམ་བློ་བག་ཕེབས་པ་ཞིག་ཡོང་ཐུབ་མིན་གཙོ་བོ་མི་སྒེར་སོ་སོའི་ནང་གི་བསམ་བློར་གདེང་ཚོད་དང་བློ་སྟོབས་ཆེ་ཆུང་ཅི་ཙམ་ཡོད་མེད་ལ་རག་ལས་ཡོད། ཅེས་གསུངས་ཡོད།

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

མཆན། 4

  1. གངས་སྐྱེས། says:
    ལོ་ 15 སྔོན།

    དངོས་གནས་དགའ་འོས་པ་ཞིག་རེད།

    Reply
  2. གངས་སྐྱེས། says:
    ལོ་ 15 སྔོན།

    བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་འདི་འཛམ་གླིང་གི་ཡུལ་གྲུ་གང་དུ་གནས་ན། གཞི་དེར་ཞི་བདེས་དྲི་བསུང་གིས་ཁྱབ་པ་དང་། རིགས་སོ་སོའི་མི་དག་གིས་ཁོང་ལ་ཕུལ་བའི་གཟེངས་རྟགས་གྲངས་ཀྱིས་མི་ལངས་པ་དེས་ཁོང་བླ་ན་མེད་པ་མཚོན་གྱི་ཡོད།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ཕྱོགས་ཀུན་ཕེབས་ཐེངས་རེ་རེས། ཞི་བདེའི་མེ་ཏོག་བཞད་སོང།
    གཟེངས་རྟགས་བཞེས་ཐེངས་རེ་རེས། དགའ་སྤོབས་ཚད་མེད་སྦྱིན་སོང།

    ཁྱེད་ལ་ཐོབ་པའི་བྱ་དགའ། ཀུན་བཟང་དགེ་བའི་རྟགས་མ།
    མཛད་འཕྲིན་རྣམ་པར་རྒྱས་པའི། སྨོན་ལམ་སྙིང་ནས་འདེབས་སོ།

    Reply
  4. ནད་པ says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་ཆེས་རླབས་ཆེན་གྱི་གྲགས་ཅན་བསམ་བློ་བ་ཆེན་མོ་རྗེ་ཙོང་ཁ་པས། མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་པུས་བྱེ་བའི་བདུད།།མ་ལུས་ཕམ་མཛད་གཡུལ་གྱི་ལས། །ཁྱེད་ལས་གཞན་པ་སུ་ཞིག་ཡོད། །ཅེས་པ་ལྟར་

    རབས་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese