མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་མགོ་འདོགས་ཞུས་པའི་བཅའ་ཁྲིམས་བསྐྱར་བཅོས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་དགྲ་འདུལ།

ད་ལྟའི་བཅའ་ཁྲིམས་འཆར་ཟིན་ནང་རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཐུགས་འགན་མ་བཞེས་པར།  དགའ་ལྡན་ཕོ་བྲང་སྲིད་དབང་མཇུག་བསྒྲིལ་རྒྱུ་དེ་གནད་དོན་ཆེ་ཤོས་ཆགས་ཀྱི་མེད་པ་འདྲ་པོ་ཆགས་འདུག དེ་ལས་ཀྱང་ཆེ་བ་ཞིག་ནི་ཁྲིམས་ཐོག་ནས་བོད་རྒྱལ་ཁབ་ཀྱི་གནས་བབ་དེ་རྦད་དེ་མེད་པ་བཟོས་ཏེ་རྒྱ་ནག་གི་མངའ་སྡེའི་གནས་བབ་དུ་བསྒྱུར་རྒྱུ་དེར་གྱུར་འདུག   

རྒྱུ་མཚན་ནི་སྔོན་ཆད་བཅའ་ཁྲིམས་ནང་ཡོད་པའི་བོད་རྒྱལ་ཁབ།  བོད་རྒྱལ་ཁབ་ཀྱི་དབུ་འཛིན།  བཙན་བྱོལ་བོད་གཞུང་ཞེས་པ་ཐམས་ཅད་མེད་པ་བཟོས་ཡོད།  དཔེར་ན།  བཅའ་ཁྲིམས་ཀྱི་ལེའུ་ལྔ་པ་དོན་ཚན་ང་བདུན་པའི་ནང་གསེས་དང་པོའི་ནང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་ཅེས་པར་མི་རིགས་ཀྱི་ཁེ་ཕན་ཆེད་ཅེས་བསྒྱུར་ཡོད། བོད་རྒྱལ་ཁབ་ཀྱི་དབུ་འཛིན་དགོས་ཀྱི་མེད་སྐོར་བརྗོད་ནས་ཐ་སྙད་འདི་དང་འབྲེལ་བའི་དོན་ཚན་ཡོངས་རྫོགས་ཕྱིར་བསྡུ་བྱས་ཡོད།   ཡང་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་འདི་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་བསྒྱུར་ཡོད།   བཅའ་ཁྲིམས་རྙིང་པའི་ནང་དུ་ཡོད་པའི་གཞུང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅེས་པའི་ཐ་སྙད་ལ་གཞུང་གི་ཚབ་ཏུ་འཛིན་སྐྱོང་དང་རྒྱལ་ཁབ་ཀྱི་ཚབ་ཏུ་མི་རིགས་བསྒྱུར་ཏེ་འཛིན་སྐྱོང་དང་མི་རིགས་ཀྱི་དབུ་ཁྲིད་ཅེས་བཟོས་ཡོད།  

གསར་དུ་འགྱུར་བ་བཏང་བའི་ཐ་སྙད་འདི་དག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་སྒྲོམ་གཞི་དང་ཡོངས་སུ་མཐུན་པ་རེད།  འགལ་རྐྱེན་གང་ཡང་མེད།  འོན་ཀྱང་བོད་མི་ཚོས་ད་བར་རྗོད་བཞིན་པའི་བོད་རྒྱལ་ཁབ་དང་བོད་གཞུང་ཞེས་པ་དེ་ད་ནས་བཟུང་རང་ངོས་ཀྱིས་ཁྲིམས་ཐོག་ནས་འགྱུར་བ་བཏང་སྟེ་རྒྱ་ནག་གཞུང་ལ་མགོ་འདོགས་ཞུས་པར་ཆགས་མི་འདུག་གམ།

ཐ་སྙད་འདི་དག་སྔོན་བརྗོད་ནང་དུ་བསླེབས་སྐབས།  དངོས་ཡོད་ལོ་རྒྱུས་དང་མ་མཐུན་པ་ཆགས་ཡོད།  གང་ཡིན་ཞེ་ན།  འདས་པའི་བཙན་བྱོལ་བརྒྱུད་རིམ་ནང་།  རྒྱལ་བ་རིན་པོ་ཆེ་བོད་རྒྱལ་ཁབ་དང་གཞུང་གི་དབུ་ཁྲིད་དུ་བརྩིས་ཡོད་ལ།  བཙན་བྱོལ་བོད་གཞུང་ཞེས་བཅའ་ཁྲིམས་སུ་གཏན་འབེབས་གནང་ཡོད།  འོན་ཀྱང་ད་ལྟ་ལོ་རྒྱུས་སུ་འགོད་སྐབས།  དེ་དག་ནི་མི་རིགས་དང་འཛིན་སྐྱོང་།  བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་རེད་བརྗོད་པ་ནི་དངོས་ཡོད་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་གྱུར།

འདི་ནི་དབུ་མའི་ལམ་གཞིར་བཟུང་རྒྱ་དམར་ལ་བསྟུན་མཁས་དང་སྤྲེལ་ལད་བྱས་པ་ཡིན་པ།  ད་ལྟ་བཅའ་ཁྲིམས་འཆར་ཟིན་གཉིས་ཀའི་ནང་གསལ་པོར་མཐོང་རྒྱུ་ཡོད་ལ།  ཁ་སང་བཀའ་ཤག་གིས་གཏམ་བཤད་ནང་ཡང་གསལ་པོ་གསུངས་འདུག   དེ་ཡང་བཀའ་ཤག་གསུང་འཕྲིན་ནང་དུ་གསུངས་པར།  “༧གོང་ས་ཆེན་པོའི་བར་སྐབས་ཀྱི་གསུང་བཤད་དང་གསུང་འཕྲིན་ཁག་གི་ནང་ད་ལྟ་སྐྱོང་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་ཕྱོགས་འགལ་འགྲོ་གཞིའི་བརྗོད་ཚིག་གང་ཡང་བེད་སྤྱོད་གནང་མེད།“ཅེས་དང་།  དཔེ་མཚོན་དུ་བོད་རྒྱབ་ཁབ་ཀྱི་དབུ་ཁྲིད་ཚབ་མི་རིགས་ཀྱི་དབུ་ཁྲིད་དང་བོད་གཞུང་གི་དབུ་ཁྲིད་ཚབ་འཛིན་སྐྱོང་དབུ་ཁྲིད་འགྱུར་བ་བཏང་བ་རེད་ཅེས་བརྗོད་ཡོད།  བཀའ་ཤག་གིས་བཅའ་ཁྲིམས་བསྐྱར་བཅོས་ནང་།  བོད་རྒྱལ་ཁབ་ཀྱི་དབུ་འཛིན་བསྐོ་བཞག་བྱ་རྒྱུ་མེད་པའི་ཐད་རྒྱུ་མཚན་གསུངས་པར།  ཡུལ་མིའི་རྒྱལ་ཁབ་ Republic ལག་བསྟར་བྱ་བར། རྒྱལ་ཁབ་ཀྱི་དབུ་ཁྲིད་དགོས་པའི་ངེས་པ་མེད། དེང་དུས་ Republic ཞེས་པ་རྒྱལ་ཁབ་ཀྱི་མངའ་སྡེ་ཁག་ལའང་བེད་སྤྱོད་བྱེད་ཀྱི་ཡོད་པས་དེ་དག་ལ་འོས་འདེམས་བྱས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་ཐ་སྙད་ཡོང་དོན་མེད་ཅེས་བརྗོད་ཡོད།  གསུང་འཕྲིན་དུ་ཡིག་ཐོག་མེད་ཀྱང་བཀའ་བློན་ཁྲི་པས་དངོས་སུ་གཏམ་བཤད་གནང་སྐབས།  དཔེ་མཚོན་དུ་ཡང་ཨུ་རུ་སུའི་མངའ་འོག་གི་སོག་རིགས་མངའ་སྡེ་ཁར་མིག་དང་སྦུ་རི་ཡ་བཞག་སྟེ་གསུངས་པར།  རྒྱལ་ཁབ་མིན་པར་རྒྱལ་ཁབ་དབུ་ཁྲིད་དགོས་དོན་མེད་གསུངས། གོང་གི་བཀའ་མོལ་འདི་དག་ཐད་ཀར་བརྗོད་པ་ཡིན་ན།  བོད་ཀྱང་རྒྱ་ནག་གི་ཆ་ཤས་ཏེ་མངའ་སྡེ་ཞིག་རེད།   རྒྱལ་ཁབ་ཅི་གང་མ་རེད།  དེར་བརྟེན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡོང་ཐབས་ཡོད་མ་རེད་ལ་དགོས་ཀྱི་མ་རེད་ཅེས་པ་དེ་རེད།

བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་གཉིས་པ་དེའི་ནང་ཚིག་སླ་རུ་བཏང་སྟེ་མི་རིགས་ཀྱི་དབུ་ཁྲིད་ལས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞེས་པའི་ཐ་སྙད་འདི་བཀོད་མེད་ཀྱང་།  སྤྱིར་ཞབས་སྟེགས་འདིའི་སྟེང་མི་སྣ་བསྐོ་རྩིས་ཡོད།  འོན་ཀྱང་དེ་ནི་ཁྲིམས་ཐོག་ནས་བོད་རྒྱལ་ཁབ་ཀྱི་ངོ་བོ་དོར་ཏེ་རྒྱ་གཞུང་ལ་མགོ་བཏགས་ཞུ་རྒྱུར་འགོག་རྐྱེན་ཆེ་བ་བརྟེན།  ཟིན་བྲིས་དེ་ཚོགས་ཆུང་ནང་མང་མོས་མེད་རྐྱེན་གསུངས་ཏེ་ཁ་སང་ཚོགས་འདུ་དངོས་སུ་མ་འཚོགས་བར་འགྲེམས་སྤེལ་བྱས་མེད།  

དོན་དངོས་ཐོག  ད་ལྟའི་བཅའ་ཁྲིམས་འཆར་ཟིན་གྱིས་ད་ནས་བཟུང་བོད་ལ་ཁྲིམས་ཐོག་ནས་རྒྱལ་ཁབ་ཀྱི་གནས་བབ་མེད་པར་བཟོས་ཏེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་བསྒྱུར་ཡོད།  འོན་ཀྱང་མི་མང་པོས་གནད་དོན་འདི་ཐུགས་སྣང་དེ་ཙམ་མ་བྱུང་བ་རེད་དམ།  ཡང་ན་ང་འཁྲུལ་བ་རེད།  གལ་སྲིད་འཁྲུལ་མེད་ན། འགྱུར་བ་འདི་རྒྱ་ནག་ལ་ཆེས་མཐའ་མཇུག་གི་མགོ་བཏགས་ཞུ་བའི་ཚོགས་འདུ་དེ་རེད་ཞུས་ན་འགྲིག་གི་འདུག་གམ།   ཁ་སང་དབུ་འབྱེད་མཛད་སྒོའི་ཐོག   སྤྱི་འཐུས་ལྷན་ཁང་དང་བཀའ་ཤག་གིས་གསུངས་བཤད་ནང་།    ཚོགས་འདུ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་རླབས་པོ་ཆེའི་འགྱུར་མཚམས་ཞིག་དང་བྱུང་རབས་ཀྱི་དོན་སྙིང་ལྡན་པ་ཞིག་རེད་བརྗོད་པ་འདི་དེ་ལྟར་རེད་དམ།

ཕྱི་ལོ་ ༢༠༡༡  ཟླ་ ༥ ཚེས་ ༢༢ ཉིན།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༢༠ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༢༠ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 12

  1. དབྱངས་ཅན་སྒྲོན་མ། says:
    ལོ་ 14 སྔོན།

    ཆབ་སྲིད་ཀྱི་གནད་འགེགས་ད་ལྟའི་དུས་སུ་གོང་འོག་བར་གསུམ་མི་ཚང་མའི་བཤད་པ་ལ་དོ་སྣང་བྱས་དེ་སྐད་ཆ་དེའི་རྒྱབ་ལྗོངས་དེ་ཤེས་རྒྱུ་གལ་ཆེན་པོ་རེད་སྙམས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བཅའ་ཁྲིམས་ཀྱི་ཚིག་དོན་ལ་བསྒྱུར་བཅོས་ནི། རྡ་ས་པེ་ཅིང་བར་གྱི་རྣམ་རྟོག་དགྲར་ལང་ལྟ་ཅི་སྨོས། རྒྱ་བོད་མི་རིགས་བར་གྱི་འབྲེལ་ལམ་དེ་ཡང་མཐུན་ལམ་གྱི་ཕྱོགས་སུ་ཤར་བསྐྱོད་ཐུབ་པ་ཅིག་མི་དགོས་སམ། འབྱུང་འགྱུར་ཡར་རྒྱས་ཀྱི་གསར་གཏོད་ལ་ད་ལྟ་ནས་འཇིགས་མི་ཉེན་ལགས།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ད་བཙན་བྱོལ་བོད་མིའི་སྒྲིག་འཛུག་ཞེས་པར་མིང་བསྒྱུར་བྱེད་པ་ནས་བཟུང་། ང་ཚོ་ཕྱོ་སྡོད་བོད་པ་ཚོའི་ཤེས་དགོས་པ་ཞིག་ལ། གཞིས་ལུས་བོད་པ་ཚོའི་བསམ་ཚུལ་དང་། ཐོབ་ཐང་བརྩོད་པའི་རང་དབང་དང་། ཁྲིམས་ཐོག་ནས་བཤད་པའི་ཐོབ་ཐང་རིགས་རྩ་བ་མེད་པས་ཡིད་ལ་ཞོག ད་ནས་བཟུང་གཞིས་ལུས་གངས་ཅན་པ་དང་། ཕྱི་སྡོད་གངས་ཅན་པའི་དབར་འབྲེལ་ལམ་རིམ་བཞིན་ཆད་པ་ཡིན་པས་བསམ་བློ་ཐོངས།
    ཟབ་མདོང་བླ་མའི་ཁ་ལ་མ་ལྟ། ཟབ་མདོང་བླ་མའི་ལས་ལ་མ་སྨོན། ཐ་མ་བོད་དེ་རྒྱ་འོག་ཏུ་བཙུད་རྒྱུ་ལས་གང་ཡང་མེད།

    Reply
  4. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་གཞུང་གང་ལབ་ཀྱང་འདྲ་བོ་རེད་།
    བོད་ཀྱི་སྲོལ་རྒྱུན་དང་མཐུན་པའི་མིང་ཞིག་དགོས་ན་འདི་འདྲ་ལབ་ན་ཡག་པོ་འདུག་།
    (བོད་ཀྱི་བཙན་བྱོལ་གཞུང་།) ལབ་ན་ཡག་གི་། དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུ་རེད། འདིའི་མིང་སྐོར་སུ་ཞིག་གིས་རྩོད་པ་བྱེད་མི་ཐུབ་།།

    Reply
  5. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    གནད་ལ་ཁེལ་བའི་རྩོམ་ཡིག་འདིར་དགའ་བསུ་སྙིང་ནས་ཞུ། ང་ཚོས་མི་ཐོག་འདིར་རྡ་རམ་ས་ལའི་བཙན་བྱོལ་རང་དབང་ལུང་བ་ནས་རྒྱལ་ཁབ་དང་མི་རིགས་རྒྱ་དམར་ལ་མགོ་འདོགས་བྱེད་སྟངས་ནི་དངོས་གནས་ཡ་མཚན་རེད།༧གོང་ས་ཆེན་པོའི་མཚན་ཐོག་ནས་བཅའ་ཁྲིམས་ཚོགས་ཆུང་ཞིག་བཙུག་ན་མ་གཏོགས་གཞུང་མང་ལག་ནས་ཡོང་རྒྱུ་ཅང་མི་འདུག

    Reply
  6. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་གི་མཚན་གནས་དེ་བཙན་བྱོལ་བོད་མིའི་གཞུང་ཞེས་པར་བསྒྱུར་ན་དེ་ནི་ཁྱབ་ཚད་ཀྱི་ཐོག་ནས་ཁྱད་པར་ཧ་ཅང་ཆེན་པོ་ཡོད། བཙན་བྱོལ་བོད་གཞུང་ཞེས་པའི་མིང་གི་ཁྱབ་འོག་ལ་གཞིས་བྱེས་བོད་མི་ས་ཡ་དྲུག་གར་ཚུད་ཡོད། བཙན་བྱོལ་བོད་མིའི་གཞུང་ཞེས་པ་དེའི་ཁྱབ་འོག་ན་བཙན་བྱོལ་དུ་ཡོད་པའི་བོད་མི་མ་གཏོགས་ཚུད་མེད།
    དེར་བརྟེན་མིང་བསྒྱུར་བྱས་པའི་ཉིན་དེ་ནས་ང་ཚོར་བོད་ཀྱི་རྒྱལ་གླུ་དང་རྒྱལ་དར་སོགས་སྒྲེང་འཛུགས་བྱ་རྒྱུའི་ཐོབ་ཐང་མེད་མ་ཟད་བོད་མི་བདེན་དོན་ཞེས་བརྗོད་རྒྱུའི་ཐོབ་ཐང་མེད་ །
    བཅའ་ཁྲིམས་སྐྱར་བཅོས་ཚོགས་ཆུང་གི་ཚོགས་མི་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་བོད་ཀྱི་ནང་གི་བོད་མི་ཚོས་སྤྱི་ལོ་ ༡༩༨༧ ལོ་ནས་ད་ལོ་བར་རིན་ཆེན་སྐུ་སྲོག་རང་མི་རིགས་འགྱེལ་ས་དེ་ནས་ལང་ཐུབ་ཐབས་ཀྱི་ཆེད་དུ་ཕུལ་བ་ལས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐྱོབས་ཐབས་ཆེད་དུ་ཕུལ་བ་མིན།

    Reply
  7. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཀླད་པའི་རྒྱ་ཁྱོན་ཆུང་བ་མ་ཚད་བོད་ཀྱི་ལོ་རྒྱུས་ལ་བྲོ་བ་མ་རྙེད་པའི་སྤྱི་འཐུན་མང་དག་ཞིག་དང་མཉམ་དུ་ཟམ་གདོང་མཁས་པའི་ཐབས་ཤེས་དག་ནི་གོ་མེད་ནུས་མེད་དུ་གྱུར་།།
    འདི་ནི་མཁས་པ་བླུན་པོའི་རྗེས་སུ་ཤོར་བའི་ངན་ལྟས་ལས་གཞན་འདི་འདྲ་ཡོང་དོན་གཏན་ནས་མེད་།།

    Reply
  8. ཤེས་རབ། says:
    ལོ་ 14 སྔོན།

    ད་ནི་བློ་ཕམ་དགོས་པ་རང་རེད། བོད་གཞུང་ཡོངས་སུ་བསྡུ་བསོག་བརྒྱབ་ཏེ་རྒྱ་ནག་ཏུ་ལོག་འགྲོ་གྲབས་བྱ་བར་ཧ་ཅང་གིས་སྐྱོ།

    Reply
  9. གནས་ཚང་། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་ཆེས་སྐྲག་ས་རྒྱ་མིའི་སོ་བ་རེད་ལ། ཁ་གཡར་སའང་རྒྱ་མིའི་སོ་བ་རེད། རྒྱ་མིའི་སོ་བའི་ལས་ཀ་གཙོ་བོ་བཙན་བྱོལ་བོད་གཞུང་གཏོར་རྒྱུ་དང་བོད་ཀྱི་གནད་དོན་གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ལ་བསྒྱུར་ནས་མེད་པ་བཟོ་རྩིས་དེ་རེད། ཁ་སང་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གསལ་བོ་དག་པོ་ལབ་ཡོད་པ་ཚང་མ་ལོས་མཐོང་གསལ་ལྟར་རེད། འོ་ན། བོད་གཞུང་མེད་པ་བཟོ་མཁན་འདི་དག་རྒྱ་མིའི་སོ་བ་མ་ཡིན་པར་སུས་ཀྱང་ལབ་ཐབས་མེད་པ་ཆགས་ཟིན་པས། འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཀྱང་༼ཏཱ་ལའི་བླ་མའི་མདུན་ལམ་དང་མང་ན་ཁོའི་མཐའ་འཁོར་གྱི་མི་སྐོར་ཞིག་གི་མདུན་ལམ་ཐད་སྐད་ཆ་བཤད་རྒྱུ་ལས་ལྷག་མེད་༽ཅེས་པ་འདིའང་ཟིན་བྲིས་ཚོགས་ཆུང་འདིར་གོ་དགོས་པ་འདྲ་བས། བོད་ཀྱི་གནད་དོན་མི་འདི་དག་གི་ལྟོ་རྒྱབ་ལ་བརྗེ་བོ་རྒྱག་གི་འཇོག་གི་ཡིན་ནམ། མུ་མཐུད་དུ་བོད་ཀྱི་གནད་དོན་འཇུག་སྐྱོང་བར་ཤུགས་རྒྱག་གི་ཡིན། གདམ་ག་འདི་གཉིས་མ་གཏོགས་ལྷག་མི་འདུག ཚང་མ་ལོས་བསམ་ཚུལ་ལྷུག་པོ་གསུང་ནས་ཇི་ལྟར་ཡོ་བསྲང་གནང་བར་ཐུགས་བསམ་བཞེས་རན་ལ་སླེབས་འདུག

    Reply
  10. ཁྲུང་ཁྲུང་དཀར་མོ། says:
    ལོ་ 14 སྔོན།

    ང་རང་གི་བལྟ ས་ན་ཕྱི་ལོ་༡༩༥༩ སྔོན་ནས་སྐུ་ངོས་ང་ཕོད་ལྷན་རྒྱས་ཀྱི་བཞག་པའི་ཆི ངས་ཡིག་ཁག་ལ་བལྟ ས་ན་རྒྱ་ནག་བརྩི ་བཀུལ་ཆེ་བའི་མཐོང་སྣང་ཡོད་རུང་རང་བཙན་ནས་དབུ་མ འི་ལམ་བར་བོད་མའི་ཐབས་རྩོད་ལ་འགྱུར་བ་བཏང་བའི་ཉིན་མོ་ནས་ལོ་རྒྱུས་ཀྱི་རི་མོར་བལྟས་ནས་རྒྱ་ནག་ལ་ཐབས་རྩོད་བྱས་པ འི་ཁ་ཕྱོགས་འཇུག ་སྒྲིག་པ་ཞིག་ཡི ན་པ་མཐོང་གི་ཡོད་། ལྷག་དོན་ཉིན་འཆར་སྐུ་ཚབ་རྣམས་པས་རྒྱ་གཞུང་ལ་སྤྲོད་པའི་ཡིག་ཆར་དགག་པ་རྒྱབ་མཁན་གྲལ་དུ་མེད་མཁན་ཚོའི་བསམ་ཞིབ་བྱས་ན་དེ་རིང་བཙན་བྱོལ་བོད་གཞུང་ཞེས་པའི་བོད་ཡིག་ཁོ་ནའི་འོག་གི་མིང་སྐམ་ལ་རྩོད་པ་གནང་རྒྱུ་སྡོད་མི་འདུག་སྙམ། དེ་ཡང་རྒྱ་ནག་ལ་མགོ་འདོགས་མ་ཞུས་པའི་བཅའ་ཁྲིམས་བསྐྱར་བཅོས་གང་ཞིག་གནང་བ་ཡིན་ན་མ་ཆོག་པ་མེད་རུང་དབུ་མའི་ལམ་ཀྱི་སྲིད་ཇུས་དང་མཐུན་པའི་འགྲོ་ལམ་ཞིག་གཟུང་ན་རྣམ་འགྱུར་འདི་བང་རི ག་མེད་པ་དང་འགོ་ འཇུག་ཆ་མ་ཚང་བ་འ དྲ་པོ་མཐོང་སོང་ །

    Reply
  11. གྲྭ་རྒོད says:
    ལོ་ 14 སྔོན།

    དར་ལྕེ་ཟད་པོའི་ཟེར་བའི་མི་རྒན་ལགས། ཁྱོད་ཀྱི་བོད་རང་གི་གནས་སྟེང་ལ་བསམ་བློ་གཏོང་རན་རེད། གང་ཡིན་ཟེར་ན་བོད་ནས་ཕེབས་ཡོང་བའི་སློབ་མ་དག་གུང་བསེང་སྐབས་འགྲོ་ས་མེད་པས་དཀའ་ངལ་གྱི་འོག་ནས་རང་དང་ལུང་ཚན་གཅིག་པ་འམ་ཡང་ན་སྦུན་དང་སྦུན་ཟླ་ཚོའི་སེམས་ཤུགས་བརྒྱབ་ནས་བདག་པོ་བྱས་པ་རེད་ལ་དེ་དག་ལ་ཡི་རིང་བྱེད་རྒྱུ་ལས་དོན་མེད་ཀྱི་སྐྱོན་འཛུགས་མ་གནང་རོགས། བླ་གྲྭའི་གཟུགས་འཛིན་འགའ་ཤེས་ཀྱི་བྱ་སྤྱོད་ལ་ལྟོས་ཏེ་ཚོད་དཔག་གི་ལམ་ནས་གྲྭ་བའི་ཟེར་བའི་མང་ཚིག་བེད་སྤྱོད་བྱས་པ་དེ་རང་ལ་དོག་པ་དེ་ཡོད་པས་རྟགས་ཡིན་པ་དང་ཡང་ན་བོད་ནས་སློབ་མ་ཡོང་བ་ལ་བསམ་ཚུལ་གཞན་ཞིག་ཡོད་པ་འདྲ། དེ་འདྲ་ཡིན་ན་དགོས་པ་ཡང་གཞན་ཞིག་ཡོད་སྲིད།ལྷག་དོན་དུ་བླ་གྲྭའི་གཟུགས་འཛིན་འགའ་ཞིག་གི་སྡོམ་པ་དེ་གཙོ་བོ་མིན་མའོང་བའི་རྒྱུན་འཛིན་གྱི་སློབ་མ་གསོ་སྐྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། བསམ་ཚུལ་འདི་ལྟ་བུ་འདོན་ན་མི་འདི་དང་འདི་ཞེས་དཔང་རྟགས་དང་བཅས་འཕུལ་དགོས་། དེ་འདྲ་བྱེད་ཐུབ་ན་བོད་སྟན་པ་སྤྱི་ལ་ཕན་པ་རང་རེད། དེ་མིན་ཚོད་དཔག་ཡིན་ན་ཁྱོད་རང་ལ་སྐྱོན་ཡོད་པའི་རྟགས་ལས་མ་འདས།

    Reply
  12. གྲྭ་རྒོད says:
    ལོ་ 14 སྔོན།

    གྲོགས་པོ་ལགས། ཁྱོད་རང་ཉིད་ཀྱི་བོད་བསྟན་པ་ཆབ་སྲིད་ལ་ཕན་པའི་བྱ་བ་གང་བྱས་ཡོད་དྲི་བ་དང་གང་བྱེད་ཐུབ་ད་ལྟའི་བར་གང་འདྲ་ཞིག་བྱེད་མྱོང་།ལྷག་པར་དུ་བོད་རང་དབང་སླར་གསོའི་ཆེད་རང་ཉིད་ཀྱི་གང་འདྲ་ཞིག་བྱེད་ཐུབ་འམ།ད་ལྟའི་བོད་ཀྱི་གནས་བབ་གང་འདྲ་ཞིག་ལ་ངོས་འཛིན་ཡོད། རྒྱལ་ཁབ་ཞིག་སྐྱོང་ན་གཙོ་བོ་གང་དང་གང་དགོས་མིན་དང་ད་ལྟའི་བོད་ལ་ནུས་པ་དེ་ལྡན་མིན་སོགས་ལ་བསམ་ཤེས་མ་བྱས་པར་གང་དྲན་བཤད་ནས་ཕན་ཐོག་གང་ཡང་།རང་ལ་དགོས་པ་དེ་སློབ་གཉེར་བྱེད་རོགས་དེ་བོད་དོན་རང་ཡིན་དེ་ལས་གཞན་མ་འདས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese