ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་མཚོ་སྔོན་རྨ་ལྷོ་རྩེ་ཁོག་རྫོང་ཧོར་ཞང་དུ། ཁམས་རའི་ཙོང་ཁ་བ་རིག་གནས་གླིང་གི་གོ་སྒྲིག་འོག རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་རྡོ་ལ་བསྐོ་རྒྱུའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། ལས་གཞི་དེ་ནི་རྨ་ལྷོ་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ལྷན་ཁང་དང་རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་། ཧོར་ཞང་མི་དམངས་སྲིད་གཞུང་བཅས་ཀྱིས་ཆོག་མཆན་ཐོབ་པ་ཞིག་ཡིན་འདུག
ཐེངས་འདིར་བཀའ་འགྱུར་ཚར་གཅིག་དང་བསྟན་འགྱུར་ཚར་གཅིག་བཅས་རྡོ་ལ་བརྐོ་འཆར་ཡོད་པ་དང་། ལས་གཞི་འདིར་རྒྱ་སྒོར་ས་ཡ་བདུན་དང་འབུམ་གཅིག་ཁྲི་དྲུག་ ༧༡༦༠༠༠༠ བཏང་སྟེ། རྡོ་རྐོ་སྒྱུ་རྩལ་པ་ ༢༦༤ ཡི་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༩ ནས་དངོས་སུ་མགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༩ ཉིན་ལས་མཇུག་ཡོངས་སུ་བསྒྲིལ་འཆར་ཡོད་འདུག
གནའ་བོའི་དུས་ན་བཀའ་བསྟན་སེམས་ལ་དཔར། སྙིགས་མའི་དུས་ན་བཀའ་བསྟན་རྡོ་ལ་རྐོ བསྟན་དང་འགྲོ་བར་དགེ་ཕན་སྒྲུབ་ཚུལ་ལ། འདི་ལས་ལྷག་པའི་ཐབས་ཚུལ་མེད་དམ་ཅི།
བཤམས་སྟོན་གྱི་ཁྱད་ཆོས་ཡོད་པས་ཡིན་གྱི་རེད་མ་གཏོགས་གཅེས་སེམས་ཡོད་པའི་ཆོག་མཆན་ཞིག་ཡིན་གྱི་མ་རེད། ཡིན་ནའི། དགེ་བ་ཚོགས་བྱང་ལ་བསྔོ་བར་ཕན་ཐོགས་ཡོད་སྲིད་པ་ཞིག་རེད།