བྱང་ཨ་རིའི་གཙུག་ལག་སློབ་གྲྭ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གདན་ཞུས་ལྟར། ༧གོང་ས་མཆོག་གིས་ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་ནས་དུས་ཡུན་ཟླ་ཕྱེད་ལྷག་གི་རིང་། ཨ་རིའི་ཁཱ་ལི་ཧྤོར་ནི་ཡ་དང་ཊེ་ཁུ་སི་མངའ་སྡེ་གཉིས་གཙོས་པའི་གྲོང་ཁྱེར་ཆེ་ཁག་ཏུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ལེགས་པར་བསྐྱངས་ཏེ། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་། ངྷ་ས་བོད་རིགས་སེར་སྐྱ་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་སོང་ལ། ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཞུས་དོན་བཞིན། ཟླ་རྗེས་མའི་ཚེས་མགོ་ནས་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བོད་རིགས་ན་གཞོན་རྣམས་ལ་དུས་ཡུན་ཉིན་གཉིས་རིང་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །ཇི་སྲིད་བསྐལ་པ་རྒྱ་མཚོའི་བར། །དེ་སྲིད་མགོན་པོ་བརྟན་བཞུགས་གསོལ། །འགྲོ་འདུལ་འཕགས་མཆོག་སྤྱན་རས་གཟིགས་དབང་དངོས། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡིས། །སྐུ་ཚེ་བརྟན་ཅིང་རི་བོ་གྲུ་འཛིན་ཆེར། །མྱུར་དུ་ཁྲིར་འགོད་རྒྱལ་བསྟན་དང་རྒྱས་ཤོག