མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནུབ་གླིང་གི་བོད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp


དུས་ཀྱི་འགྱུར་ལྡོག་དང་རྒྱ་གཞུང་གི་སྲིད་བྱུས་ཀྱིས་རྐྱེན་པས་བོད་སྐད་ཡིག་གི་བཀོལ་སྤྱོད་ཁྱབ་རྒྱ་ཉིན་རེ་བཞིན་ཆུང་དུ་འགྲོ་བཞིན་པའི་སྐབས་འདིར།
ཨ་རིི་གནས་སྡོད་བོད་རིགས་གཞོན་སྐྱེས་ཚེ་རིང་དོན་གྲུབ་ལགས་ཀྱིས། བོད་མི་རིགས་དང་སྐད་ཡིག་གི་ཆག་འཇིག་ལ་གཟིགས་ཤིང་། ལྷག་པར་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་རིགས་ཁ་འཐོར་ཁྲོད་བོད་སྐད་ཡིག་རིག་གནས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་སྟབས། མི་སྐུལ་དང་བླང་ཐོག་ཉེ་ཆར་བྱང་ཨ་རི་གཙོས་པའི་ཕྱི་སྡོད་བོད་རིགས་ཚོར་དམིགས་ཏེ། ༼ནུབ་གླིང་གི་བོད་༽ཅེས་པའི་བོད་ཡིག་ཚགས་པར་གསར་པ་ཞིག་འདོན་མགོ་བརྩམས་འདུག  

ཚགས་ཤོག་དེའི་མཇུག་ཏུ་རྩོམ་སྒྲིག་པས་ཚགས་པར་གསར་འདོན་བྱེད་དགོས་དོན་ཐད་ལ། རང་ཅག་གི་གཅེར་ནོར་བོད་སྐད་ཡིག་གི་གནས་སྟངས་ཧ་ཅང་ཉག་ཕྲ་བ་ཞིང་བེད་མེད་དུ་འགྱུར་བཞིན་པ་ནི་མཐོང་ཆོས་སུ་གྱུར་ཡོད་ལ། ལྷག་པར་དུ། ཉེ་ཆར་བོད་ནང་དུ་བོད་སྐད་ཡིག་གི་སྐོར་ལ་སྲིད་བྱུས་གསར་པ་ཞིག་ཡོང་བའི་རྐྱེན་བྱས་ཏེ། བོད་ཡིག་རང་ཉིད་ཀྱི་སྲོག་ལས་གཅེས་པའི་བོད་ནང་གི་སློབ་མ་མང་པོ་ཞིག་གིས། སྐད་ཡིག་རང་དབང་དགོས་པའི་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད། འདིར་བྱེས་གྱར་བ་རང་ཉིད་བོད་ཀྱི་སྐད་ཡིག་དགའ་ཞིང་དུང་བ་དང་། བོད་ཡིག་འདི་ས་སྒང་ཟླུམ་པོ་འདིའི་ཐོག་མི་མངོན་པར་འགྱུར་བར་མ་བཟོད་སྟབས། རང་ངོས་ནས་ཆུ་ཚོད་དང་འགྲོ་གྲོན་སོགས་བཏང་སྟེ། བོད་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་བྱ་ཆེད། ནུབ་གླིང་དུ་གནས་སྡོད་བྱེད་བཞིན་པའི་བོད་མིའི་གནས་ཚུལ་དང་བོད་ཀྱི་རིག་གཞུང་བསྟི་གནས། བོད་དང་འབྲེལ་བའི་གལ་ཆེའི་གནས་ཚུལ་སྐོར་གྱི་ནང་དོན་མཚོན་པའི་ཚགས་པར་འདི་བཏོན་པ་ཡིན། ཞེས་བརྗོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. རོང་རྒྱལ་ཐང༌། says:
    ལོ་ 15 སྔོན།

    དྲ་གྲོགས་གངས་སྨྱུག་ལགས།
    བོད་ནི་བོད་རིགས་འདུས་སྡོད་ཀྱི་ཡུལ་གྲུ་སྟེ། སྟོད་མངའ་རིས་སྐོར་གསུམ་དང༌། བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག བོད་རིགས། བོད་པ། བོད་སྐད། བོད་ཡིག བོད་ཡུལ། བོད་ལྗོངས་སོགས་ལ་གོ་ཞིང༌། ནུབ་གླིང་གི་བོད་ནི་ནུབ་གླིང་དུ་འདུས་སྡོད་བྱེད་བཞིན་པའི་བོད་རིགས་ལ་མི་གོ་བའི་རྒྱུ་མཚན་ཅི། ཁྱེད་གསུངས་པ་ལྟར་ན་ནུབ་གླིང་གི་བོད་རིགས་ཟེར་དགོས་པའི་རྒྱུ་མཚན་མི་འདུག་གོ། དེ་ནི་བོད་ཟེར་བ་ལ་གོ་བ་མ་ལོན་པས་ཡིན། གཉིས་པ་དེ། ཚགས་པར་ཀྱི་ཁ་བྱང་གསུངས་འདུག དེ་ནི་རྩོམ་སྒྲིག་པ་དང་བྱུས་འགོད་པ་གཉིས་ཀྱིས་འདོད་མོས་ལྟར་བཞག་ན་འགྲིག་པ་དང་ཁྱེད་རང་ལ་སེམས་ཁུར་ལྷག་མ་ཞིག་ཡིན་པའི་ཕྱིར། རྗེས་ཕྱོགས་ཚིག་དོན་ལ་གོ་བ་བླངས་ཏེ། བསམ་ཚུལ་གསུངས་ན་དགོས་པ་རྒྱུ་མཚན་འདུག་པས། གོ་མ་ལོན་པར་ཧོར་རྒྱུགས་གནང་ན་རང་ཉིད་རང་གིས་བླགས་ཟིན་པས་དེ་ལྟར་དགོངས་འཇགས་ཡོང་བ་ཞུ།

    Reply
  2. གངས་སྨྱུག says:
    ལོ་ 15 སྔོན།

    བཀྲིས་བདེ་ལེགས། ཆེད་དུ་ཞུ་དགོས་པའི་དོན་ཚན་གཉིས་འདུག། ༡༽ ཚགས་ཤོག་འདིའི་མིང་ལ་༼ནུབ་གླིང་གི་བོད།༽ ཅེས་བྲིས་འདུག ངས་ལྟས་ན་མིང་འདི་འགྲིག་གི་མི་འདུག གང་ཡིན་ཞེ་ན་༼བོད་༽ལབ་ན་ཡུལ་ལྗོངས་ལ་གོ་བ་མ་གཏོགས་མི་ལ་གོ་ཡག་མེད། དཔེར་ན། ཁྱོད་རང་གི་ཕ་ཡུལ་ག་བ་ནས་ཡིན། ཞེས་དྲིས་ན། ང་བོད་ནས་ཡིན། ཡང་ན་ང་ཡི་ཕ་ཡུལ་བོད་ནས་ཡིན། ཞེས་བརྗོད། བོད་ནི་རྒྱ་འོག་ཏུ་གནས་པའི་ཡུལ་ལྗོངས་ལ་གོ་བ་མ་གཏོགས་ནུབ་གླིང་ལ་བོད་ཅེས་པ་དེང་བར་མ་གྲགས་པ་ཞིག་རེད། དེ་ལས་ཚགས་ཤོག་གི་མིང་ལ་༼ནུབ་གླིང་གི་བོད་རིགས།༽ཅེས་བཏགས་ན་གོ་བ་དོན་དང་ལྡན་པར་སེམས།
    ༢༽ ཚགས་ཤོག་གི་ཁ་བྱང་འབྲུ་ཚ་དེ་ཡིག་གཟུགས་ཚད་དང་ལྡན་མིན་ལ་མ་ལྟོས་པའི་ཡི་གེའི་རྐང་པ་རིང་དྲག་པ་དང་བགྲད་དྲག་པས་དེ་ཙམ་མཛེས་རྒྱུ་མི་འདུག། ཡིག་གཟུགས་ནི་གལ་ཆེན་རང་བཞིན་དུ་རྩིས་ཏེ་དབུ་ཅན་ནམ་ཡང་ན་དབུ་མེད་བྲིས་གཟུགས་རྩེ་གྲ་ཞིག་བཀོད་ན་ལྟ་ཀློག་པ་ཡིས་དོ་དག་ལ་མ་ལྟོས་པའི་ཡིད་དབང་ཡོངས་སུ་འཕྲོག་ཐུབ་པའི་དགེ་མཚན་དང་ནུས་པ་ལྡན་ཡོད།
    མཐའ་དོན། ཚགས་ཤོག་འདི་ཉིད་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ཡུན་གནས་ཐུབ་པ་དང་ནུབ་ཕྱོགས་ཀྱི་གནས་ཚུལ་དང་བོད་ཡུལ་གྱི་གནས་ཚུལ་དེ་བཞིན་བོད་དོན་སོགས་མདོར་ན་འཛམ་གླིང་གི་གནས་ཚུལ་ཇི་ཡོད་ཉིན་རེ་བཞིན་སྐྱེ་བོ་ཀུན་གྱི་མིག་སྔར་དུ་བསྟར་གནང་ཡོད་པར་སྨོན།
    གངས་སྨྱུག་གིས།
    ང་ཡི་ཟིན་བྲིས་འདི་ངེས་པར་དུ་བཀོད་རོགས་གནང་། འདི་ཕན་པ་མ་གཏོགས་གནོད་པ་ཡོང་གིན་མ་རེད། དེ་ལུགས་མནོ་བསམ་ཞཔས་རོགས་ྣང་།

    Reply
  3. ཇ་མ་ says:
    ལོ་ 15 སྔོན།

    ལས་ཀ་འདི་ཧ་ཅང་ཡག་པོ་རེད། འོན་ཀྱང་། འགོ་འཛུགས་པ་སླ་ཡང་མཇུག་སྐྱོངས་བ་ཅུང་ཟད་དཀའ་ལས་ཡོད། ངར་ཤུགས་རྒྱགས་རྒྱུ་གལ་ཆེ། ཨ་མའི་བུ།

    Reply
  4. རོང་རྒྱལ་ཐང༌། says:
    ལོ་ 15 སྔོན།

    བརྩེ་བའི་དྲ་གྲོགས་ལྷན་རྒྱལ་ལ།
    ནུབ་གླིང་གི་བོད་ཀྱི་ཚགས་པར་ལ་དྲ་རྒྱ་མི་འདུག་ལ། དུས་ཚིགས་ཚགས་པར་ཞིག་རེད་འདུག རྩོམ་ཡིག་བསྐུར་འདོད་ཡོད་ན་ཁ༌བྱང་འདི་ལྟར་རེད་འདུག
    Tibet in the Western World
    430 Irving St, NW #101
    Washington DC 20010
    U S A
    Email: tibetinwest@gmail.com

    Reply
  5. ཅང་མེད། says:
    ལོ་ 15 སྔོན།

    སྐུ་ཞབས་ཚེ་རིང་དོན་འགྲུབ་ལགས་ཁྱེད་ཀྱིའི་བོད་ལ་དགའ་བའི་ལ་རྒྱ་དང་བོད་སྐད་ཡིག་ལ་བཅང་བའི་བརྩེ་སེམས་ལ་རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ།
    ནུབ་གླིང་གི་བོད་ཞེས་པའི་ཚགས་པར་ལ་དྲ་ཚོགས་སོགས་ཡོད་དམ། འབྲེལ་བ་བྱེད་ན་གང་འདྲ་བྱེད་དགོས། ནུབ་གླིང་གི་བོད་ཀྱི་ཚགས་པར་སྐུ་ཚེ་བརྟན་པར་སྨོན། ཨོཾ་ཨ་མ་ར་ཎ་ཛཱཝན་ཏེ་སྭཱ་ཧཱཿ

    Reply
  6. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    གྲོགས་པོ་ལེགས་ཧ་ཅང་གི་ལུས་རིགས་གཟི་བརྗིད་ཅན་ཤིག་གནང་འདུག་
    སྙིང་ནས་ཐུགས་རྗེ་ཆེ་ཞུ།
    ལར་ནས་རང་འབྲེལ་བ་བྱེད་སྟང་ག་འདྲ་ཡིན་གསར་ཤོག་ངོས་ལ་རྩོམ་བསྐུར་ན་འགྲིག་མིན་དང་སྐུང་སྟངས་སོགས་ཀྱི་གནས་ཚུལ་གསལ་བོ་ཞིག་གསུང་རོགས།།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    གསར་ཤོག་སྟོན་པར་བཀྲིས་བདེ་ལེགས་དང་། གསར་ཤོག་སྐྱེ་སྲིངས་ཐུབ་རྒྱུར་དགོང་པ་མང་ཙམ་བཞེས་རོགས།

    Reply
  8. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    གསར་ཤོག་འདི་མིང་དོན་མཚུངས་པ་ཞིག་ཡོང་བའི་སྨོན་ལམ་ཞུ།
    གསར་ཤོག་ཁྱོད་སྐུ་ཚེ་རིང་། བྱ་བ་རྣམས་དོན་འགྲུབ་ཤོག ཚེ་རིང་དོན་འགྲུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese