མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་འཕོས་སྟངས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

འབའ་པ་སྐལ་བཟང་འཕྲིན་ལས།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དམངས་ཀྱི་སེམས་ཁམས།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ནང་བོད་གཞུང་ཞེས་པའི་ཚིག་ཚབ་ཏུ་བཙན་བྱོལ་བོད་མི་ཡི་སྒྲིག་འཛུགས་ཞེས་འཁོད་པ་མཐོང་འཕྲལ་མི་མང་པོ་ཞིག་སེམས་ཁམས་སྟོང་སང་སང་ཤིག་ཏུ་འགྱུར་ཡོད་པ་རེད། རང་བཙན་གཙང་མ་ནས་ལམ་དབུ་མ། ལམ་དབུ་མ་ནས་རང་ སྲིད་རང་སྐྱོང་། དེ་ནས་མིང་དོན་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་། དེ་ཡི་ཐོག་ད་དུང་མར་ཕབ་ནས་དེ་རིང་བོད་གཞུང་ཞེས་པའི་མིང་བྱང་དེ་གཏོར་ནས་བཙན་ བྱོལ་བོད་མིའི་སྒྲིག་འཛུགས་བར་བསླེབས་སོང་ལ།

ད་ནི་གཞུང་དང་རྒྱལ་ཁབ་གང་ཡང་མེད་པར་སེམས་ནང་ནས་འཇུ་ས་བརྟེན་ས་ཅི་ཡང་མ་ལྷག་པར་སྟོང་སང་ངེ་གྱུར་ཐལ། ད་ནི་རྒྱ་ནག་གིས་བཤད་པ་ལྟར་ཡུལ་གྱར་སྲིད་གཞུང་ལ་ལས་ཀ་གཅིག་ཡོད་པ་ནི་རང་ཉིད་མེད་པར་བཟོ་རྒྱུ་དེ་རེད་ཟེར་བ་བཞིན་དེ་རིང་བྱ་བ་དེ་ཡི་མགོ་འཛུགས་པ་ཨེ་ཡིན་སྙམ་ནས་གང་ཞིག་བོར་བརླག་སོང་པའི་སྣང་བའི་དབྱིངས་སུ་གནས་ཡོད།

སྤྱིར་བཏང་དྷ་སར་ཡོད་པའི་བཙན་བྱོལ་བོད་གཞུང་ཟེར་བ་དེ་རྒྱལ་ས་ལྷ་སར་ཡོད་པའི་བོད་ཆོས་སྲིད་གཉིས་ལྡན་གྱི་གཞུང་དེ་རྒྱ་དམར་གྱི་དྲག་གནོན་དང་བཙན་འཛུལ་ལ་སོགས་པའི་ཉེན་ཁ་ལས་བྱོལ་པའི་གཞུང་ཞིག་ལ་གོ་བ་རེད་ལ། ང་ཚོ་བོད་མི་ཡི་མིག་ངོར་རྒྱལ་ཁབ་གཅིག་གི་སྲིད་གཞུང་གི་སྣང་ཚུལ་ཡང་ཡོད་ཆོག འོན་ཀྱང་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་བྱུས་འོག་ནས་བོད་གཞུང་ཞེས་པའི་མིང་དེ་བསྒྱུར་དགོས་པ་ཡང་གཏན་ནས་ཡོད་པ་མིན་ཏེ། རྒྱ་ནག་གི་ལྷ་སར་ཡོད་པའི་བཀའ་ཤག་གི་སྲིད་གཞུང་དེར་སྐབས་སྔོན་མ་ནས་བོད་ས་གནས་སྲིད་གཞུང་ཟེར་ནས་རང་ཉིད་ཀྱི་དབང་ འོག་ཏུ་ཡོད་པའི་གཞུང་ཞིག་ལས་རྒྱལ་ཁབ་ཀྱི་གཞུང་གི་གོ་བབ་སྤྲོད་ཀྱི་མེད་པས་དྷ་སའི་ཡོད་པའི་གཞུང་དེ་ལ་རང་བཙན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་བརྩིས་ནས་ལམ་དབུ་མའི་ལམ་ལུགས་འོག་ནས་གྲོལ་མོལ་བཟོ་པར་འགོག་རྐྱེན་སྤྲོད་མི་སྲིད། དེས་ན་མིག་གཉིས་ནང་སྣང་སོ་སོར་ཡོད་པའི་གཞུང་དེ་སོར་བཞག་བྱས་ན་ལམ་དབུ་མའི་རིང་ལུགས་ལ་དོ་ཕོག་ཅི་ཡང་འགྲོ་མིོ་སྲིད།

གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་ནས་བོད་གཞུང་ཞེས་པའི་མིང་བྱང་དེས་ད་ཕན་དཀའ་ངལ་སྤྲོད་རབས་མེད་ལ། ད་ཡང་དཀའ་ངལ་གང་ཞིག་འོངས་པའི་སྔོན་བརྡ་གང་ཡང་མེད། ཡོད་ཚད་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བསྐྱོད་དགོས་ན་ང་ཚོ་ཉི་མ་སང་ཉིན་ནས་གནས་འདིར་སྡོད་མི་ཆོག་པར་རང་འགུལ་ཐོག་ནས་འགྲོ་དགོས་པའང་ཆགས་སྲིད།

གང་ལྟར་བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་དྷ་སའི་གཞུང་དེ་བོད་གཞིེས་བྱེས་གཉིས་ཀྱི་ཚབ་མཚོན་པའི་ལྷ་སའི་སྲིད་གཞུང་དེ་གནས་སྤོས་ཙམ་ལ་ངོས་འཛིན་གྱི་ཐོག་ནས་ནམ་ཡང་ང་ཚོའི་སྲིད་གཞུང་ངོ་སྙམ་ནས་སེམས་པའི་བབ་སྟེགས་ཤིག་ཏུ་སེམས་བཞིན་ཡོད། ད་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བཅོས་པ་ཡིན་ན་བཙན་བྱོལ་ན་ཡོད་པའི་བོད་མི་ཡི་བདེ་དོན་ཚོགས་པའི་ཚབ་མ་གཏོགས་མཚོན་མི་ནུས་པས་མིང་ཚིག་དེ་གང་བྱུང་ བཅོས་འགྱུར་གཏོང་པའི་དབང་ཆ་དེ་ང་ཚོ་བྱེས་འབྱོར་བ་གཅིག་པུ་ལ་ཡོད་མེད་ཀྱང་བསམ་གཞིག་བྱ་དགོས།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཞི་མོལ།

སྤྱིར་བཏང་བོད་གཞུང་ཞེས་པའི་མིང་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བའི་ཚིག་ཚབ་ཏུ་བཅོས་དགོས་པའི་ཆེད་དོན་ནི་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བསྟུན་པ་ཡིན་ཟེར་ཡང་། གཙོ་བོ་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་བྱུས་ཤིག་འཛིན་པར་གདོན་མི་ཟ་ལ་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གིས་ཏྰ་ལའི་བླ་མ་བོད་ཀྱི་མགོ་ཁྲིད་ཀྱི་མཚན་གནས་ཟུར་ན་ཡང་ཏྰ་ལའི་བླ་མ་དང་ཁོང་གི་རྗེས་འབྲང་པ་ཉུང་ཤས་ཤིག་གི་མདུན་ལམ་ཐག་གཅོད་ཆེད་གྲོས་མོལ་ལམ་ཁ་ཡོད་པ་ལས་ཡུལ་གྱར་སྲིད་གཞུང་དང་གྲོལ་མོལ་ཡོང་ཐབས་མེད་ཟེར་ནས་བཤད་པ་ལྟར་ཟིན་བྲིས་ཚོགས་ཆུང་གི་བཅའ་ཁྲིམས་ཟིན་བྲིས་ནང་དུ་ཡང་། བོད་གཞུང་ཞེས་པའི་ཚིག་བཅོས་པ་རེད་ལ། ད་ཐེངས་༧གོང་ས་མཆོག་བོད་ཀྱི་དབུ་ཁྲིད་ཀྱི་མཚན་གནས་ཟུར་བ་དང་སྟབས་བསྟུན་རྒྱ་གཞུང་གིས་ཀྱང་ཏྰ་ལའི་བླ་མ་དང་ཁོང་གི་རྗེས་འབྲང་པ་ཉུང་ཤས་དང་ལྷན་གྲོས་མོལ་གྱི་ལམ་ཁ་ཡོད་རབས་བཤད་དུས་དྷ་སའི་གནད་ཡོད་མི་སྣ་བསྙད་པ་ཚོས་ཀྱང་། ༧གོང་ས་བོད་ཀྱི་དབུ་ཁྲིད་ཀྱི་མཚན་གནས་ལས་ཟུར་ན་དམིགས་བསལ་སྐུ་ཚབ་མིང་ཐོག་ནས་བོད་དོན་ཐག་གཅོད་ཀྱི་དབང་ཚད་དང་ལམ་ཁ་མེད་དུས། རྒྱ་གཞུང་གིས་གོང་ས་མཆོག་གི་རྗེས་འབྲང་པ་ཉུང་ཤས་ཤིག་གྲོལ་མོལ་གྱི་ལམ་ཁ་ཡོད་མདོག་བསྟན་པའི་གོ་སྐབས་དེ་ལེན་འདོད་ཀྱི་བཅའ་ཁྲིམས་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བའི་ཚིག་དེ་འབད་ཆེན་པོས་སྣོན་ཐབས་བྱས་པ་རེད།

འདས་པའི་ལོ་ཤས་རིང་རྒྱ་དང་ལྷན་དུ་གྲོལ་མོལ་བྱས་རིང་རྒྱ་ཡིས་བཀོད་མངགས་ལྟར་རང་རྒྱལ་དང་མེས་རྒྱལ་ཞེས་པའི་ཚིག་ཡན་བེད་སྤྱོད་བཏང་ཡོད་ལ། མི་རིགས་ས་གནས་རང་སྐྱོང་གི་ཚིག་ཀྱང་སྤྱད་ཡོད། འོན་ཀྱང་རྟིང་མར་མི་རིགས་ས་གནས་རང་སྐྱོང་གི་མིང་བྱང་འཁོད་པའི་དགོས་འདུན་ཡིག་ཆ་ལ་ཡ་ལན་བཟང་པོ་མེད་པའི་ཁར་རྣམ་པ་བསྒྱུར་པའི་རང་བཙན་རེད་ཟེར་ནས་སྔར་བཞིན་སྐྱོན་འཛུགས་བྱས་ཡོད། དེ་ཐེངས་ཀྱང་རྒྱ་ཡིས་བཀོད་མངགས་དང་རྒྱ་ལ་འཛིན་པའི་བསྟུན་མཁས་སྲིད་ཇུས་ཀྱི་འོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་ནས་བཅོས་ན་ཡང་རྟིང་མར་རྒྱ་གཞུང་གི་ཁ་བྲལ་གྱི་ལས་འགུལ་སྤེལ་སྟངས་རེད་ཟེར་རྐྱང་རེད། གལ་ཏེ་བཅའ་ཁྲིམས་ནང་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཞེས་འཁོད་ཚར་རྗེས་བཙན་བྱོལ་བོད་མི་ཡི་སྒྲིག་འཛུགས་ ཞེས་པའི་མིང་བྱང་འོག་ནས་བོད་རྒྱ་གྲོས་མོལ་ཐེངས་ཁ་ཤས་མཐུད་སྲིད་ཀྱང་དོན་དམ་པར་གཞིས་ལུས་བོད་མིའི་མངོན་འདོད་གཏན་ནས་སྒྲུབ་ཐུབ་མི་སྲིད།

གང་ལྟར་དྷ་སའི་སྲིད་དོན་པ་ཁྱུ་གཅིག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་བཀའ་དང་ཐག་ཇེ་ཉེ་ནས་ཉེར་སོང་པའི་སོང་པའི་ཚོར་སྣང་བྱུང་ལ། བོད་རྒྱ་ཞི་མོལ་ཟེར་བ་དག་ཀྱང་དོན་དུ་དབུ་མའི་ལམ་གྱི་རིན་གོང་གཅོད་བྱེད་རང་ཆགས་པའི་ཚོར་སྣང་བྱུང་། ད་ཐེངས་ཀྱི་གནང་སྟངས་དེ་ད་ནི་རྒྱ་ལ་ང་ཚོ་རྒྱ་འོག་ཏུ་འཛུལ་བཅུག་རོགས་ཟེར་བ་ལྟ་བུ་ཞིག་ཡིན་པའི་ཚོར་སྣང་ཡང་བྱུང་ངོ་།།

གང་ལྟར་ད་ནས་དྷ་རམ་ས་ལ་ཕྱོགས་ནས་དབུ་མའི་ལམ་གོང་ཇེ་གཅོག་དང་མགོ་དེ་ཇེ་སྙེ་རེད་ལ། པེ་ཅིང་ཕྱོགས་ནས་མགོ་ཇེ་མཁྲེགས་དང་ཧམ་པ་ཇེ་ཆེ་རེད། རྒྱ་ཡི་མིག་ནང་ང་ཚོས་སྒྲོག་བཞིན་པའི་དབུ་མའི་ལམ་དེ་ཡང་རང་བཙན་ལྟར་ཡོད་ཐག་ཆོད་རེད། རྒྱ་ཡི་དགོས་འདོད་དང་མིག་ནང་གི་དབུ་མའི་ལམ་དེ་ནི་བོད་གཞུང་ཕྱིར་བསྡུས་ཏེ། དགོས་འདུན་གང་མེད་པར་བོད་དུ་ལོག་རྒྱུ་དེ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༣ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༣ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༧ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 9

  1. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    གྲོགས་པོ་རྣམས་བསམ་བློ་ཡག་པོ་གཏོང་རོགས་།
    བོད་གཞུང་ཞེས་པའི་མིང་དེ་བཙན་བྱོལ་སྒྲིགས་འཛུགས་ལ་སྒྱུར་དགོས་དོན་འདི་རེད།།
    དབུས་གཙོང་ཆོལ་ཁ་ནས་མི་གཉིས་ཀྱིས་བོད་གཞུང་རྒྱ་གར་ཁྲིམས་ཁང་ནང་ལ་བཏུགས་ནས་ལོ་མང་པོ་སོང་པ་རེད་། ཁྲིམས་ཁང་ནས་བོད་གཞུང་ཞེས་པ་ཅིག་ཁས་མི་ལེན་དུས་།
    ཁ་མཆུ་མི་གཉིས་པོ་ལ་ཐུབ་སྲིད་པ་འམ་། ཡང་ན་ཁྲིམས་ཁང་ནས་མིང་སྒྱུར་དགོས་པའི་
    བཀའ་རྒྱ་གཏང་སྲིད་པ་ལ་བསམ་ནས་གནས་ཚུལ་བྱུང་པ་རེད་།

    ཧ་མ་གོ་བའི་ཧམ་བཤད་མ་གསུངས་ན་ཡག་།

    Reply
  2. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    དྲ་གྲོགས་སྐལ་བཟང་ལགས།
    བསྐྱར་དུ་ཞུ་དགོས་བྱུང་སོང་བས་དགོངས་འགལ་མེད་པ་ཞུ།
    རང་བཙན་གཙང་མ་ནས་ལམ་དབུ་མ། ལམ་དབུ་མ་ནས་རང་ སྲིད་རང་སྐྱོང་། དེ་ནས་མིང་དོན་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་། དེ་ཡི་ཐོག་(ད་དུང་མར་ཕབ་ནས་)ཅེས་ལངས་ཕྱོགས་མི་འདྲ་བ་དང་རིམ་པ་མི་འདྲ་བ་
    ཆེན་པོ་གསུམ་བཤད་ནས་རིམ་པ་བྱས་ནས་མར་མར་ཕབ་ཡོད་ཚུལ་དེ་ཁྱེད་རང་གི་
    བཤད་པ་རེད།ཡིན་ན་ཡང་མཆན་ནང་དུ་དེ་གསུམ་ལ་ཁྱད་པར་མ་འབྱེད་པར་གཅིག་པ་ཡིན་ཁུལ་བཤད་འདུག།དེས་ན་(ད་དུང་མར་ཕབ་ནས་)ཅེས་པའི་ཚིག་དེ་ལ་གོ་དོན་གཏན་ནས་མེད་པའི་ནམ་མཁའི་མེ་ཏོག་གི་སྤུན་མཆེད་དེ་ཡིན་ནམ།ཁྱད་པར་མེད་པ་ཤེས་བཞིན་དུ་ཁྱད་པར་ཡོད་ཁུལ་བཤད་ན་ནི་རྒྱུ་མཚན་ཞིག་ཡོད་དགོས་ལ།རིག་པ་དག་གསལ་ཅན་གྱི་མི་ཞིག་ཡིན་དེ་འདྲ་རེད།མིན་ན་ནི་གང་ཤེས།མདོར་ན་ངའི་དྲི་བ་ནི་དེ་གསུམ་གྱི་བར་ལ་ཁྱད་པར་གང་ཡོད་གསལ་པོ་ཞིག་བཤད་རྒྱུ་ཡོད་དམ། ཁྱད་པར་མེད་ན་གོང་གི་ཚིག་སྦྱོར་གྱི་རིམ་པ་དེའི་གོ་དོན་དང་དགོས་པ་རྒྱུ་མཚན་གང་
    ཡིན་ནམ།བཀའ་ལན་ཁ་གསལ་གཅིག་ཡོད་པ་ནི་ངའི་རེ་བ་རེད།དེ་མིན་དྲ་བརྒྱུད་བྱིས་བློ་ལ་གང་དྲན་བྲིས་ནས་ཁྱབ་སྤེལ་བྱས་ན་ཕན་ཐོག་མི་འདུག།རང་དབང་ཡོད་པ་རྣམས་བེད་སྤྱོད་གཏོང་སྟངས་མི་ཤེས་ན་དུད་འགྲོ་དང་གཅིག་མཚུངས་རེད།

    Reply
  3. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 14 སྔོན།

    དྲ་གྲོགས་མི་ཉག་པ་ལགས།ངས་ཀྱང་ཟིན་བྲིས་ན་འདུག་ཟེར་བ་ལས་ཐག་བཅད་འདུག་ཟེར་མེད་ལ།གྲོས་ཚོགས་ནང་གླེང་ན་ཡང་འདྲ་མ་གླེང་ན་་འདྲ་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་གནད་དོན་དེའི་སྐོར་གླེང་ཆོག་པ་དང་ཐོབ་ཐང་ཡོད་ཙ་ན་ངས་ཀྱང་སྐད་ཆ་འདི་དག་བཤད་ལེ་ཡིན།
    མི་རིགས་ས་གནས་རང་སྐྱོང་སོགས་དབུ་མའི་ལམ་ལུགས་ཡིན་ཟེར་མཁན་དང་འགྲེལ་བརྗོད་རིང་པོ་རེ་གནང་མཁན་ཡང་ཡོད་པ་རེད་ལ།དེ་དག་དབུ་མའི་ལམ་ལུགས་མ་རེད་ཟེར་མཁན་ཀྱང་ཡོད་པ་རེད།
    ངས་ཀྱང་དབུ་མའི་ལམ་ཟེར་བའི་ལྟ་གྲུབ་གཞི་འཛིན་ས་དེ་ཚད་མཐོའི་རང་སྐྱོང་ལ་ངོས་འཛིན་བྱེད་བཞིན་ཡོད་ལ།གཞི་འཛིན་ས་གང་ཡང་མེད་པར་རིན་གོམ་ཇི་ལྟར་གཅོད་ཀྱང་དབུ་མའི་ལམ་ལུགས་ཀྱི་ཁྱབ་ཁོངས་ཡིན་པའི་བསྙད་འདོགས་དག་ལ་ཡིད་རྟོན་གཏན་ནས་མེད་།

    Reply
  4. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    སྐལ་བཟང་ལགས་ཞུ་རྒྱར།
    སྤྱི་བཏང་བྱས་ནས་ཁྱེད་རང་བཤད་པ་རྣམས་བདེན་པ་ལྟ་བུའི་སེམས་ཚོར་དེ་མི་མང་པོ་ཞིག་ལ་ཡོང་ངེས་རེད།འོན་ཀྱང་གནས་དོན་དེའི་ཐོག་གྲོགས་ཚོགས་སུ་བགྲོ་གླེང་གནང་རྒྱུ་རེད།ཐུགས་ཁྲལ་གནང་ཆོག་ཀྱང་དེ་ཙམ་གྱི་དགོས་པ་མ་མཐོང།ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་རྣམས་ཟིན་བྲིས་ཙམ་ལས་ཐག་གཅོད་མིན། ཟིན་བྲིས་གང་བརྒྱབ་ཆོག་མིན་ས་མཚམས་མེད་ཙང་ཟིན་བྲིས་མང་པོ་ཞིག་བརྒྱབ་
    ནས་གྲོགས་ཚོགས་སུ་སྤྱན་འབུལ་ཞུ་དགོས་པ་དེ་ཟིན་བྲིས་ཚོགས་ཆུང་གི་ལས་འགན་རེད།ཞུ་འདོད་བྱུང་བ་ཞིག་ནི་ཁྱེད་རང་གི་རྩོམ་ཡིག་གིས་འབྲས་རྟགས་ཤིག་མངོན་པ་ནི་ཁྱེད་རང་གིས་དབུ་མའི་ལམ་དང་རང་སྲིད་རང་སྐྱོང་།བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གསུམ་གྱི་བར་ལ་ཁྱད་པར་ཆེན་པ་ཞིག་
    ཡོད་པ་ངོས་འཛིན་བྱས་པ་དེ་རེད།རང་བཙན་གཙང་མ་ནས་ལམ་དབུ་མ།ལམ་དབུ་མ་ནས་རང་སྲིད་རང་སྐྱོང་།དེ་ནས་མིང་དོན་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་།དེ་ཡི་ཐོག་ད་དུང་མར་ཕབ་ནས་ཅེས་བྲིས་པ་དེ་རེད།རྒྱུ་མཚན་དེ་ལ་བསམ་ན་ཁྱེད་རང་གིས་ངེས་པར་དུ་དབུ་མའི་ལམ་དང་རང་སྲིད་རང་སྐྱོང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གསུམ་གྱི་བར་ལ་ཁྱད་པར་གང་ཡོད་གསལ་པོ་ཞིག་བཀའ་ལན་ཡོད་པ་མཁྱེན་མཁྱེན།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    གོ་སྐབས་རེ་ཤོར་བ་དང་མགོ་བསྐོར་རེ་ཐེབས་པ། བཙན་བྱོལ་གཞུང་གི་བཙའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་བཙའ་ཁྲིམས་ཟིན་བྲིས་ནང་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་གནས་དེའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་བཞེས་བཀོད་པ་ནས་བཟུང་བོད་མི་མང་པོ་ཞིག་གི་སེམས་ལ་རྨ་ཁ་དང་ཡིད་ནས་རེ་བལྟེས་བཅོལ་ཡུལ་མེད་པ་སྟོང་སྟོང་ལྷང་ལྷང་གི་འཚོ་བ་སྐྱུར་མོ་ཞིག་སྦྱིན་ཡོད་པ་ཀུན་གྱི་མཐོང་ཆོས་ཡིན།

    རེད་ཡ་འདས་པའི་ལོ་རབས་དེ་དག་ལ་ཕྱིར་མིག་ཞིག་བལྟས་པ་ཡིན་ན་དངོས་སུ་མཐོང་བ་ནི་གོ་སྐབས་རེ་ཤོར་བ་དང་ལྷན་དུ་མགོ་བསྐོར་རེ་ཀྱང་ཐེབས་ཡོད་པ་མ་ཡིན་ནམ། གོ་སྐབས་ཤོར་མཁན་ནི་རྒྱལ་བོད་གཉིས་ཀ་ཡིན་ཀྱང་མགོ་བསྐོར་ཐེབས་མཁན་ནི་བཙན་བྱོལ་བ་ང་ཚོ་མིན་ནམ། ངས་འདས་པའི་ལོ་རྒྱུས་མང་པོ་མི་ཤེས་ཀྱང་ངེད་རང་བྱིས་པའི་སྐབས་ཞིག་ལ་རྒྱ་ནག་གི་དབུ་འཁྲིད་ཏེང་ཞོའོ་ཕིང་གིས་རང་བཙན་གྱི་སྐད་ཆ་མ་བཤད་ན་དེ་མིན་ག་རེ་བཤད་ཀྱང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཐུབ་ལུགས་ཞིག་བཤད་ཡོད།
    གཅིག་བྱས་ན་དེ་ཡང་མགོ་བསྐོར་གཏོང་ཐབས་ཞིག་དང་བསླུ་ཁྲིད་བྱ་ཐབས་ཤིག་ཡིན་ངེས་ཀྱང་སྐབས་དེ་དུས་བཙན་བྱོལ་ནང་རང་བཙན་གཙང་མའི་ལངས་ཕྱོགས་ཞིག་བཟུང་ཡོད་པས་ཐ་ཀར་འབྲེལ་བ་བྱུང་མེད་པ་ནི་རྒྱ་བོད་གཉིས་ཀྱི་གྲོས་མོལ་གྱི་གོ་སྐབས་ཤིག་ཤོར་བ་རེད་སྙམ།

    དེའི་དབང་ལས་བཙན་བྱོལ་ནང་ལྟ་སྒྲུབ་འདྲ་མིན་ཞིག་དར་མགོ་ཚུགས་དེ་ཡང་༼རང་བཙན་གཙང་མ་༽དང་། ༼རང་བདག་རང་གཅོད༽ ༼བདེན་པའི་དབུ་འཛུགས༽ ༼དབུ་མའི་ལམ་༽སོགས་མི་མང་ལ་འདེམས་ཀ་སྤྲད་པ་ཡིན། འོན་ཀྱང་སྐབས་དེ་དུས་ཀྱི་མི་མང་གིས་ཆབ་སྲིད་ཀྱི་གོ་མཐོར་ག་འདྲ་ཞིག་ཡོད་ངས་འགྲེལ་བརྗོད་བྱ་དགོས་མེད།

    སེམས་ཤུགས་ནི་ད་ལྟ་ལས་ཆེ་བ་མེད་ནའང་ཆུང་བ་རྩ་བ་མེད། རིམ་པ་དེ་འདྲ་ཞིག་རྒྱུད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་ཐེབས་ནས་༼དབུ་མའི་ལམ་༽ནི་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ཞིག་ཏུ་གཏན་འབེབས་བྱས་པ་ནས་བཟུང་རྒྱལ་སྤྱིའི་ནང་ཕྱི་ཚུགས་ཀྱི་རྒྱབ་བསྐྱོར་མང་དག་ཞིག་ཐོབ་ཡོད་ཀྱང་རྩ་དོན་ལ་དམན་པའི་རྒྱབ་བསྐྱོར་ཞིག་ད་བར་དུ་རེག་མེད།

    ཕྱི་ལོ་ ༡༩༩༥ གཡས་གཡོན་ནང་༼ལོ་དུས་གསལ་པོ་མ་ཤེས་༽ཡོ་རོབ་མཉམ་སྦྲེལ་ནས་རྒྱ་དམར་གནོན་ཤུགས་སྤྲད་དེས་དུས་ཚོད་ངེས་ཅན་ནང་བོད་ཀྱི་བདེ་དོན་ཆེད་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་བཀའ་མོས་མ་གནང་ན་བཙན་བྱོལ་གཞུང་དེ་ཁྲིམས་མཐུན་གྱི་གཞུང་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་བཤད་པས་རྒྱ་དམར་ལམ་སེང་གོ་སྐབས་དམ་འཛིན་བགྱིས་ནས་བཙན་བྱོལ་གཞུང་དང་འབྲེལ་བ་བྱས།

    བཙན་བྱོལ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་གཞུང་གི་བཤད་པ་ལྟར་གྲོས་མོས་ཐེངས་དགུ་བར་རྒྱུད་ནས་གོ་སྐབས་དེ་ཤོར་དུ་བཅུགས་པ་མ་ཟད་མི་ལོ་མང་པོ་ཞིག་རིང་མགོ་བསྐོར་བཏང་ཡོད། འདི་ལོའི་བོད་གཞུང་གི་མཚན་བརྗེ་སྒྱུར་གྱི་བྱ་བ་དེ་ཡང་ངས་བལྟས་ན་ཡང་བསྐྱར་མགོ་བསྐོར་ཞིག་ཐེབས་ཀྱི་མེད་དམ་སྙམ་ནས་སེམས་པ་སྐྱོ་ཞིང་སྐྱོ་ཞིང་ཟིན་བྲིས་འདི་ཉིད་སྤེལ་བ་ཡིན་པས་ནོར་འཇོལ་ཡོད་ན་བཟོད་པར་མཛོད་ཅིག

    Reply
  6. ཇ་མ་ says:
    ལོ་ 14 སྔོན།

    ༼བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་༽ཞེས་པའི་མིང་ཡང་མེད། བོད་གཞུང་ཟེར་བའི་མིང་ཡང་མེད། ད་ཐད་ཀར་ཀྲུང་གོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བསྒྱུར་ན་གང་འདྲ་འདུག

    Reply
  7. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    སྤུན་གྲོགས་སྐལ་བཟང་འཕྲིན་ལས་ལགས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད་་་་་རེད་བོད་གཞུང་གི་བབ་ཡ་མེད་མ་རྟོག་བབ་ནས་ག་རེ་གནང་རྩིས་ཡོད་ཤེས་ཀྱི་མི་འདུག་།གང་ལྟར་ང་ཚོའི་གཞུང་གི་རྒྱ་ནག་ལ་འབྲེལ་མོ་ཆད་དུ་འདི་འདྲ་ཞིག་གནང་དགོས་མེད་བསམ་གྱི་ཡོད་།

    Reply
  8. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    ཁྱོད་ཚོར་ཁག་མེད། འོན་ཀྱང་ཞིབ་ཏུ་བསམས་ན་སྡུག་སྐད་འདི་འཕྱིས་དྲགས་ཡོད། མ་འོངས་པའི་བོད་འདི་ཀྲུང་གོའི་མངའ་དབང་འོག་སྡོད་རྒྱུའི་སྲིད་ཇུས་ཕྱི་གསལ་ནང་གསལ་ཡོངས་གྲགས་རེད། དེས་ན་ད་བཙན་བྱོལ་བོད་གཞུང་ཞེས་མིང་རྫིག་པོ་ཞིག་ཁུར་མ་ཁུར་ཅང་མེད་པ་རེད། ནང་ཁྲོལ་བརྗེས་ཚར་ན་ཕྱི་གོས་ཙམ་གྱིས་ཅི་ལ་ཕན།
    བརྗེ་ན་བརྗེ་རུ་ཆུག བསྒྱུར་ན་སྒྱུར་དུ་ཆུག སྟེར་ན་སྟེར་དུ་ཆུག ད་ཅང་ལྷག་མེད་པ་རེད། ལྷག་མེད་པ་དེ་རྒྱ་གཞུང་གིས་བཟོས་པ་རེད། བོད་ལ་རོགས་མགོན་ཞིག་མེད་པས་མ་འཇོན་པ་རེད། ད་རུང་འཇོན་གི་མ་རེད།
    ད་སྐབས་སུ་བབ་པ་དང་བྱེད་ཐུབ་པ་རེ་ཡོད་པ་དེ་མི་རིགས་རང་སྐྱོང་དང་རང་སྲུང་གི་ཐབས་ཤེས་གང་ཡག་རེ་འཚོལ་རྒྱུ་དང་དོན་ཕན་ག་རེ་ཐུབ་མིན་ལ་སྔར་ལྷག་གིས་འབད་བརྩོན་བྱེད་དགོས། གཞིས་ལུས་བོད་མི་ཚོའི་བདེ་སྡུག་ལ་བལྟས་ནས་སྙིང་སྟོབས་རེ་སྐྱེད་དགོས། ལམ་བུ་ཞིག་འཚོལ་དགོས། ད་ནི་རེ་སྟོང་གི་གཞུང་ལམ་ཆེན་པོ་རིང་མོ་དང་གསར་གྱི་ཟམ་པ་སོགས་ལ་རྨི་ལམ་མ་གཏོང།

    Reply
  9. ལྕགས་སྤྲེལ། says:
    ལོ་ 14 སྔོན།

    འབའ་པ་སྐལ་བཟང་འཕྲིན་ལས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ་དེ་དེ་བཞིན་ཏེ་ཇི་ལྟར་ཁྱེད་གསུངས་པ་བཞིན་ང་དང་ང་འདྲ་བའི་མི་མང་པོ་ཞིག་གི་སེམས་ཁམས་སྟོང་པ་ཆགས་པ་མ་ཟད་ཟས་ཀྱང་ཡིད་ཁར་མི་ཡོང་བའི་ཁར་ར་བྱེད་གི་ཡོད་པ་ངེས་དངོས་སུ་མཐོང་སོང་ད་དྲྭ་གྲོགས་ཚོ་འདེས་སྐོར་ལ་རྩོམ་མང་དག་ཞིག་སྤེལ་ནས་གཞུང་དམངས་འཚོག་ཆེན་ལ་ཕུལ་ཐུབ་ན་རེ་བ་ཅུང་ཟད་ཨེ་ཡོད་བསྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese