མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞི་རིམ་མང་གཙོའི་ལྟ་གྲུབ་ལ་སྲུང་སྐྱོབ།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ པའི་ཚེས་ ༡༤ ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གི་འགོ་ཁྲིད་མང་ཚོགས་ཀྱིས་འོས་ འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཞེས་ བཀའ་ཕེབས་ཡོད། དེར་བརྟེན། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་མི་བཞེས་རྒྱུའི་ཐུགས་ཐག་བཅད་པ་དེར་ གཞིས་བྱེས་བོད་མི་ཡོངས་ལ་སེམས་འཚབ་བྱུང་བ་ཇི་བཞིན་དུ་བོད་མི་མང་སྤྱི་འཐུས་ ལྷན་ཚོགས་ནས་གསོལ་བ་ཕུར་ཚུགས་བཏབ་པ་དེ་ནི་ཧ་ཅང་གི་དགོས་ངེས་ཤིག་དང་བསྟོད་ བསྔགས་བྱེད་འོས་པ་ཞིག་ཀྱང་རེད། 

ད་དུང་ཡིན་ནའང་བོད་ཀྱི་ཆབ་སྲིད་སོགས་གང་ཅིའི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ་ཚོགས་ཆེན་དང་གྲོས་ཚོགས་ཀྱི་ངོས་ནས་བསྐྱར་དུ་བོད་མིའི་དབུ་ཁྲིད་ཀྱི་ཐུགས་འགན་བསྐྱར་བཞེས་ཡོང་བའི་གསོལ་འདེབས་ནན་ཞུ་དགོས་པ་གལ་ཆེན་དུ་མཐོང་། གལ་སྲིད་༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་རྩ་བ་ནས་མ་གནང་ཚེ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དབུ་ཁྲིད་ཀྱི་འགན་དབང་དེ་རང་བཞིན་ གྱིས་བཀའ་བློན་ཁྲི་པར་ཡོད་དགོས། 

ད་ཡོད་བཅའ་ཁྲིམས་དོན་ཚན་༥༥ རུ། ཁྲིམས་ལུགས་དང་། སྒྲིག་གཞི་རྣམས་ཀྱི་འཆར་ཟིན་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་ཟིན་འཕྲལ་༧ གོང་ས་མཆོག་གིས་ཆོག་མཆན་བསྩལ་ཚེ་ཁྲིམས་ཡིག་ཏུ་རྩ་འཛིན་བྱ་རྒྱུ་ཞེས་བཀོད་པ་ དང་། དེ་ནི་༧གོང་ས་མཆོག་ནི་འཛིན་སྐྱོང་གི་དབུ་ཁྲིད་ཡིན་པའི་རྒྱུ་མཚན་གྱིས་རེད། འོན་ཀྱང་ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་སྙན་ཐོ་ལྟར་ན་༧གོང་ས་མཆོག་གི་ཚབ་ཏུ་སྤྱི་འཐུས་ཚོགས་གཙོས་མིང་རྟགས་བཀོད་ཚེ་ཁྲིམས་ཡིག་ཏུ་རྩ་འཛིན་ བྱ་རྒྱུ་ཞེས་བཀོད་འདུག སྤྱིར་ བཏང་འཛམ་གླིང་མང་གཙོའི་འགྲོ་ལུགས་ལྟར་ན། འཛིན་སྐྱོང་དབུ་ཁྲིད་ཀྱིས་མིང་རྟགས་འགོད་དགོས་པ་ལས་སྤྱི་འཐུས་ཚོགས་གཙོས་མིང་རྟགས་བཀོད་སྲོལ་མེད། སྲིད་འཛིན་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་ཀྱི་རྒྱལ་ཁབ་གང་ཡིན་ཡང་ཁྲིམས་ལུགས་ གཏན་འབེབས་ཀྱི་མཐའ་མིའི་མིང་རྟགས་དེ་འཛིན་སྐྱོང་དབུ་ཁྲིད་ཀྱིས་འགོད་རྒྱུ་ལས་སྤྱི་འཐུས་ཚོགས་གཙོས་འགོད་སྲོལ་མེད། རྒྱ་གར་ལ་མཚོན་ན་སྤྱི་འཐུས་ཚོགས་གཙོ་དེ་ཕར་ཞོག་འཛིན་སྐྱོང་གི་སྣེ་མོ་བ་གཙོ་ བོ་སྲིད་བློན་ལའང་མཐའ་མའི་མིང་རྟགས་འགོད་རྒྱུའི་དབང་ཆ་མེད་པར་སྲིད་འཛིན་ གྱིས་འགོད་ཀྱི་ཡོད། སྲིད་འཛིན་ལམ་ལུགས་ལྟ་བུ་ཡིན་ན་སྲིད་འཛིན་གྱིས་མཚན་རྟགས་འགོད་དགོས་པ་ཡིན། 

ཡང་ ད་ཡོད་བཅའ་ཁྲིམས་དོན་ཚན་༢༡ ནང་། སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་འདི་གཏན་ལ་ ཕབ་པའི་སྐབས་སུ་དགོས་པ་་རྒྱུ་མཚན་ཆེན་པོ་མཐོང་ནས་བཅའ་ཁྲིམས་ནང་བཀའ་བློན་ ཁྲི་པའམ་བཀའ་བློན་གྱི་ལས་ཁུར་དུས་ཡུན་གཉིས་བསྟུད་མར་གནང་རྗེས་བར་མཚམས་འཇོག་དགོས་པ་གསལ་བོར་བཀོད་ཡོད་པ་རེད། དེ་ནི་གཞི་རིམ་མང་གཙོའི་རྩ་ཆེའི་ལྟ་གྲུབ་གཞི་ལ་བཞག་པ་ཞིག་དང་། དེང་གི་དུས་སུ་ཚད་ལྡན་མང་གཙོའི་དཔེ་ལྟ་ས་ཨ་རི་ལ་མཚོན་ནའང་སྲིད་འཛིན་གྱི་ ཞབས་ཞུ་དུས་ཡུན་བསྟུན་མར་སྐབས་གཉིས་ལ་མ་གཏོགས་ཞུ་གནང་གིན་མེད་པ་རྩ་ཁྲིམས་ནང་གསལ་བོར་བཀོད་ཡོད། འཛིན་སྐྱོང་དབང་ཚད་ལ་དུས་ཡུན་གྱིས་ཚོད་འཛིན་མ་བྱས་ན་མང་གཙོ་ལྟ་གྲུབ་དང་མི་ མཐུན་པ་དང་དབང་ཆ་རུལ་སུངས་སུ་འགྱུར་རྒྱུའི་ཉེན་ཁ་མཐོང་ནས་དུས་ཡུན་གཏན་འཁེལ་བྱས་པ་ཞིག་རེད། ཆབ་སྲིད་འཛིན་སྐྱོང་གི་དུས་ཡུན་ལ་ཚོད་འཛིན་བྱས་པ་དེ་ནི་མང་གཙོའི་ལམ་ལུགས་ཁྲོད་གང་ཅིའི་ཐད་ནས་གལ་ཆེན་པོ་ཡིན་པ་སྨྲས་མ་དགོས།

བཀའ་ཤག་ནི་ཆེས་མཐོའི་འཛིན་སྐྱོང་གི་དབང་འཛིན་གཅིག་པུ་དེ་ཡིན་སྟབས། དེ་དང་དབང་ཚད་མཉམ་པའི་སྟངས་འཛིན་བྱེད་མཁན་མེད་རྐྱེན་དུས་ཡུན་ལ་ཚད་བཀག་ཡོད་དགོས་པ་ཧ་ཅང་གལ་ཆེན་ཡིན། དཔེར་ན། འཛིན་སྐྱོང་དབང་འཛིན་ལ་དུས་ཡུན་ཚད་བཀག་མེད་པ་ཡིན་ན། དངོས་ཤུགས་ནས་འོས་བསྡུའི་ལས་རིམ་ལ་སྟངས་འཛིན་དོ་ཕོག་འབྱུང་གིན་ཡོད་པ་སྲིད་དོན་ཉམས་ཞིབ་ཚོས་བཤད་འདུག དབྱིན་ཇི་དང་རྒྱ་གར་ལྟ་བུ་སྲིད་དོན་ཚོགས་པས་གཞུང་འཛིན་ལ་ཁ་གཏད་བྱས་ཀྱི་ཡོད་སྟབས་དུས་ཡུན་ལ་ཚད་བཀག་མེད་ཀྱང་ཁེ་ཉེན་ཆེན་པོ་མེད།

གཞུང་འཛིན་དུས་ཡུན་ལ་ཚད་བཀག་མེད་པར་རྒྱུན་རིང་བྱས་པ་ཡིན་ན། འཛིན་སྐྱོང་གི་དབང་ཤུགས་ཆེས་ཐལ་དྲགས་ནས་ཕྱོགས་དཔུང་བསྒྲིགས་པ། རང་ཕྱོགས་ལ་གོ་སྐབས་བསྐྲུན་པ། འོས་བསྡུ་ལ་སྟངས་འཛིན་བྱེད་པ། དབང་ཆ་རུལ་སོངས་སོགས་ཀྱི་དཀའ་རྙོག་མང་པོ་འབྱུང་གིན་ཡོད་པར་བཤད།

འོན་ཀྱང་། ད་རེས་བཅའ་ཁྲིམས་བསྐྱར་བཅོས་རགས་ཟིན་ནང་འཛིན་སྐྱོང་བཀའ་ཁྲི་དང་བཀའ་བློན་ ཀྱི་ཞབས་ཞུ་དུས་ཡུན་དེ་བསྟུན་མུར་སྐབས་གཉིས་ལ་མ་གཏོགས་ཞུ་ཆོག་གིན་མེད་པའི་གལ་ཆེའི་ཚིག་འབྲུ་དེ་དག་ཕྱིར་བསྡུ་བྱས་འདུག  དེའི་རྐྱེན་པས་རང་རེའི་མང་གཙོ་དེ་མདུན་དུ་སྐྱོད་རྒྱུ་ལས་ཕྱིར་ནུར་བྱེད་ བཞིན་ཡོད་པ་ཚོར་ནས་སེམས་འཚབ་ཆེན་པོ་བྱུང་། 

གཞན་ ཡང་བཅའ་ཁྲིམས་དོན་ཚན་༢༢ ནང། འོས་ཐོན་ཐོག་བསྐོ་གཞག་དམ་འབུལ་ཟིན་པའི་བཀའ་བློན་ཁྲི་པ་དེས་རང་གི་བཀའ་ཤག་ ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ ལོ་རྒྱུས་བཅའ་ཁྲིམས་དོན་ཚན་༢༡ པའི་ནང་གསེས་༣ པར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་ འབུལ་རྒྱུ་དང་། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེས་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕེན་ཏེ་འོས་འདེམས་བྱ་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆའི་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་ བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ། གྲོས་ཚོགས་སུ་སྤྱི་མོས་སམ་མང་མོས་ཐོན་པའི་རིགས་ལ་༧གོང་ས་༧སྐྱབས་མགོན་ཆེན་ པོས་བཀའ་བློན་དུ་བསྐོ་གཞག་བསྩལ་རྒྱུ། བཀའ་བློན་ཁྲི་པས་བཏོན་པའི་འོས་གཞི་ཡོངས་རྫོགས་སམ་གང་རུང་ལ་མང་མོས་མ་ཐོབ་ཚེ་ འོས་གཞི་གསར་པ་བཀའ་བློན་ཁྲི་པས་གོང་བཞིན་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ། ཞེས་བཀོད་འདུག  ༧གོང་ས་མཆོག་གིས་འཛིན་སྐྱོང་གི་འགན་བཞེས་མ་གནང་ཚེ་གྲོས་ཚོགས་སུ་སྤྱི་མོས་སམ་མང་མོས་ཐོན་པའི་རིགས་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེན་མོའི་ མདུན་དུ་དམ་འབུལ་ཞུ་རྒྱུ་ལྟ་བུ་འགོད་འོས་ལས་གཞན་འགྱུར་བ་གཏོང་དགོས་མ་ མཐོང་། 

འོན་ ཀྱང་། བཅའ་ཁྲིམས་བསྐྱར་བཅོས་ཟིན་ཐོའི་ནང་གསལ་བཞིན་བཀའ་བློན་ཁག་འོས་འདེམས་ལ་སྤྱི་ འཐུས་ཀྱི་བརྒྱུད་རིམ་དེ་མེད་པ་ཡིན་ན། གཞི་རིམ་མང་གཙོའི་ལྟ་གྲུབ་མཇིང་སྙོམས་སྟངས་འཛིན་ (checks and balances) ཐུབ་ཀྱི་མེད་པས་མང་གཙོའི་ཀ་བ་གསུམ་གྱི་ནུས་པ་ཚད་ལྡན་ཞིག་ཡོང་གི་མེད་པ་དང་ འཛིན་སྐྱོང་བཀའ་ཤག་སྡེ་ཚན་དུ་ཚད་དང་ལྡན་པའི་སྐྱེས་བུ་ཞིག་བསླེབ་ཐུབ་མིན་ ལའང་སེམས་ཁྲལ་སྐྱེ་དགོས་པ་རེད།

བཀའ་བློན་ཁྲི་བ་ནི་མི་མང་གིས་བདམས་པ་ཡིན་སྟབས། ཕྱག་རོགས་བཀའ་བློན་ཁག་ཁོང་གིས་ཐད་ཀར་གདམས་འོས་པར་བཤད་ན། སྤྱི་འཐུས་ཀྱང་མི་མང་གིས་བདམས་པ་ཡིན་པས་དེ་སྒྲུབ་བྱེད་ཡང་དག་ཏུ་འགྲོ་མི་ཐུབ། བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་དེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ སུ་བསྒྱུར་བ་ནི་ཕན་ལས་གནོད་ཆེ་བར་མཐོང་བས་སྔར་མུས་སོར་འཇོག་བྱས་ན་ལེགས་བསམ། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་མི་མང་གི་འོས་འདེམས་གནང་བའི་དབུ་ཁྲིད་ཚོར་རྩིས་སྤྲོད་གནང་རྒྱུའི་གལ་ཆེའི་གནད་དོན་འདི་འདྲའི་སྐབས། དུས་ཡུན་ལ་མ་བལྟས་པར་ཆེད་མཁས་པ་བསྡུ་རུབ་ཀྱིས་བགྲོ་གླེང་ལྷུག་པོ་བྱས་ཏེ་མ་ནོར་མ་འཁྲུལ་བ་ཞིག་གཏན་འབེབ་བྱ་རྒྱུ་ནི་གལ་ཆེན་དུ་མཐོང་། །

གུས་མེ་སོར་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་པ་ཕུར་བུ་རྡོ་རྗེ་ནས་ཕྱི་ལོ་༢༠༡༡ ཟླ་༥ ཚེས་༢༡ ལ་ཕུལ།།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese