མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་གནས་རྨེག་མེད་སྐོར་གླེང་བ།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

རིག་གནས་རྨེག་མེད་བཏང་བྱུང་ཞེས་པ་བྷེན་ལཱ་ཌན་གྱི་འགད་རྫས་ལྟར་མ་གོ་རོགས།

ཤར་ཕྱོགས་ཁུག་རྟ།

ང་ཚོ་བོད་ལ་གཏམ་དཔེ་” དྲན་ས་བཤད་ཀི་འདུག ན་ས་རེག་གི་འདུག” ཟེར་བ་ཞིག་ཡོད། དེ་ནི་ཏག་ཏག་༼ བོད་ཀྱི་རིག་གནས་རྩ་མེད་ལས་བྱུང་བའི་ཆབ་སྲིད་བསམ་བློ ༽ འབྲི་མཁན་རྒྱ་ནག་གཞུང་གི་ལྟོས་བཅས་ལ་ཆེད་དུ་དགོངས་པ་མིན་ནམ་བསམ།

ང་ཚོས་རང་གི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་རྨེག་མེད་བཏང་བྱུང་ཞེས་པ་རྒྱ་གཞུང་རང་གི་ཁེ་ཕན་ཆེད་དུ་གཉེར་བའི་ཡིག་བསྒྱུར་ཁང་ཟེར་བ་དག་དང་། ཆེད་གཉེར་སྒོར་ཟུར་ལྔ་པའི་ཁུངས་མེད་རུ་དཔུང་གི་སྡིངས་ཆ་སྟེ་གཞུང་འབྲེལ་རྫུན་གཏམ་དྲ་རྒྱའམ་ཆ་འཕྲིན་ཅན་ཟེར་བ་དག་མི་འདུག་ཅེས་པར་གོ་བ་བླངས་པ་ནི་དངོས་གནས་དགོད་བྲོ་བ་ཞིག་མིན་ནམ།

ཁྱེད་ཚོས་ཏང་ལ་གཅེས་ཤིང་ཏང་ལ་དགའ་བ་ཟེར་བའི་༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོས་ཀྱང་གནའ་ནས་སྡོམ་ཚིག་གསལ་བོར་བཀོད་པ་ལྟར། ” བོད་ཀྱི་ས་ཁུལ་དུ་འཛུགས་བསྐྲུན་ཟེར་བའི་གཡམ་སྒྲོག་དེ་ཡིས་བོད་ལ་གུང་བྲན་གྱིས་རྐུ་འཕྲོག་བཅོམ་གསུམ་བྱས་པའི་དངོས་པོའི་ཕྱེད་ཀའི་ཕྱེད་ཀའང་ཟིན་མེད་“གསུངས་པ་ནི།  བོད་ཀྱི་རིག་གནས་ཙམ་དུ་མ་ཟད་སྲིད་འབྱོར་གསུམ་ཀ་ཐལ་བའི་རྡུལ་དུ་བརླག་རྩིས་ཀྱི་གུང་བྲན་གྱི་ངོ་གདོང་ངོ་མ་དེ་ཅི་ལ་མིན་ཡང་། རྒྱ་ནག་གཞུང་གིས་ལོ་བཅུ་ཕྲག་ཁ་ཤས་ཀྱི་འདས་དོན་གཏིང་བརྗེད་དུ་སོང་སྟེ། བོད་མི་མང་གི་འདས་མ་ད་གསུམ་གྱི་ཚབ་མཚོན་༧གོང་ས་མཆོག་གིས་རིག་གནས་རྨེག་མེད་བཏང་བྱུང་ཟེར་བའི་རྫུན་གཏམ་བརྗོད་གྱི་འདུག་ཅེས་ཅི་མི་སྙམ་པར་ཨག་སྐད་གནམ་མཁར་རྒྱང་གིན་འདུག

 

ང་ཚོས་བོད་ཀྱི་རིག་གནས་ནི་ནང་དོན་རིག་གནས་སོ་ཞེས་སྨྲས་མེད་ལ། ནང་དོན་རིག་གནས་ཁོ་ནའི་སྟེང་བོད་མིའི་བློ་གྲོས་ཀྱི་མཁས་མཛངས་སྟོན་དགོས་ཞེས་ནམ་ཞར་ཡང་བཤད་མེད། ནང་དོན་རིག་གནས་ནི་གུང་བྲན་གྱིས་ངོས་འཛིན་བྱས་པ་ལྟར་ཆོས་ལུགས་ཙམ་དང་། ཆོས་ལུགས་དེའང་སྤྱི་ཚོགས་ཡར་རྒྱས་ཀྱི་གེགས་རྡོ་ལྟ་བུ། གེགས་རྡོ་དེའང་མིའི་སེམས་ཁམས་ལ་ཁྱབ་པའི་མྱོས་རྫས་སམ་དུག་རྫས་ལྟ་བུ་ཞིག་གཏན་དུ་མ་ཡིན་པས། གུང་བྲན་གྱིས་ནང་དོན་རིག་གནས་ལ་ལྷག་བསམ་བཅངས་པ་ནི་སྤྱང་ཀིས་ལུ་གུ་མ་བསད་འཁྲིས་སུ་ཉར་བ་དང་མཚུངས་བས། དེ་ལ་འཇིག་རྟེན་གྱི་སེམས་ཅན་སུའང་ཡིད་ཆེས་ཡོང་རེ་མེད་པས།  ནང་དོན་རིག་གནས་གཙོ་བོར་གྱུར་བའི་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་དང་། དེང་རབས་རིག་གནས་སོགས་ལ་སློབ་རྒྱུར་བོད་མི་ཚོར་རང་དབང་གི་ཁོར་ཡུག་དང་མཐུན་རྐྱེན་འདང་ངེས་སྤྲོད་དགོས་ཞེས་པ་ཆབ་སྲིད་ཀྱི་བསམ་བློར་གོ་བ་བླངས་པ་ནི།  “རྒྱ་དོགས་པའི་ཕུངས་“པའི་ནད་རོ་བསྐྱར་དུ་ལངས་པ་ཞིག་ཅི་ལ་མིན་ཏེ། དེ་ལྟར་གོ་བ་བླངས་པ་ཡིན་ན་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ཀྱི་འགུལ་སྐྱོད་དང་རང་བཞིན། ཆོས་ཉིད་མཐའ་དག་ཀྱང་ཆབ་སྲིད་ཡིན་སོང་བ་མིན་ནམ། སྐད་ཆ་འདི་ལ་གད་མོ་མི་ཤོར་བའི་བློ་ལྡན་ཞིག་གནམ་འོག་ཏུ་ཡོད་དམ།

 

ད་དུང་ཉེ་ས་ནས་བཤད་ན། སྔ་ལོར་མདོ་སྨད་རེབ་གོང་ནས་བོད་རིགས་ས་ཁུལ་གང་སར་མེ་སྟག་བཞིན་མཆེད་པའི་ ” སྐད་ཡིག་རང་དབང་། མི་རིགས་འདྲ་མཉམ། ” གྱི་དར་ཆ་དེ་ནི་བོད་ཀྱི་རིག་གནས་ལྷག་བསམ་བཅངས་ནས་བྱུང་བ་ཞིག་མིན་པར། ཐ་ན་དམའ་འབྲིང་རིམ་པའི་གཙོ་སྐད་རྒྱ་ཡིག་འཇོག་རྒྱུའི་ལས་དོན་གྱིས་བསླངས་པ་ཡིན་སྟབས། བོད་ཀྱི་སྐད་ཡིག་རྨེག་མེད་ཕྱིན་པའི་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་གཏོང་སྟངས་ནི་དངོས་གནས་རང་། རྒྱ་ནག་གཞུང་གིས་བཤད་པ་ལྟར་ཆབ་སྲིད་ཀྱི་གཡོ་ཇུས་འབའ་ཞིག་མིན་ན་གང་ཡིན་ནམ། ངས་རྩོམ་ཡིག་སྔོན་མ་དག་དུ་བྲིས་པ་ལྟར་བོད་ཀྱི་ནང་དོན་རིག་གནས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་བྱེད་རྒྱུའི་སྔར་ལུགས་ཉམ་དམས་སུ་འགྲོ་བཞིན་པ་ནི། དགོན་པ་མཐའ་དག་འགྲེམས་སྟོན་ཁང་ལྟ་བུར་བསྒྱུར་བཞིན་འདུག་པས་མཚོན་ཐུབ་ལ། ཉིན་ཤས་སྔོན་ནས་བྱུང་བའི་མདོ་སྨད་རྔ་པ་ཀིརྟི་དགོན་ཆེན་ལ་དྲག་གནོན་སྐྱི་གཡའ་བ་བྱེད་བཞིན་པས་ཀྱང་མཚོན་མི་ཐུབ་བམ། སྐབས་དེར་སྐུ་ཞབས་ཕུན་ཚོགས་ཀྱིས་རང་གི་གཅེས་པའི་ལུས་སྲོག་མེ་རུ་སྦར་ཏེ་བོད་ཀྱི་རིག་གནས་རྨེག་མེད་ཀྱིས་མཚོན་པའི་བོད་ཐོག་“རང་དབང་“གི་ཚིག་འདི་འཇའ་བཞིན་ཡལ་ཟིན་པས་གནས་སྟངས་ངོ་སྤྲོད་བྱས་ཡོད། འདི་ལ་རྒྱལ་སྤྱིའི་སྟེང་སེམས་འཚབ་དང་རྒྱ་ནག་གཞུང་ལ་དྲག་གནོན་མཚམས་འཇོག་ཡོང་རྒྱུར་སྐུལ་མ་ལན་མང་བྱས་ཡོད་ཀྱང་། ད་ལྟའི་རྒྱ་ནག་གཞུང་གི་རྣམ་འགྱུར་འདིས་བོད་ལ་ཤ་ཚ་ཡོད་པ་སྟོན་ཐུབ་བམ། ངས་རྫུན་སྒྲིག་བརྟོལ་བའི་བདེན་དོན་འདི་འབྲི་བཞིན་པའི་སྐབས་སུའང་ཁོ་ཚོ་དྲག་གནོན་འོག་ལྷུང་ནས་ཡོད་པ་རེད། དེས་གུང་བྲན་གྱིས་བོད་ཀྱི་རིག་གནས་བྱ་འཕུར་བ་ལྟར་ཡར་རྒྱས་བཏང་ཟིན་པའི་ལོ་རྒྱུས་མཚོན་ཐུབ་བམ། དེས་གུང་བྲན་གྱི་རྫུན་གཏམ་ལུང་པ་གང་གི་དྲི་མ་འགེབས་ཐུབ་བམ།

 

བོད་རིགས་ས་ཁུལ་གཙོས་པའི་མི་རིགས་གཞན་གྱིས་རང་གི་སྐད་ཡིག་གི་ལམ་ནས་རྒྱལ་ཁབ་ཀྱི་ལས་གནས་ཆེ་སར་འཛུལ་ཞུགས་ཆོག་པའི་ཆ་རྐྱེན་བསྐྲུན་མེད་ལ། བོད་སྐད་ཡིག་བོད་རིགས་ས་ཁུལ་ནས་འཁོར་རྒྱུག་ཡངས་མོར་བྱེད་ཆོག་པའི་འགན་ལེན་ཅི་ཡང་གནང་མེད། བོད་རིགས་ས་ཁུལ་ཁག་ཏུ་ད་དུང་ཡིག་རྨོངས་ཀྱིས་ཁེངས་ནས་ཡོད་ལ། ང་སྐྱེས་སའི་གྲོང་གསེབ་རེབ་གོང་བཙན་མོའི་ས་ཆ་ལྟ་བུར་མཚོན་ནའང་། ལོ་རབས་བརྒྱད་བཅུའི་རྗེས་ནས་སློབ་འབྲིང་དུ་བསྐྱོད་མཁན་གྲོང་གསེབ་ཡོངས་ནས་སློབ་མ་གཅིག་གཉིས་ཙམ་ལས་བྱུང་མེད། ལོ་རབས་དགུ་བཅུ་བ་དང་སྟོང་ལོ་གསར་བའི་དེ་རིང་བར་གྲོང་སྡེ་དྲུག་གི་མི་གྲངས་ཁྲི་ ༥ ལྷག་གི་ཁྲོད་སློབ་ཆེན་པ་ ༤ མ་གཏོགས་ཐོན་མི་འདུག  འདི་ནི་བོད་ཀྱི་སློབ་མ་ཚོ་རིག་པ་རྟུལ་དྲག་ནས་མིན་ལ་སློབ་སྦྱོང་གི་འདུན་པ་མེད་པས་ཀྱང་མིན་མོད། རྒྱ་ཡིག་གཙོ་སྐད་ཀྱིས་ཤུགས་ཆེ་དབང་དང་། བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་བའི་དགེ་རྒན་ཚུན་ཆད་ལའང་རྒྱ་ཡིག་གི་གནས་ཚད་ངེས་ཅན་གྱི་ལག་འཁྱེར་དགོས་ཀྱི་ཡོད་པ། སློབ་མ་ཚོའི་སློབ་ཚན་གྱི་ནང་དོན་ཡོངས་རྫོགས་ལ་བོད་ཀྱི་རིག་གནས་ཀྱི་ཞག་རྩི་རྩ་བྲལ་ལ་སོང་། སྐད་ཡིག་ཅེས་པའི་བོད་ཡིག་ཐོག་སློབ་དེབ་ཅིག་ཡོད་ཀྱང་། དེ་ནི་དོན་དངོས་མའོ་ཙེ་ཏུང་གི་གསུང་རྩོམ་བོད་ཡིག་ཐོག་བསླབས་པའི་སྔ་མོའི་དུས་ངན་ཐབས་སྡུག་གི་སྐབས་དང་གཅིག་མཚུངས་སུ་ཡོད། སློབ་འབྲིང་ནས་མཐོ་འབྲིང་སློབ་ཆེན་བར་རིམ་པས་བོད་ཀྱི་སྐད་ཡིག་དང་རིག་གནས་ཁ་ཐག་ཇེ་རིང་དུ་འགྲོ་ཐབས་ལ་འཚོ་བའི་དགོས་མཁོ་གཞན་གྱིས་གནོན་ཤུགས་སྤྲོད་ཀྱི་ཡོད་པས། བོད་ཀྱི་རིག་གནས་རྨེག་མེད་བཏང་ཞེས་ང་ཚོས་ཡང་ཡང་བརྗོད་པ་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་ཅི་ལྟར་ཡིན་སོང་བ་རེད་དམ།

 

རྒྱ་ནག་གཞུང་གིས་རིག་གནས་ཡར་རྒྱས་བཏང་ཚུལ་བརྗོད་སྐབས་དེ་འབྲེལ་གྱི་ཁྲིམས་ཡིག་མང་པོ་གཏན་འབེབས་གནང་ཚུལ་བྲིས་འདུག ང་ཚོས་ཀྱང་ཡིག་ཐོག་ཏུ་གཏན་འབེབས་བྱས་མི་འདུག་ཅེས་རྫུན་བཤད་མ་མྱོང་ལ། ཡིག་ཐོག་གི་གཏན་འབེབས་ལག་ལེན་དུ་བསྟར་གྱི་མི་འདུག་ཅེས་ད་དུང་ནན་བཤད་བྱས་ཡོད། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༤ དང་ ༡༢༡  སོགས་ཀྱིས་རང་ཉིད་ཀྱི་སྐད་ཡིག་སྤྱོད་པ་དང་གོང་དུ་སྤེལ་རྒྱུར་འགན་སྲུང་བྱས་པ་དང་། བཅའ་ཁྲིམས་དོན་ཚན་ ༡༠ པ་དང་ ༣༦ སོགས་ཀྱིས་མི་རིགས་ས་ཁུལ་གྱི་སྐད་ཡིག་གཙོ་བོ་མི་རིགས་དེའི་སྐད་ཡིག་བྱས་ཆོག་པར་བཤད་ཡོད་ཁར། སློབ་ཁྲིད་བྱེད་པའི་སྐད་རིགས་སོགས་ཀྱང་མི་རིགས་རང་ལ་དབང་བར་བཤད་ཡོད། དེ་བཞིན་མི་རིགས་ཀྱི་ལེགས་བྱང་དང་ཤེས་ཡོན་བཅས་ལ་རང་འགན་རང་ལ་ཡོད་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དོན་ཚན་མང་པོ་ས་ལ་གྲོག་མ་བཞིན་བཀྲམས་འདུག་ཀྱང་། དེ་དག་ནི་དོན་དངོས་རྩ་ཁྲིམས་ཤིག་ཡིན་ནམ་ཕྱི་རྫུག་ནང་རུལ་གྱི་སྒེར་གཅོད་པའི་འབག་ཏུ་གྱུར་བའི་རྩ་ཁྲིམས་ཤིག་རེད།

 

མཇུག་ཏུ་མིའི་རིགས་ལ་ཡོད་པའི་བརྩེ་བ་ཐུན་མོང་བ་དེས་ནན་བརྗོད་བྱེད་རྒྱུར། ང་ཚོས་རིག་གནས་རྨེག་མེད་བཏང་སོང་ཞེས་བདེན་དོན་བརྗོད་པ་ནི་བྷེན་ལཱ་ཌན་གྱི་འགད་རྫས་ལྟ་བུའི་སྙིང་རྩ་འདར་བའི་གདུག་རྩུབ་ཅིག་ཏུ་མ་བསྒོམ་པར། མིའི་བདེ་སྐྱིད་དང་རང་དབང་འདྲ་མཉམ་འཚོལ་བའི་གེགས་རྡོ་གཏོར་བྱེད་ཀྱི་འབར་རྫས་ལྟ་བུ་ཞིག་ཏུ་ཅི་ནས་ཀྱང་གོ་དགོས་ལ། རང་ལ་ནོངས་འགྱོད་ཡོད་དུས་འཕྲལ་མར་ངོས་ཟིན་ཐོབ་རྒྱུ་མི་ཚད་ལྡན་མིན་ན་མི་ཡོང་ཡང་། ང་ཚོས་རྒྱ་ནག་གཞུང་ལ་དེ་ལྟར་བོད་ཀྱི་རིག་གནས་ཐད་འཛིན་པའི་བྱ་སྤྱོད་ཚད་ལྡན་ཡོང་བར་རེ་བ་བྱེད་ཀྱི་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་དུས་རབས་ ༢༡ པའི་ནང་མིའི་རིགས་ཀྱི་བསམ་བློའི་རིག་གནས་ཀྱི་ཚབ་མཚོན་པ་དང་ལམ་སྟོན་པ། དེ་བཞིན་བཟང་སྤྱོད་དང་ཡ་རབས་ཀྱི་འབྱུང་ཁུངས་ལྟ་བུར་སོང་གཤིས། བོད་ཀྱི་རིག་གནས་རྨེག་མེད་གཏོང་བཞིན་པའི་དངོས་དོན་བརྗོད་རྒྱུ་ནི་ཁོང་གིས་འཛམ་གླིང་ལ་ཁུར་བའི་འགན་ཁུར་གྱི་ནང་དོན་ཞིག་ཀྱང་ཡིན་པས། བོད་ཀྱི་རིག་གནས་རྨེག་མེད་བཏང་ཚུལ་བརྗོད་པར་ཆབ་སྲིད་ཀྱི་གཡོ་ཇུས་གཞན་ཞིག་མེད་པ་འཛམ་གླིང་གི་མི་བུ་ཚང་མར་གསལ་བོ་ཆགས་ཟིན་པ་རེད།

                                                                                                                  ༢༠༡༡།  ༥། ༡༡། ཉིན།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 4

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྤུན་ཆུང་ཕེབས་པ་དགའ། ཉིན་ཁ་ཤས་ལ་དུས་བབ་ཉུལ་ཁོམ་མ་བྱུང་ཐ།

    Reply
  2. བདེ་ཆེན་སྒྲོལ་མ། says:
    ལོ་ 14 སྔོན།

    རྒྱ་ནག་གིས་ནམ་ཡང་བོད་མི་རིགས་ཀྱི་སེམས་ཁམས་སུ་གྲུབ་ཡོད་པའི་མི་རིགས་ཀྱི་རིག་གནས་གཏོར་ཐུབ་ནི་མ་རེད། ཁོང་ཚོས་ཅིག་བ་ནོ་དགོན་པ་དང་ལྷ་ཁང་གཏོར་རྒྱུ་ཙམ་རེད། དངོས་གནས་དགོད་བྲོ་བོ་རེད་ཡ།

    Reply
  3. བདེ་ཆེན་སྒྲོལ་མ། says:
    ལོ་ 14 སྔོན།

    སྤུན་ཆུང་ཡོང་ནས་བཀླགས་ཟིན་པ་ཡིན།

    Reply
  4. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    མི་རིགས་ཉམས་བྱེད་ལ་ཐབས་ཚུལ་གཙོ་བོ་གཉིས་ཡོད། གཅིག་ནི་མི་རིགས་གཞན་དག་དང་རིགས་རྒྱུད་བསྲེ་སླད། གཉིས་ནི་མི་རིགས་གཞན་གྱི་རིག་གནས་ཀྱི་སླད་ཞུགས་པར་བྱེད་པའོ། འདི་གཉིས་ལ་བཙན་ཚུགས་རང་བཞིན་དང། གཡོ་ཚོང་རང་བཞིན་གྱི་ཐབས་ཚུལ་སྤྱད་དང་སྤྱོད་ཀྱིན་ཡོད་ཐོག རང་མོས་གཞན་འགྱུར་གྱི་རྣམ་པ་ཡང་ཇེ་གསལ་དུ་འགྲོ་བཞིན་ཡོད། འདི་ནི་ཆེས་ཉེན་ཚབས་ཆེ་ཤོས་དེ་ཆགས་ཡོད། ངེས་དོན་གྱི་མི་རིགས་རང་བཞིན་སྲུང་སྐྱོབ་དགོས་ན་ནམ་ཡང་རང་མོས་གཞན་འགྱུར་གྱི་ནད་ཡམས་དེ་འགོས་མི་རུང། འདི་ནི་སྔོན་འགོག་གི་རྨང་གཞི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese