མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚན་གནས་གལ་ཆེན་ཞིག་ངེས་པར་དུ་འབུལ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

༄༅། །བོད་མི་རིགས་མཐུན་སྒྲིལ་སྲ་བརྟན་གྱི་ཆེད་དུ་མཚན་གནས་གལ་ཆེན་ཞིག་ངེས་པར་དུ་འབུལ་དགོས།

འཇམ་དབྱངས།

གླེང་བསླང་བ།

མི་རིགས་ཤིག་ལ་མཚོན་ན་སྟོབས་ཤུགས་དང་སྤོབས་པ་ནི་ནམ་ཡང་ཚེ་སྲོག་ལྟར་གལ་ཆེན་དུ་གྱུར་ཡོད་ཀྱང་། སྟོབས་ཤུགས་ཀྱི་རྨང་གཞི་དང་སྤོབས་པའི་གཞི་རྩ་མི་འདྲ་བ་ཡོད་ངེས། རང་རེས་བོད་ལ་མཚོན་ནའང་གནའ་ནས་ད་བར་ཆོས་སྲིད་གཉིས་ཀའི་འགན་འཁྱེར་ཐུབ་པའི་དབུ་ཁྲིད་ཅིག་ལ་བློ་བདེ་བཅོལ་ཡོད་པར་མ་ཟད། ལྷག་དོན་དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་ནང་གི་བོད་མི་རིགས་ཀྱི་སྟོབས་ཤུགས་དང་སྤོབས་པའི་རྨང་གཞི་ནི། རྒྱུས་མངའ་ལྟར་གཞིས་ལུས་བོད་མི་རྒན་བྱིས་གཞོན་གསུམ་མགྲིན་དབྱངས་གཅིག་གྱུར་གྱིས་སྙིང་དབུས་ན་ཉི་མ་ལྟར་འཚེར་ཞིང་ཟླ་འོད་ལྟར་གསལ་བའི་སྐྱེས་བུ་གང་ཞིག་དྲན་པའི་གདུང་བ་དབྱངས་སུ་གྱེར་ཞིང་། སང་ཉིན་ལས་དེ་རིང་དང་། དེ་རིང་ལས་ད་ལྟ་རང་མཇལ་འདོད་ཀྱི་འདུན་པ་ལྡོག་ཏུ་མེད་ཅིང་། དད་འདུན་ཡོད་ཚད་བཅང་སའི་སྐྱེས་བུ་གཅིག་པུ་དེ་ཡིན་པ་ཤེས་ཐུབ།

༧གོང་ས་མཆོག་གི་ཐག་གཅོད།

རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་ལོ་བཅུ་ཕྱིན་པའི་རྗེས་སུ་“བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་བོད་ཀྱི་སྲིད་གཞུང་ཅི་འདྲ་ཞིག་འཛུགས་མིན་ནི་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་ཟད། ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡང་ཡོང་གི་ཡོད་མེད་ངེས་པ་མེད། མ་འོངས་པའི་བོད་ཀྱི་ཐག་གཅོད་ནི་བོད་མི་མང་རང་གིས་བྱེད་ངེས་ཡིན།” ཞེས་༧གོང་ས་མཆོག་གིས་རང་གི་དབུ་སྟེང་དུ་བབས་པའི་ཆབ་སྲིད་ཀྱི་འགན་འཁྲི་ལ་འགྱུར་བ་གཏོང་རྒྱུའི་ཆོད་སེམས་གསལ་པོར་བསྟན་ཅིང་། དེའི་རྗེས་སུ་ཁ་ཇེ་གསལ་ནས་ཇེ་གསལ་དུ་བཏང་སྟེ་མ་འོངས་བོད་ཀྱི་ཆབ་སྲིད་གྱི་འགན་ཁྲི་དེ་མི་མང་གིས་འདེམས་ཐོན་བྱུང་བའི་སྐྱེས་བུ་དེར་རྩིས་སྤྲོད་རྒྱུའི་ཐག་གཅོད་གནང་ཡོད། ཡིན་ན་ཡང་ད་ལོའི་སུམ་དུས་ཉིན་གྱི་གསུང་འཕྲིན་དང་གསུམ་པའི་བཅུ་གཅིག་ཉིན་གྱི་གསུང་འཕྲིན། གསུམ་པའི་བཅུ་དགུ་ཉིན་གྱི་བཀའ་སློབ་བཅས་ལས་འདི་ལྟར་ཐུགས་ཐག་བཅད་པའི་གནས་ཚུལ་མཐོང་ཐོས་བྱུང་ཚེ། བོད་མི་རིགས་ཀྱི་ངོས་ནས་ཇི་ལྟར་ངོས་ལེན་བྱ་དགོས་པ་དང་། ཇི་ལྟར་ཐག་གཅོད་བྱ་དགོས་པ། ཇི་ལྟར་ལན་འདེབས་བྱ་དགོས་པ་སོགས་དྲི་རྟགས་སྣ་ཚོགས་ཤིག་གིས་ཧ་ཅང་འཐོམ་ཞིང་རྨོངས་པར་གྱུར།

ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་པའི་དུས་ཚོད།

༧གོང་ས་མཆོག་གིས་ནམ་ཞིག་རང་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་བྱེད་རྒྱུའི་ཐུགས་ཐག་བཅད་ཡོད་པ་དངོས་བདེན་ཡིན་པར་མ་ཟད། དུས་ནམ་ཞིག་ལ་དང་ཆབ་སྲིད་ཀྱི་དབུ་ཁྲིད་སུ་འདྲ་ཞིག་ལ་རྩིས་སྤྲོད་རྒྱུའི་སྐྱ་ཐིག་ཅིག་ཀྱང་སྔོན་ནས་བཏབ་འདུག་པ་ལྟར་བྱས་ན། མ་འོངས་པར་བཙན་བྱོལ་གཞུང་མང་བོད་ལ་ལོག་པའི་ཉིན་དེར་བར་བརྒལ་སྲིད་གཞུང་ཞིག་བཙུགས་པ་དང་ཆབས་ཅིག མི་མང་གིས་འོས་འདེམས་བྱས་པའི་སྲིད་འཛིན་སུ་ཡིན་དེར་ད་གཟོད་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་གནང་རྒྱུ་ཡིན་ཏེ་ “བར་བརྒལ་གྱི་དུས་ཡུན་རིང་ཆབ་སྲིད་དབང་འཛིན་བྱེད་པོ་སྲིད་འཛིན་གཅིག་བསྐོ་བཞག་བྱ་རྒྱུ་དང་། བསྐོ་བཞག་བྱས་པ་དེར་ངོས་ཀྱི་ཆབ་སྲིད་འགན་ཁུར་ཡོངས་རྫོགས་རྩིས་སྤྲོད་བྱ་རྒྱུ་ཡིན།” ཅེས་གསལ་བར་ཁོད་པས་ཤེས་ཐུབ་སྙམ།

༧གོང་ས་མཆོག་གི་མཚོན་དོན།

༧གོང་ས་མཆོག་ནི་འཛམ་གླིང་འདིར་ཆོས་ལུགས་འདྲ་མིན་དང་མི་རིགས་སྣ་ཚོགས་ཡོད་པ་རྣམས་ཀྱི་མཐུན་སྒྲིལ་དང་ཞི་བདེའི་དཔེ་མཚོན། འཚེ་མེད་ཞི་བའི་ལམ་སྟོན་པ། ཆེས་གུ་ཡངས་པའི་ཆབ་སྲིད་ཀྱི་བསམ་བློ་བ་གཅིག་པུ་དེ་ཡིན་པར་ངོས་འཛིན་དང་སྦྲགས། འཛམ་གླིང་མི་མང་གི་ངོས་ནས་ཀྱང་ཆོས་ལུགས་རིས་མེད་དང་རྒྱལ་མཚམས་མེད་པའི་དབུ་ཁྲིད་ཡང་དག་པ་ཞིག་ཏུ་བརྩི་བཀུར་ཞུ་བཞིན་ཡོད། དེ་མཚུངས་བོད་མི་རིགས་ལ་མཚོན་ན་ཡང་༧གོང་ས་མཆོག་ནི་གཉན་ཕྲང་ཅན་གྱི་ལོ་ཟླ་དེ་དག་གི་ནང་ཆོལ་གསུམ་ཆིག་སྒྲིལ་དང་། ཆོས་ལུགས་མཐུན་སྒྲིལ། རིག་གཞུང་སྲུང་སྐྱོབ། ཤེས་ཡོན་གསར་གཏོད་སོགས་བོད་དང་བོད་མི་རིགས་ཀྱི་བླ་སྲོག་ཡིན་པར་མ་ཟད། རྒྱལ་སྤྱིའི་གནས་བབ་ཀྱི་ངོས་ནས་ཀྱང་བོད་མི་རིགས་ཀྱི་ཚབ་མཚོན་ཐུབ་པའི་སྐྱེས་བུ་ཉག་གཅིག་དེ་ཆགས་ཡོད།

མ་འོངས་པའི་སྐུ་དབང་།

༧གོང་ས་མཆོག་ནི་རྒྱལ་སྤྱིའི་གནས་བབ་ཀྱི་ངོས་ནས་བོད་དང་བོད་མི་རིགས་ཀྱི་ཚབ་མཚོན་དང་། བོད་ཀྱི་གནས་བབ་ཀྱི་ངོས་ནས་བོད་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཀྱི་ཚབ་མཚོན་ཐུབ་པའི་མི་སྣ་གཅིག་པུ་དེ་ཡིན་པའི་དབང་གིས། ད་ལྟའི་བཅའ་ཁྲིམས་ཟིན་བྲིས་སུ་ “དོན་ཚན་དང་པོ། བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མི་རིགས་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་སྨྲ་དབང་། གནས་བབ་དེ་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། ལེགས་བྱང་། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་ལྟར་གྱི་ཐུགས་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།

༡༽ བོད་མི་རིགས་ཀྱི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་ལེགས་བྱང་། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ།

༢༽ ༧གོང་ས་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང་། མགོ་ཁྲིད་རྣམས་ཀྱིས་གསོལ་བ་ནམ་ཞུས་ལ་བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་བཅས་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་། བཀའ་སློབ་ལམ་སྟོན་གནང་རྒྱུ།

༣༽ བཙན་བྱོལ་སྒྲིག་འཛུགས་དང་བོད་མི་མང་གི་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་རིགས་ལ་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བོད་ཀྱི་རྩ་དོན་བསྒྲུབ་སླད་སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་བཅས།” གསལ་པ་ལས་ལྷག་པའི་དམིགས་བསལ་མཚན་གནས་གལ་ཆེན་ཞིག་ངེས་པར་དུ་ཡོད་དགོས། རྒྱུ་མཚན་ནི།

༡༽༧གོང་ས་མཆོག་ནི་བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་གཞིས་ལུས་ཆོལ་གསུམ་བོད་མིའི་མཐུན་སྒྲིལ་གྱི་སྲོག་རྩ་དང་སྟོབས་ཤུགས་ཡིན་པ།

༢༽རང་གི་མི་ཚེ་དང་ནུས་ཤུགས་ཡོད་ཚད་བོད་དང་བོད་མི་རིགས། བོད་ཀྱི་བསྟན་སྲིད་སོགས་ཀྱི་ཆེད་དུ་བཏང་དང་གཏོང་བཞིན་པའི་རླབས་ཆེན་གྱི་དབུ་ཁྲིད་ཡིན་པ།

༣༽འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ། མི་རིགས་འཆམ་མཐུན་ཡོང་བའི་རླབས་ཆེན་གྱི་དབུ་ཁྲིད་ཡིན་པ།

༤༽ འཛམ་གླིང་སྤྱིར་བོད་མིའི་ངོ་བོ་མཚོན་པའི་སྐྱེས་བུ་གཅིག་པུ་དེ་ཡིན་པ།

གོང་གསལ་གཙོ་གནད་ཆེ་བའི་རྒྱུ་མཚན་དེ་དག་ལ་གཞི་བཅོལ་བ་དང་། ལྷག་པར་བོད་མི་རིགས་མཐུན་སྒྲིལ་གྱི་ཕྱོགས་ནས་བསམ་གཞིགས་བྱས་ན། ༧གོང་ས་མཆོག་ནི་དུས་ནམ་ཡང་བོད་མིའི་དབུ་ཁྲིད་ཀྱི་མཚན་གནས་རྗེས་འབྲེལ་ལས་རིང་དུ་འགྲོ་མི་ཉན་པ་ཧ་ཅང་གསལ་ཞིང་། ༧གོང་ས་མཆོག་ནི་ད་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དང་། ཆོལ་གསུམ་མཐུན་སྒྲིལ་གྱི་གཟུང་ཐག ཆོས་བརྒྱུད་འཆམ་མཐུན་གྱི་བྱེད་པོ་ཡིན་པའི་ཆ་ནས་ཀྱང་མཚན་མཐོང་ངམ། ཆེ་མཐོང་རྗེས་འབྲེལ་གྱི་མཚན་གནས་གལ་ཆེན་ཞིག་ངེས་པར་དུ་འབུལ་དགོས་པར་མ་ཟད། གོང་གསལ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་སུ་གསལ་བའི་དོན་ཚན་གསུམ་པོ་དངོས་སུ་ལག་ལེན་བསྟར་ཐུབ་པར་ཡང་། མ་འོངས་པའི་བཅའ་ཁྲིམས་ནང་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པའི་མཚན་གནས་རང་འཇགས་བྱུང་ན་རབ་དང་། ཡང་ན་བོད་མིའི་ཆོས་སྲིད་གཉིས་ཀྱི་གཙོ་འཛིན། བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སོགས་གང་འོས་དེ་འཚམ་གྱི་མཚན་གནས་གལ་ཆེན་ཞིག་མེད་དུ་མི་རུང་བར་མཐོང་བས། མ་འོངས་བོད་དང་བོད་མི་རིགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། བདེན་དོན་གྱི་སྟོབས་ཤུགས་ལ་བསམ་ནས་དྲང་བདེན་གྱི་ཐུགས་གཞིགས་རེ་ཅིས་ཀྱང་གནང་བར་ཞུའོ།།

 

སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༤ ཉིན་དྷ་རམ་ས་ལར།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 5

  1. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ལ་བཅའ་ཁྲིམས་ནང་དུ་ཆེ་མཐོང་གི་མཚན་གནས་འོས་འཚམ་ཞིག་གཏན་འབེབས་དགོས་ཚུལ་སྨྲ་བ་ལ་ཁ་གཞན་དུ་བསྒྱུར་ནས་ཅི་བྱེད།
    གལ་ཏེ་༸གོང་ས་མཆོག་ཁྲིམས་ཐོག་གི་དམིགས་བསལ་སྐུ་དབང་གང་ཡང་མེད་ན། འཛམ་གླིང་གང་སར་གནད་ཆེའི་མི་སྣ་དག་དང་མཇལ་འཕྲད་སྐབས་སུའང་སྐུ་སྒེར་ཙམ་གྱི་ཁོར་ཡུག་ལས་མེད་པས། མཇལ་འཕྲད་བཀའ་མོལ་དག་ཀྱང་ཆེ་ས་ཞིག་དང་ཐག་གཅོད་རང་དབང་ལྡན་པ་གནང་ཐབས་མེད། གལ་ཏེ་གནང་ན་་་སྐད་ཆ་འདྲ་མིན་བཤད་མཁན་ཡང་མི་ཉུང་བ་ཡོད་ངེས།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ལ་མཚན་གནས་ཞིག་འབུལ་ན་མི་འདོད་པའི་མགོ་ནག་བོད་པ་ཞིག་ཡོད་རྒྱུ་མ་རེད།
    ཡིན་ན་ཡང་ རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་བོ་མཆོག རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པྡམོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེ་དཔོན་ཆེན་མོ། ད་དུང་མང་ཚོདའདུག་ན དེ་དག་ལས་ལྷག་པས་མཚན་ཞིག་གསོལ་མཁན་གྱི་སྐྱེས་བུ་དམ་པའམ་སྐྱེ་སྟོབས་ཀྱི་ཤེས་རབ་ལྡན་པ་ཞིག་གང་ཞིག་ན་ཡོད་དམ

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རྩ་ཁྲིམས་བསྒྱུར་བཅོས་སྐོར་ལ་བོད་རིགས་ནང་ཁུལ་ལ་ཚ་ཚ་འུར་འུར་བསམ་ཚུལ་སྤེལ་བཞིན་པ་ནི་ཡག་པོ་རེད། ངོ་མ་བོད་རྒྱལ་ཁབ་ལ་ཤ་ཞེན་ཡོད་པའི་རྟགས་རེད། གཙོ་བོ་ཕྱོགས་རིས་དང་མ་འདྲེས་པ་དགོས་པ་ནི་གནད་འགག་ཡིན། ༸གོང་ས་མཆོག་ནི་མུ་མཐུད་ནས་ཡོང་རྒྱུ་རེད་མ་གཏོགས་ད་ལྟ་ཏ་ལའི་བླ་མ་འདི་གཅིག་པུ་མ་རེད། འདས་མ་འོངས་ད་ལྟ་དུས་གསུམ་ག་ལ་བསམ་བློ་གཏོང་དགོས་པ་རེད་སྙམ། ང་ནི་དྲང་པོར་བཤད་ན་བསམ་བློ་ཞེ་དྲག་འཁོར་གྱིན་མི་འདུག ཕར་ཕྱོགས་ལ་ཉན་ན་དྲང་པའི་བཟོ་འདྲ་པོ། ཚུར་ཕྱོགས་ལ་ཉན་ན་དྲང་པའི་བཟོ་འདྲ་པོ། ངོ་མ་བཤད་མི་ཤེས་འདུག

    Reply
  4. ཨ.བཙན་པོ། says:
    ལོ་ 15 སྔོན།

    འཇམ་དབྱངས་ལགས་ཁྱོད་ཀྱི་རྩོམ་ཡིག་འདི་ཞིབ་ཀློག་བྱས་པ་ཡིན། རྒྱུ་མཚན་མང་པོ་ཞིག་བགྲང་འདུག འོན་ཀྱང་ཁྱོད་ཀྱིས་བགྲང་བའི་རྒྱུ་མཚན་དང་༸གོང་ས་མཆོག་གིས་བགྲང་བའི་རྒྱུ་མཚན་གཉིས་གང་གཙོ་བོར་འཛིན་འོས་ཞེས་པ་དེ་ངའི་དྲི་བ་ཡིན། གལ་སྲིད་༸གོང་ས་མཆོག་གིས་བགྲང་བའི་རྒྱུ་མཚན་གཙོ་བོར་འཛིན་དགོས་པར་འདོད་ན་ནི་ཁྱེད་ཀྱི་རྒྱུ་མཚན་དག་ཡོང་ཡ་མེད་པ་ཞིག་རེད། ཡང་འདིར་གོ་བ་ལོག་སྒྲུབ་བྱེད་ཉེན་ཡོད་པ་ཞིག་ལ་ངས་འདིར་གོང་གི་དོན་ཚན་དེ་དག་༸གོང་ས་མཆོག་ལ་ཕུལ་མི་འོས་ཚུལ་བརྗོད་པར་གོ་ན་དེ་ནི་མ་ཡིན་ཏེ་དོན་དངོས་ཡོད་ཀྱི་ཐོག་ནས་ང་ཚོས་ངོས་ནས་དེ་ལས་ལྷག་ཅིག་ཁོང་གིས་ཞལ་བཞེས་གནང་ན་ཕུར་དགོས་ངེས་སུ་མཆིས། འོན་ཀྱང་ཁོང་གིས་དེ་དག་ལ་དགོས་པ་རྒྱུ་མཚན་མང་པོར་གཟིགས་ནས་ཞལ་བཞེས་མི་གནང་པ་ཤེས་བཞིན་དུ། ཁོང་གི་ཐུགས་མི་དགྱེས་པ་ཤེས་བཞིན་དུ་ད་དུང་འདི་ལྟར་འུ་ཚུགས་བྱས་ན་དེ་ལ་དགེ་ཕན་ཆེར་མ་མཐོང་བས་སོ།།

    Reply
  5. གནས་ཚང་། says:
    ལོ་ 15 སྔོན།

    གོང་ས་མཆོག་ལ་བོད་མིའི་ལེགས་བྱང་གི་མཚོན་བྱེད་དང་བླང་དོར་ལམ་སྟོན་པ། ཆོས་ལུགས་རིས་མེད་ཀྱི་སྣེ་འདྲེན་པ་དང་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་དར་སྤེལ་གཏོང་མཁན་གྱི་དགེ་བའི་བཤེས་གཉེན་ལྟ་བུ་ཕུལ་རུང་བ་མ་གཏོགས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལྟ་བུ་བཀོད་ཚེ་རྒྱ་མིའི་གཞུང་གི་འདོད་པ་ལྟར་འཛམ་གླིང་མི་མང་ལ་མགོ་བསྐོར་གཏོང་བཞིན་པ་ཟེར་བའི་སྟེང་དུ་བབས་ཡོད་པས། ཚང་མ་ལོས་མ་ནོར་བ་ཞིག་གི་སྒང་བགྲོ་གླེང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་རེད་ལ། ཞབས་འདེགས་ལས་ཞབས་འདྲེན་དུ་མི་འགྱུར་བའི་བསམ་ཚུལ་འདོན་གལ་ཤིན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese