མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“དགའ་ལྡན་ཕོ་བྲང”ཞེས་པའི་མིང་བསྒྱུར་མི་རུང་།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། ངྷ་ས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཁག་གིས་བརྗོད་གཞི་མི་འདྲ་བ་གསུམ་སྟེ། བཅའ་ཁྲིམས་བསྐྱར་བཅོས་དང་། ངྷ་ས་ས་གནས་མགོ་འཛིན། ངྷ་ས་བོད་མིའི་སྤྱི་ཚོགས་བདེ་འཇགས་སྒྲིག་གཞི་བཅས་ཐོག་གཏམ་བཤད་གནང་ཡོད།  

ཚོགས་འདུའི་ཐོག་ངྷ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ལགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་བརྗོད་དོན། ངས་ངོ་རྒོལ་བྱེད་ཀྱི་མེད་ཀྱང་ག་རེ་བྱས་ནས་དགའ་ལྡན་ཕོ་བྲང་གི་མཚན་ལ་བརྗེ་བོ་རྒྱག་དགོས་པ་རེད། ༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་མགོ་ཁྲིད་ལས་དགོངས་ཞུ་གནང་ཡང་། དགའ་ལྡན་ཕོ་བྲང་གི་མིང་རང་སོར་བཞག་ན། དགག་བྱ་ག་རེ་ཡོད་པ་རེད། དགོས་པ་ག་རེ་ཡོད་པ་རེད། ཕྱི་ལོ་ ༡༩༥༩ སྔོན་ལ་བོད་གཞུང་ནི་བཀས་བཀོད་རྒྱུད་འཛིན་གྱི་གཞུང་ཞིག་ཡིན་ནའང་། ཕྱི་ལོ་ ༡༩༦༠ ལོ་ནས་དགའ་ལྡན་ཕོ་བྲང་གི་གཞུང་དམངས་གཙོའི་གཞུང་ཞིག་ཆགས་པ་རེད།

དེའི་སྟབས་ཀྱིས་ད་བར་དགའ་ལྡན་ཕོ་བྲང་གི་མིང་བསྡད་ཡོད་པ་རེད། མིང་དེར་འགྱུར་བ་མ་བཏང་བར་རང་སོར་བཞག་ན་དགེ་མཚན་ཆེན་པོ་ཡོད་པ་རེད། གང་ཡིན་ཟེར་ན། དགའ་ལྡན་ཕོ་བྲང་འཛམ་གླིང་ཐོག་གི་གཞུང་རྙིང་ཤོས་ཤིག་དང་། མི་ལོ་བཞི་བརྒྱ་ཙམ་ཕྱིན་པའི་གཞུང་ཞིག་ཡིན་པ་མ་ཟད། གཞུང་དེར་བོད་རིགས་མི་མང་གིས་ངོ་རྒོལ་རྩ་བ་ནས་བྱས་མྱོང་ཡོད་པ་མ་རེད། དེ་མིན། འཛམ་གླིང་གི་གཞུང་ཚང་མ་མང་ཚོགས་ཀྱིས་ངོ་རྒོལ་བྱས་ཏེ་མགོ་རྟིང་སློག་པ་རྐྱང་རེད། ཅེས་དང་།

 ཁ་སྔོན་རྒྱ་གཞུང་གིས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་བཏང་བ་ཡིན་ཟེར་གྱི་ཡོད་པ་རེད། ཡིན་ནའང་། བོད་ནང་གི་བོད་མི་མང་གིས་ངོ་རྒོལ་ལ་མཚམས་ཆད་མྱོང་ཡོད་པ་མ་རེད། རྒྱ་གཞུང་གིས་དོན་དམ་གྱི་བདེ་སྐྱིད་བསྐྲུན་ཡོད་ན་བོད་མིས་ག་རེ་བྱས་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེ་ཡིན་དུས། དགའ་ལྡན་ཕོ་བྲང་ལ་གཞིས་ལུས་མི་མང་གིས་གུས་གཙི་ཆེན་པོ་བྱེད་ཀྱི་དུས། ༧གོང་ས་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་མུ་མཐུད་བོད་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་དགོས་ཀྱི་འདུག ཅེས་བརྗོད་བྱུང་།

ཁོས་མུ་མཐུད་དུ་བརྗོད་དོན། བོད་ཀྱི་ལམ་ལུགས་ལ་སྔ་ཕྱིར་འགྱུར་བ་རིམ་པར་བྱུང་ཡོད་ཀྱང་དགའ་ལྡན་ཕོ་བྲང་གི་མིང་ལ་འགྱུར་བ་གཏོང་དགོས་དོན་གང་ཡང་མི་འདུག ལྷག་པར་དུ། བཅའ་ཁྲིམས་བསྐྱར་བཅོས་ནང་བཙན་བྱོལ་བོད་གཞུང་གི་ཚབ་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལབ་ན་ཡག་པོ་ཁྱོན་ནས་མི་འདུག ཅེས་དང་། ཡང་ཁོང་གིས་༧གོང་ས་མཆོག་གིས་མུ་མཐུད་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་པའི་ཐད། ང་ཚོས་མང་གཙོའི་ལམ་ནས་འོས་འདེམས་བྱས་ཚེ་བོད་མི་བརྒྱ་ཆ་༩༩ ལྷག་གིས་༧གོང་ས་མཆོག་བསྐྱར་དུ་བོད་མིའི་དབུ་ཁྲིར་འདེམས་སྲིད་ཀྱི་རེད། ཅེས་བརྗོད་བྱུང་།

དེའི་རྗེས་ངྷ་ས་ས་གནས་བོད་མིའི་སྒྲིག་གཞིའི་སྐོར་ལ་ཁོང་གིས། བཅའ་ཁྲིསམ་དོན་ཚན་ ༨༢ ཀྱི་དགོངས་དོན་འོག་༼བཞུགས་སྒར་ངྷ་སའི་བོད་མིའི་བདེ་འཇགས་སྒྲིག་གཞིར་༽བསྐྱར་བཅོས་བྱས་ཏེ། སྤྱི་མོས་ཁྲིམས་མཐུན་གཏན་འབེབས་བྱུང་ཡོད་སྟབས། གླང་ཤ་སྤྱོད་པ་དང་། ཉལ་ཐ་དང་ཆང་རག་ཚོད་མེད་འཐུང་བ། མཚོན་ཆ་བེད་སྤྱོད། འཆལ་སྤྱོད་བྱེད་པ། འཁྲུག་འཛིང་ཤོར་བ། ཤོ་སྦག་རྒྱག་པ།  དེ་བཞིན་གྲྭ་བཙུན་ཚོས་བྱ་སྤྱོད་ཚུལ་བཞིན་མ་བྱས་པ་ཡིན་ན། ས་གནས་གྲོས་ཚོགས་ཀྱིས་དོ་བདག་འབྲེལ་ཡོད་ལས་ཁུངས་དང་ས་གནས་སྐོར་སྲུང་བར་རྩིས་སྤྲོད་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།

མཐར། ས་གནས་གྲོས་ཚོགས་འཐུས་མི་སྐལ་བཟང་ལགས་ཀྱིས། ངྷ་ས་ས་གནས་མགོ་འཛིན་བསྐོ་བཞག་བྱེད་སྟངས་སྐོར་ལ། ཁ་སྔོན་གྱི་འོས་བསྡུའི་བརྒྱུད་རིམ་ཁྲོད་ང་ཚོས་ས་གནས་མགོ་འཛིན་གདམ་མ་ཐུབ་པར་ལྷག་པ་རེད། གནས་སྟངས་དེའི་ཐོག་ང་ཚོས་ནང་སྲིད་ལས་ཁུངས་སུ། ས་གནས་མགོ་འཛིན་དེ་ནང་སྲིད་ཀྱིས་ཐད་ཀར་བསྐོ་བཞག་བྱེད་དམ་ཡང་ན་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་དགོས་མིན་སྙན་སེང་ཞུས་སྐབས། གོང་རིམ་ནས་མང་ཚོགས་ཀྱིས་ཐད་ཀར་འོིས་འདེམས་བྱས་ན་ལེགས་པའི་བཀའ་ཕེབས་ཡོད་སྟབས། མི་འགྱང་བར་འོས་མི་བརྒྱད་ལས་གཅིག་འོས་བསྡུའི་ལམ་ནས་ས་གནས་མགོ་འཛིན་དུ་བསྐོ་བཞག་བྱ་དགོས་པ་རེད། ཅེས་བརྗོད་སོང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 19

  1. བསྟན་འཛིན་ཆོས་འཕེལ། says:
    ལོ་ 14 སྔོན།

    སྤྱིར་བོད་པ་རྣམས་བོད་ལ་སེམས་ཤུགས་དང་བློ་དཀར་རྣམ་དག་ཡིན་ན་མིང་ཙམ་བརྗེས་མིན་གྱིས་བོད་པའི་གནད་དོན་ལ་འགྱུར་བ་འགྲོ་མི་སྲིད་ཅིང་། དེའི་རྩོད་གླེང་གིས་དུས་ཚོད་བསྐྱལ་བའང་འོས་པའི་ལས་སུ་ཅི་ལ་འཁུམས། འོན་ཀྱང་དེ་ལས་ལྡོག་ཏེ་རྒྱལ་དབང་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མི་བཞེས་ཀྱི་གནད་དོན་དེ་ནི་བོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པས་ཐད་ཀར་འགྲིག་མི་འགྲིག་གི་ཐག་གཅོད་པའང་ཅུང་ཟད་དཀའ་མོད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེས་དགོངས་གང་ཡང་མེད་པར་འདི་ལྟར་བོད་པ་རྣམས་བསྐྱུར་མི་སྲིད་པས་དེ་བཞིན་དུ་ཐུགས་བསམ་བཞེས་ན་ལེགས་སོ་སྙམ།།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    དགའ་ལྡན་ཕོ་བྲང་ཞེས་པའི་མིང་ཡོད་པ་ཙམ་གྱིས་རོ་ལངས་རྒྱག་པ་ག་ལ་ཡིན། ལར་ནས་དགའ་ལྡན་ཕ བྲང་ཞེས་པའི་མཚན་ཙམ་ལའང་སྡང་ཟུག་བྱེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ། ཆོས་རྒྱུད་ཀྱི་ཞེན་ནམ་ན་ཚ་ཅི་ཞིག་ཡིན། ང་ཚོས་མེས་པོ་གོང་མ་ཚོ་ཡི་བཀའ་དྲིན་དང་༸རྒྱལ་དབང་རིམ་བྱོན་གྱི་བཀའ་དྲིན་དྲན་ནས་ཡོད་པ་མཚོན་སླད་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་ནམ་ཡང་འགྱུར་བ་མ་གཏོང་ནའང་འགྲིག། གཅིག་ནས་མ་འོངས་པར་ང་ཚོས་རྒྱལ་དབང་གི་བཀའ་དྲིན་དྲན་སླད་བོད་ཀྱི་ཤོག་དངུལ་སྟེང་དུ་ཡིད་བཞིན་ནོར་བུའི་སྐུ་དཔར་བཀོད་ན་འགྲིག་གིན་མ་རེད། ཤོག་དངུལ་སྟེང་དུ་བླ་མའི་སྐུ་དཔར་བཀོད་ག་ལ་རུང་། དེས་ན་བོད་མང་གཙོའི་གཞུང་ལ་མཚན་དགའ་ལྡན་ཕོ་བྲང་ཞེས་བཏགས་ཏེ་༸རྒྱལ་དབང་གི་བཀའ་དྲིན་དྲན་པ་མཚོན་པར་བྱས་ན་འགྲིག། རྒྱལ་ཁབ་གཞན་ལ་མིག་སྟོས་དང་། རང་རང་གི་རྒྱལ་ཁབ་ཀྱི་རླབས་ཆེན་མི་སྣ་ཚོ་ཤོག་དངུལ་སྟེང་བཀོད་དེ་བཀའ་དྲིན་རྗེས་དྲན་བྱེད་བཞིན་མི་འདུག་གམ།

    Reply
  3. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    འདི་ཁོ་རང་སྒེར་གྱི་བསམ་ཚུལཡིན་པས་ཆབ་སྲིད་ཀྱི་ལག་ཆ་ལ་བེད་སྤྱོད་གཏོང་མི་ཉན།

    Reply
  4. ལུང་རྟོགས། says:
    ལོ་ 14 སྔོན།

    སྔ་མོ་བོད་སྡེ་བ་གཞུང་གི་སྐབས་བཞིན་དུ་སྐད་ཆ་སྙན་མོ་བཤད་ནས་སུ་ལ་ཡང་མགོ་སྐར་བཏོང་མི་ཐུབ། དེས་ན་བོད་འདི་དམང་གཙོ་ཡང་དག་པའི་ཕྱོགས་ལ་འགྲོ་དགོས་ན་བོད་གཞུང་གི་མིང་དོན་གཉིས་ཀ་ལ་འགྱུར་བ་གཏོང་དགོས།

    Reply
  5. མངའ་རིས་བུ། says:
    ལོ་ 14 སྔོན།

    ས་གནས་ཀྱི་ཚོགས་གཙོ་ལས་སོགས་མི་ཆེ་གེ་མོ་དེ་ཚོས་བཤད་པར་ལྟོས་དང།
    མི་ཤེས་ཤེ་མདོག་སྟོན་སོང།
    དགོས་པ་དང་རྒྱུ་མཚན་མེད་བཞིན་དུ་༧གོང་ས་༧་མཆོག་གིས་དེ་ལྟར་གསུངས་པ་རེད་དམ།
    མཁས་མདོག་སྟོན་སྟངས་མ་ཤེས་པ་རེད།
    དོལ་རྒྱལ་བ་ཚོས་གོང་ས་མཆོག་གིས་གསུང་དེ་ལ་བརྩི་གི་མི་འདུག་ཅེས་མ་ནི་འདོན་འདོན་བྱེད་ཀྱིན་ཡོད།
    ད་ཆ་ཁྱེད་ཚོས་དེ་དང་ཀུན་ནས་མཚུངས་ཡོད།
    དགོས་པ་དང་རྒྱུ་མཚན་མེད་པར་གོང་ས་མཆོག་གིས་དེ་ལྟར་གསུངས་པར་ངོ་བཟུང་བ་ནི་ཐ་ཤལ་གྱི་བྱེད་སྟངས་ཤིག་རེད།
    སྤྲེལ་ལད་འཁྲབ་སྟངས་མ་ཤེས་པ་རེད།
    ཟམ་གདོང་རིན་པོ་ཆེ་ཡིས་མི་དེ་རིགས་ནི་རང་ཉིད་ལ་མ་འོང་པའི་འཆར་གཞི་མེད་ཅིང་ཕུགས་རྒྱང་རིང་པའི་བསམ་བློ་མེད་པའི་རྟགས་མཚན་རེད་ཅེས་མ་བཤད་དམ།
    ཆོལ་གསུམ་གཅིག་སྒྲིལ་ཚུད་པའི་བོད་རྒྱལ་ཁབ་ཤིག་གི་མཚན་ཞིག་ཡོང་པའི་རེ་སྨོན་ཡོད།

    Reply
  6. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    དེས་ན་ང་ཚོས་རྙིང་པ་ཡོད་ཚད་བསྒྱུར་དགོས་པ་ཡིན་ཚེ།ས་དགེ་བཀའ་རྙིང་བཞི་པོ་ཡང་སྤྱི་ཚོགས་རྙིང་པ་དང་རིག་གནས་རྙིང་པའི་བག་ཆགས་ཡིན་པ་དང་།གྲུབ་མཐའ་མི་འདྲ་བ་བོད་སྤྱི་མཐུན་ལ་གནོད་པས་དེ་དག་ཀྱང་འདོར་རུང་ངོ།
    གཞན་ཡང་གོང་གི་མཆན་འདོན་སྤེལ་མཁན་ཁ་ཤས་ལ་བཤད་རྒྱུ་ཞིག་ལ།བོད་མིང་ཡོངས་ཀྱི་བརྒྱ་ཆའི་གཅིག་དང་ཕྱེད་ཀ་ལས་བརྒལ་པ་ལྷག་ཙམ་མ་གཏོགས་བྱེས་སུ་མེད་པས་མི་ཁ་ཉུང་ཤས་ཤིག་གིས་བོད་ནང་གི་མི་དམངས་ཀྱི་འདོད་བློ་དངོས་དང་མི་བསྟུན་པར་རང་དགར་དོན་ཐག་གཅོད་པ་ནི་ངོ་མ་དགོད་བྲོ་བོ་ཞིག་རེད།

    Reply
  7. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    དགའ་ལྡན་ཕོ་བྲང་གི་མཚན་སྙན་རང་སོར་འཇོག་དགོས་པའི་རྒྱུ་མཚན་ཡག་པོ་གསུངས་སོང་།ཁོང་གིས་གསུངས་པ་ནང་བཞིན་དགའ་ལྡན་ཕོ་བྲང་ནི་བོད་མི་ཡོངས་ཀྱིས་སྤྱི་བོར་བཀུར་ནས་དུས་རབས་མང་པོ་ཞིག་འགོར་སོང་པ་རེད།དེ་ནི་འཛམ་གླིང་ཐོག་ཆེས་ལོ་རྒྱུས་རིང་པའི་སྲིད་གཞུང་གྲས་ཀྱི་གཅིག་རེད།གལ་ཏེ་དགའ་ལྡན་ཕོ་བྲང་གི་མིང་སོགས་རང་སོར་བཞག་ཚེ་རྒྱ་ནག་གཞུང་ལ་བོད་ནི་གནའ་བོའི་རང་སྐྱོང་གི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པ་མ་ཟད།དུས་ད་ལྟའང་བོད་ཡོངས་ཀྱིས་བཀུར་ཞིང་སྲིད་འཛིན་བྱེད་ནུས་ཡོངས་སུ་ལྡན་པའི་སྲིད་གཞུང་ཞིག་ཡིན་པ་ར་སྤྲོད་བྱེད་བཞིན་ཡོད་ལ།བོད་ནི་གནའ་དེང་གི་ལོ་རྒྱུས་རྒྱུད་དུ་བསྟར་ཡོད་པ་ཞིག་ཡིན་པའི་མཚོན་བྱ་ཡང་ཡིན་ནོ།དེ་མིན་དེང་གི་ཨ་རི་རྒྱལ་ཁབ་ལ་མཚོན་ནའང་།ཕོ་བྲང་དཀར་པོ་ཞེས་འབོད་བཞིན་པ་ནི་ལོ་རྒྱུས་གནའ་ཤུལ་གྲགས་ཅན་ཞིག་ཏུ་བརྩི་བཞིན་ཡོད་པ་མ་ཟད།རིམ་བྱོན་སྲིད་འཛིན་རྣམས་ཀྱི་གཞུང་སྒྲུབ་ཐོག་ཁང་ཡིན་ནོ།བོད་རང་ལ་དགའ་ལྡན་ཕོ་བྲང་ལས་མིང་གཞན་གང་ཞིག་བོད་སྲིད་འཛིན་རིམ་བྱོན་གྱི་གཞུང་སྒྲུབ་ཐོག་ཁང་དུ་འོས་འཚམས་ཡོད་དམ།

    Reply
  8. གངས་སྨྱུག says:
    ལོ་ 14 སྔོན།

    མིང་རྫིག་པོ་དང་ཚིག་སྙན་པོ་སོགས་ལ་ལྟོས་པ་མེད་ཀྱང་གཞུང་དགའ་ལྡན་ཕོ་བྲང་ནི་གོང་ས་མཆོག་གིས་གསུང་པ་ལྟར་དགེ་ལུགས་པ་གཅིག་པུ་ལ་གོ་བ་ནི་རྩོལ་མེད་ཡོངས་སུ་གྲགས་པ་ཞིག་རེད། ད་ལྟ་གོང་ས་མཆོག་གིས་ཐུགས་བསྐྱེད་བླ་ན་མེད་པ་དང་གོང་ན་མེད་པ་མ་འོང་མངོན་གཟིགས་ཀྱིས་གསུང་ལ་གོ་བ་དང་ཡིད་ཆེས་རེ་བ་སོགས་མ་བྱས་ན་འབྱུང་འབྲས་གང་ཞིག་ཡོང་བ་ནི་དུས་རབས་འདིའི་ནང་ལ་ཧ་ལམ་མ་རྨོངས་པ་ཤ་སྟག་རེད། རང་ཆེ་གཞན་ཆུང་དང་། རང་མཐོ་གཞན་དམའ། མདོར་ན་ང་ཆེ་ང་བཙན་གྱིས་དུས་རབས་ཤིག་སླེབས་ཚར་རེད། དེ་ལས་བོད་སྤྱི་ལ་ཁྱབ་པའི་མིང་ཞིག་དགོས་གལ་ཆེ་བར་སེམས།
    གངས་སྨྱུག་གིས།

    Reply
  9. འདྲེ་འགོ་རྡོ་། says:
    ལོ་ 14 སྔོན།

    ཚོགས་གཙོ་ལགས་ཀྱི་ཀླད་པ་རྙིང་དྲག་འདུག་པ་ཡིན་ནམ། ༧གོང་ས་མཆོག་གིས་ཁ་སྔོན་ཨ་རི་ནས་བསྩལ་བའི་བོད་གཞུང་དགའ་ལྡན་ཕོ་བྲང་བསྐོར་གྱི་བཀའ་སློབ་ལ་ངོ་རྒོལ་བྱེད་ཀྱི་ཡོད། རྡ་ས་ས་གནས་འགོ་འཇི༹ན་གྱི་འོས་བསྡུ་སྐབས་སུ་ངས་ཁྱེད་ལ་འོས་མི་བླུག་དཀོན་མཆོག་གསུམ།

    Reply
  10. གཟི་མིག་༣པ says:
    ལོ་ 14 སྔོན།

    བདེན་པ་རེད་དགའ་ལྡན་ཕོ་བྲང་མིང་ནམ་ཡང་བསྒྲུར་བ་གཏོང་མི་ཉན་་་དམིགས་བསལ་རྩ་ཁྲིམས་བསྐྱར་བཅོས་ཚོགས་པས་༼བོད་གཞུང་དགའ་ལྡན་ཕོ་བྲང་ཚབ་ཏུ་༽་༼བདེན་པ་ཉིད་སྒྱས་གྱུར་ཅིག་༽ཞེས་བརྗོད་གཞི་བཀོད་འདུག་པས་དེ་ནི་ཧ་ཅང་ཐལ་གྲགས་པ་རེད་དེ་ནི་ཐབས་ལམ་ཞིག་ལས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་ཐུབ་ཀྱི་མིན་འདུག་་་་ངཚོས་རྒྱ་གར་གྱི་གང་བྱས་པ་ཚང་མ་བྱེད་དགོས་དོན་མེད་དུས་ལ་བབ་མི་བབ་བལྟ་དགོས་

    Reply
  11. ལུང་རྟོགས། says:
    ལོ་ 14 སྔོན།

    འདི་ན་༸གོང་ས་མཆོག་ལས་ཀྱང་མཁས་པའི་མི་ཞིག་སླེབ་འདུག ༸གོང་ས་མཆོག་ནས་དགའ་ལྡན་ཕོ་བྲང་དགེ་ལུག་པ་དང་དབུས་གཙང་གི་གཞུང་ཡིན་པར་གསུངས་པ་དེ་གོ་མེད་པ་ཡིན་ནམ། ངས་བྱས་ན་དེ་འདྲ་ཏན་ནས་མ་རེད། འདི་ནི་རང་གི་ཆོས་རྒྱུད་དང་ཆོལ་ཁའི་གནད་དོན་ལ་ཐུག་ན། ༸གོང་ས་མཆོག་གི་བཀའ་དགོང་ཡང་འཕོང་ཕྱིས་ཀྱི་རྡོ་བཞིན་དུ་གཡུག་ནུས་པའི་བོད་མིའི་རང་གཤིས་དེ་ཕྱིར་མངོན་པ་རེད།

    Reply
  12. ཤིང་རྟ། says:
    ལོ་ 14 སྔོན།

    ཚོགས་གཙོ་ལགས་ཀྱིས།
    དགའ་ལྡན་ཕོ་བྲང་གི་མིང་རང་སོར་བཞག་ན། དགག་བྱ་ག་རེ་ཡོད་པ་རེད། དགོས་པ་ག་རེ་ཡོད་པ་རེད། ཅེས་སྐད་ཆ་སྦོམ་པོ་ཞེ་དྲག་བཤད་འདུག་ཀྱང་།
    ༸གོང་ས་མཆོག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་གནང་བའི་བཀའ་སློབ་དག་གསན་ཡོད་ས་མ་རེད། དེ་གསན་དང་ཁྱེད་ཀྱིས་མཁྱེན་ངེས་རེད།
    སྤྱི་བཏང་ཁྱེད་ལ་གསལ་བཤད་ཅུང་ཟད་ཞུས་ན། དགའ་ལྡན་ཕོ་བྲང་གི་མིང་རང་སོར་བཞག་ན། དགག་བྱ་དང་། དགོས་པ་སྟེ། དང་པོ་ནི། བོད་གཞུང་ནི་བཀས་བཀོད་རྒྱུད་འཛིན་རོ་ལང་རྒྱག་པ་རེད་ཅེས་པ་དེ་རེད།
    གཉིས་པ་ནི། ཆོལ་ཁ་དང་ཆོས་ལུགས་རིས་ཀྱི་མེད་ཀྱི་གཞུང་ཞིག་ཆགས་རྒྱུ་དེ་རེད།

    Reply
  13. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    རྡ་ས་ས་གནས་གྲོས་ཚོགས་ནས་ས་གནས་མི་མང་སྐྱོ་བོ་དག་ལ་རོགས་རམ་བྱ་རྒྱུ་ལས་ལས་འགན་གལ་ཆེ་བ་གཞན་མེད་སྙམ། འོན་ཀྱང་ཆང་རག་ཚོད་མེད་ཐུང་བ་དང་། རྒྱགས་རེ་རྒྱགས་མཁན་སོགས་ལ་ལྟ་ཐོག་བྱ་མཁན་གཞན་ཞིག་དོན་ཡོངས་མདོག་ཁ་པོ་རེད། འོན་ཀྱང་ཆང་རག་ཚོད་མེད་ཐུང་བ་དང་། རྒྱགས་རེ་རྒྱགས་མཁན་སོགས་ནི་སྐྱིད་གྲགས་ནས་དེ་ལྟར་བྱུང་བ་ཡིན་དང་དཀའ་ངལ་ཞིག་ཕྲད་ནས་བྱུང་བ་ཡིན་བཏགས་དཔྱད་བྱས་ནས་རོགས་རམས་གནང་ཐབས་བྱ་རྒྱུ་ལས་བསྐོར་སྲུང་བ་ལ་ལམ་སེང་རྩིས་སྤྲོད་བྱ་ཀི་ཡིན་ཟེར་བ་ནི་དཔོན་ཉམས་རིང་ལུགས་པའི་བྱེད་བཏང་ཞིག་རེད། མ་གཞི་རྡ་ས་ས་ཆ་ཆུང་ཆུང་དེར་ཆབ་སྲིད་པ་མང་གྲགས་པ་རང་གི་སྣང་བ་མ་འགྲོ་བ་ཞིག་བྱུང་ན་ལམ་སེང་རྒྱ་མི་གསོ་བ་དང་ཡང་ན་འཇགས་པ་རེད་ཟེར་ལངས་ཡས་མེད་པ་བཟོ་བདེན་པ་ཐག་གཅོད་རེད། དེ་བས་ཀྱང་རྡ་སར་སྡོད་པའི་གསར་འབྱོར་བ་དག་ཟབ་ཟབ་མ་བྱས་ན་སྐྱག་པ་ཤོར་ཤོར་བཟོ་ཐག་གཅོད་རེད།

    Reply
  14. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་ནས་སྲིད་དབང་གི་འགན་བཞེས་མ་གནང་ནའང་ང་ཚོས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བཀའ་དྲིན་རྗེས་མཚོན་ཆེད་དུ་བོད་ཀྱི་མང་གཙོ་གཞུང་ལ་མིང་དགའ་ལྡན་ཕོ་བྲང་ཞེས་བཏགས་ན་མ་འགྲིགས་པ་ག་ལ་ཡོད། རྒྱ་གར་གཞུང་ནས་ཨེ་དྷར་གྷན་དྷིའི་བཀའ་དྲིན་དྲན་སླད་དྷཱི་ལིའི་གནམ་ཐང་ལ་ཨེ་དྷར་གྷན་དྷིའི་གནམ་ཐང་ཞེས་མིང་བཏགས་ཡོད། དགའ་ལྡན་ཕོ་བྲང་ནི་དགེ་ལུགས་ཕོ་བྲང་ལ་གོ་རྒྱུ་མིན་པར་དགའ་ལྡན་ཡིད་དགའ་ཆོས་འཛིན་ལ་གོ་དགོས་པ་༸རྒྱལ་དབང་དགེ་འདུན་རྒྱ་མཚོའི་རྣམ་ཐར་དུ་གསལ་ལོ།

    Reply
  15. གངས་ཆབ། says:
    ལོ་ 14 སྔོན།

    ངྷ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོས་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་བརྗོད་དོན། དགའ་ལྡན་ཕོ་བྲང་ནི་འཛམ་གླིང་སྟེང་གི་སྲིད་གཞུང་རྙིང་ཤོས་དེ་ཡིན་
    དགའ་ལྡན་ཕོ་བྲང་གི་མིང་ལ་འགྱུར་བ་གཏོང་དགོས་དོན་གང་ཡང་མི་འདུག༽

    ཞེས་པའི་ཐད་ལ།བསམ་ཚུལ་ཅུང་ཙམ་ཞུས་པ་ཡིན་ན།༸གོང་ས་མཆོག་གིས་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དབང་ཆ་ཕྱིར་བསྡུར་གནང་བ་ལས།དགའ་ལྡན་ཕོ་བྲང་གི་མཚན་ཕྱིར་བསྡུར་གནང་གིན་མེད་པ་དེའང་མཁྱེན་ཀྱིན་ཡོད་ས་མ་རེད།དགའ་ལྡན་ཕོ་བྲང་གི་མཚན་སྔར་བཞིན་གནས་ཀྱིན་ཡོད་རེད་གནས་ཡང་དགོས་ཀྱི་རེད།༸གོང་ས་མཆོག་གི་བཀའ་སློབ་གནང་བཞག་པ་དེ་ཚོ་ཡག་པོ་བྱས་ནས་་ཉན་ཡོད་ས་མ་རེད།བླ་བྲང་དགའ་ལྡན་ཕོ་བྲང་ནི་དུས་ནམ་ཡང་ནས།ནམ་ཡང་གནས་ཀྱི་ཡོད་པ་དེ་མཁྱེན་པར་མཛོད།

    ༼ངྷ་ས་ས་གནས་བོད་མིའི་སྒྲིག་གཞིའི་སྐོར་ལ།༽
    མདོར་བསྡུས་ཙམ་ཞུས་པ་ཡིན་ན།འདིའང་མི་འགྲིག་དེ་ཡང་བྱེད་མི་རུང་བ་ཞིག་བརྗོད་འདུག་པ་ལས།ཁ་ཡོད་ལག་ཡོད་ཀྱི་ས་གནས་མི་མང་རྣམས་པའི་འཚོ་གོས་ཀྱི་དཀའ་ངལ་རིག་སེལ་ཡག་གི་ལས་དོན་ཐོག་ལ།ཕན་ཐོག་ཡོད་པའི་ལམ་སྟོན་འདྲ་ཞིག་གཏན་ནས་གནང་ཡག་མེད་པས་སྒང་ལ་འདིའང་མི་འགྲིག་དེའང་མི་ཆོག་ཟེར་བར་མ་ཚད།གལ་སྲིད་དེ་དང་འགལ་བ་བྱུང་ན།ས་གནས་སྐོར་སྲུང་བར་འམ་ཉེས་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་ཟེར་བ་ནི།ཉམ་ཆུང་བོད་མི་ཚོའི་ཐོག་ཐུབ་ཚོད་གཏང་གིན་ཡོད་པ་ཞིག་ལས་གཞན་གང་ཡང་མ་མཐོང་།

    Reply
  16. ལྕགས་སྤྲེལ། says:
    ལོ་ 14 སྔོན།

    ད་ཡིན་ན་ཡང་ཕྱོགས་རིས་ཞེན་ཁོག་ཅན་འགའ་རེ་རོ་ལང་རྒྱབ་ཁྲབ་འདིག། དངོས་གནས་རང་མི་རིག་གི་མ་འོང་བདེ་སྐྱིད་ལ་བསམ་བློ་རེ་བཏང་ན་ཧ་ཅང་བཟང་དེ་མིན་དེ་འདྲ་ཕྱོགས་རེས་འཐེན་འཁྱེར་བྱས་སྐྱང་པ་བྱས་ན་༧གོང་ས་མཆོག་ཐུགས་ཕམ་ཡོང་བའི་མི་ཚད་དགོངས་པ་གཞན་དོན་ཏུ་གཤེགས་ན་འཁྱོད་ཀྱང་མཆི་སོང་ནི་རེད།

    Reply
  17. དབྱར་ཁབ་ཀུན་བཟང། says:
    ལོ་ 14 སྔོན།

    ཚོགས་གཙོ་བསྟན་འཛིན་ལགས་ཀྱིས་ཀླད་རྙིང་མཁྲེགས་གསུམ་གྱི་གཏམ་བཤད་ལས་དོན་དུ་གུ་ཡངས་དྭངས་པའི་བསམ་བློ་རིང་དུ་བོར་ཏེ་ཆོས་ལུགས་དབྱེ་མེད་དང་ཆོལ་གསུམ་གཅིག་སྒྲིལ་གྱི་མིང་ཞིག་ལ་དགོངས་བཞེད་གནང་མི་འདུག་དྲན་གྱི་འདུག
    གཟུ་གནས་དང་ལྡན་པ་རྣམས་ཀྱི་གསུང་དང་།

    Reply
  18. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    མི་འདི་ཚོ་དགའ་ལྡན་ཕོ་བྲང་མིང་འདི་འཛམ་གླིང་རྙིང་ཤས་གང་ནས་གསུང་། ཡིན་ན་ཡང་དེ་བཞག་དགོས་ན་དགོས་བ་གང་ཡོད་། ཉེ་ཆར་རང་༧གོང་ས་མཆོག་ནས་གསུང་མི་འདུག་གམ། དགའ་ལྡ་ཕོ་བྲང་འདི་དགེ་ལུགས་པའི་མིང་གི་གཞུང་རེད། དེང་ངོས་བར་དུ་བསྒྱུར་དགོས་ཚུལ་གསུང་འདུག མི་ཚོ་གྲས་རེད་བསམ་བཞིན་བསྟན་བཤིག་མཁན།

    Reply
  19. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མཚན་དེ་སུས་བསྒྱུར་བ་གཏོང་ཐུབ་བམ། དེ་ནི་སྤྱི་མཐུས་གྲོས་ཚོགས་སམ་བོད་མི་མང་གི་མང་མོས་བསམ་འཆར་བསྡུ་རུབ་ཀྱི་ལམ་ནས་གཏོང་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese