མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་༼ བོད་མིའི་སྒྲིག་འཛུགས ༽ཞེས་གཏན་ཁེལ་ཐལ།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱོགས་གཅིག་ནས་༸གོང་ས་མཆོག་རྒྱལ་ཁབ་དང་འཛིན་སྐྱོང་གི་དབུ་ཁྲིད་གནང་དགོས་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་ཀྱི་ཡོད་པའི་བཀའ་མོལ་གནང་གི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གིས་ག་ཚོད་གསུང་ཡང་དེ་འགྲོ་ས་ཁྱོན་ནས་མེད་པ་དང་བཟོ་ས་ཁྱོན་ནས་མེད་པའི་རྣམ་འགྱུར་ཞིག་བསྟན་ཡོང་གི་འདུག གྲོས་ཚོགས་ནང་རྣམ་འགྱུར་དེ་ཇེ་གསལ་དུ་འགྲོ་བཞིན་ཡོད་པའི་མཐོང་སྣང་བྱུང་སོང་། ཞེས་བཀའ་ཁྲི་མཆོག་གིས་གསུངས།

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་ཉིན་གཉིས་པའི་སྟེང་། བཙན་བྱོལ་བོད་གཞུང་གི་ཚབ་ཏུ། ༼ བོད་མིའི་སྒྲིག་འཛུགས ༽ དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཚབ་ཏུ། ༼ བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག༽ ཅེས་གཏན་འབེབས་གནང་སོང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་བསམ་ཚུལ་ཕྱོགས་བསྡོམས་ཤིག་༧གོང་ས་མཆོག་ལ་ཕུལ་པ་ལས་དོན་ཚན་ཁག་ཅིག་ལ་༧གོང་ས་མཆོག་གིས་ཞལ་བཞེས་ཐོབ་མེད་པར། དེ་རིང་སྐུ་སྒེར་ཡིག་ཚང་ནས་བཀའ་ཡིག་ཅིག་ཕེབས་ཡོད་པ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ནང་སྙན་སྒྲོན་ཞུས་སོང་།

བཀའ་ཡིག་དེའི་ནང་། ཁ་སང་ཕྱི་ཚེས་ ༢༥ ཉིན་རྣམ་པ་ལྷན་རྒྱས་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྟེང་གི་སྙན་ཞུ་དང་པོ་དགོངས་བཞེས་མཛད་ཐབས་མ་གྱུར། སྙན་ཞུ་གཉིས་པའི་ནང་གསལ་སྔོན་གླེང་དང་། དོན་ཚན་དང་པོ་གསར་འཇུག་གནང་རྒྱུར་དགག་བྱ་མ་གཟིགས་ཀྱང་། དོན་ཚན་དང་པོའི་ནང་གསེས་གཉིས་པར་ ‘‘ གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་། བཀའ་སློབ་ལམ་སྟོན་གནང་རྒྱུ་ ” ཞེས་པའི་ཚབ་ཏུ་ “ གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ་ ” ཞེས་འགོད་རྒྱུ་དང་། དོན་ཚན་དང་པོའི་ནང་གསེས་གསུམ་པར། “ བཙན་བྱོལ་བོད་གཞུང་དང་བོད་མི་མང་གི་ངོས་ནས་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བོད་ཀྱི་རྩ་དོན་བསྒྲུབ་སླད་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་ཁག་དུས་ཡུན་རྒྱས་བཅད་དུ་བསྐོ་བཞག་གནང་རྒྱུ་ ”ཞེས་བཀོད་ཡོད་པའི་ཚབ་ཏུ་ “ བཙན་བྱོལ་སྒྲིག་འཛུགས་དང་། བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་རྒྱུ་” ཞེས་བཅོས་བསྒྱུར་བྱ་དགོས། ཞེས་བཀོད་འདུག་ལ། དེ་བཞིན། རྒྱལ་རྟགས་སྟེང་༼ བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་རྣམ་རྒྱལ༽ ཞེས་པའི་ཚབ་ཏུ་༼ བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག༽ ཅེས་པ་མཚན་བྱང་དུ་བསྩལ་ཡོད་པ་རེད།



གྲོས་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་དང་དོན་ཚན་དང་པོ་བཅས་ལ་བགྲོ་གླེང་གནང་སྐབས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསལ་བཤད་གནང་དོན། དེ་རིང་གྲོས་ཚོགས་ཀྱི་བགྲོ་གླེང་ཆ་ཚང་ལ་བལྟས་རྗེས་སྔར་ལས་སེམས་འཚབ་ཆེ་རུ་ཕྱིན་སོང་།  ང་ཚོས་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གཉིས་པ་ཚོགས་ཏེ་གོ་བསྡུར་དང་། ལྷག་པར་དུ་ཚོགས་འདུ་གྲོལ་བའི་རྗེས་སུ་ཚོགས་གཙོ་སྦྲེལ་པོ་དང་བཀའ་བློན་ཁྲི་པའི་ངོས་ནས་ཚོགས་ཆེན་གྱི་རེ་འདུན་༸གོང་ས་མཆོག་ལ་སྙན་སེང་ཞུས་ཏེ་ཞལ་བཞེས་ཐོབ་རེ་མེད་པ་གང་དང་། ཐོབ་རེ་ཡོད་པ་གང་ཡིན་གསལ་བོ་བྱུང་བའི་རྗེས་ལ། ༸གོང་ས་མཆོག་སྐུ་ངོ་མས་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་མི་ཡོངས་ལ་ཚིག་ཐག་ཆོད་པོས་བཀའ་སློབ་རྒྱས་པ་ཞིག་གནང་བ་རེད། ང་རང་སྒེར་ལ་མཚོན་ན།  དེའི་ཡར་སྔོན་དུ་བཀའ་སློབ་གནང་ནས་ཕན་ཐོགས་ཨེ་ཡོད་ན་བསམ་སོང་། དེ་ཡང་བཀའ་སློབ་གནང་བའི་རྗེས་སུ་བཀའ་ལག་བསྟར་གནང་གི་མ་རེད་བསམ་པ་ཡིན། ཕྱོགས་གཅིག་ནས་༸གོང་ས་མཆོག་རྒྱལ་ཁབ་དང་འཛིན་སྐྱོང་གི་དབུ་ཁྲིད་གནང་དགོས་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་ཀྱི་ཡོད་པའི་བཀའ་མོལ་གནང་གི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གིས་ག་ཚོད་གསུང་ཡང་དེ་འགྲོ་ས་ཁྱོན་ནས་མེད་པ་དང་བཟོ་ས་ཁྱོན་ནས་མེད་པའི་རྣམ་འགྱུར་ཞིག་བསྟན་ཡོང་གི་འདུག གྲོས་ཚོགས་ནང་རྣམ་འགྱུར་དེ་ཇེ་གསལ་དུ་འགྲོ་བཞིན་ཡོད་པའི་མཐོང་སྣང་བྱུང་སོང་། ཞེས་གསུངས་སོང་།

བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་གཞུང་ཞེས་པའི་ཚིག་ལ་བསྒྱུར་བཅོས་གཏོང་སྟངས་སྐོར་གསུངས་དོན། ཁ་སང་ཕྱི་ཚེས་ ༢༦ ཉིན་༸གོང་ས་མཆོག་གིས་བཀའ་གང་ཕེབས་པ་དེ་སྐུ་སྒེར་དྲུང་ཆེ་བརྒྱུད་ནས་བཀའ་བསྒྱུར་གནང་བ་རེད། སྐུ་སྒེར་དྲུང་ཆེ་བརྒྱུད་ནས་བཀའ་བསྒྱུར་བའི་སྐབས་སུ་བཀའ་སློབ་ནང་མ་གསུངས་བའི་གསར་བ་ཞིག་སྐུ་སྒེར་དྲུང་ཆེས་གསུངས་མི་འདུག  བཙན་བྱོལ་བོད་གཞུང་ཞེས་པའི་ཚིག་དེ་ངས་ནམ་ཡང་བེད་སྤྱོད་བཏང་མ་མྱོང་ཞེས་༸གོང་ས་མཆོག་གིས་སྔོན་མ་གསུངས་ཡོད་ལ། སྨོན་ལམ་གྱི་གསུང་ཆོས་སྐབས་སུ་ཡང་གསུངས་ཡོད། ཕྱི་ཚེས་ ༢༥ ཉིན་དེ་ལས་ཀྱང་རྒྱས་ཤིང་རྒྱས་པ་ཞིག་ཚིག་ཐག་ཆོས་པོས་ཚོགས་བཅར་བ་ཡོངས་ལ་གསུངས་ཡོད། ༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་དང་བོད་མི་མང་གི་ངོས་ནས་གསུངས་བའི་ཚིག་དེ་ཞལ་བཞེས་གནང་ཐབས་མེད་པ་གསལ་བོ་ཞེ་དྲག་རེད། སྐུ་སྒེར་ཡིག་ཚང་གི་བཀའ་བསྒྱུར་བའི་རྗེས་ལ་ད་དུང་བཀའ་བསྒྱུར་བ་དེ་མ་ཡིན་པའི་རྣམ་པའི་ཐོག་བསྐྱར་དུ་སྙན་སེང་ཞུས་ཏེ། དེ་འདྲ་ཡིན་མིན་དང་དེ་ལས་གཞན་པ་ཡོད་མེད་ཀྱི་དྲི་བ་བཏང་མཐར་ཚིག་དེ་ལ་འགྱུར་བ་གཏོང་དགོས་བྱུང་བ་རེད། བཀའ་གནང་དགོས་བྱུང་བ་དེ་ང་རང་གི་བསམ་པར་༸གོང་ས་མཆོག་ལ་གནོན་ཤུགས་ཀྱི་སྟེང་ནས་ཚིག་ཏེ་ཡར་སྐུལ་སོང་བསམ་པ་ལས་སྐུ་མདུན་རང་གི་དགོངས་པའི་ནང་ཡོད་པའི་ཚིག་ཅིག་མར་གསུངས་སོང་བསམ་པ་ཞིག་དྲན་ཐུབ་མ་སོང་། ཞེས་གསུངས་སོང་།

ཟམ་གདོང་རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་གསུངས་དོན། ༸གོང་ས་མཆོག་གི་བཀའ་ལས་ལྷག་པའི་གནད་འགག་ཆེན་པོའི་ཐོག་བོད་ཀྱི་རྩ་དོན་བསྒྲུབ་ཐབས་ཤིག་ཡོད་པ་ཡིན་ན། ང་ཚོར་བསྒྲུབ་རྒྱུའི་གོ་སྐབས་འགག་ཡོད་པ་མ་རེད། ད་རེབ་བཅའ་ཁྲིམས་དེ་༸གོང་ས་མཆོག་གི་ཆོག་མཆན་རག་པའི་ཐོག་བསྐྱར་བཅོས་གནང་སྟེ་ཆོག་མཆན་ཐོབ་པ་ཡིན་ན། སྐད་ཅིག་དེ་ཉིད་ནས་༸གོང་ས་མཆོག་གི་འོག་ནས་ང་ཚོ་གྲོལ་བ་རེད་ལ། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་འོག་ནས་ང་ཚོའི་ཁྲིམས་བཟོ་ལྷན་ཚོགས་དེ་གྲོལ་ཚར་བ་རེད། རང་དབང་ཐོབ་ཚར་བ་རེད། དེའི་རྗེས་སུ་བཅའ་ཁྲིམས་གསར་བ་བཟོ་བ་དང་བཅའ་ཁྲིམས་གང་འདྲ་ཞིག ཚིག་གང་འདྲ་ཞིག་བེད་སྤྱོད་བཏང་ཡང་གཏོང་ཆོག་པའི་གོ་སྐབས་ཡོད་པ་རེད། བར་ལམ་གྱི་བྱུང་རིམ་མང་པོ་ཞིག་དང་ལྷག་པར་དུ་ ༢༠༠༨ ལོའི་ཚུན་གྱི་བྱུང་རིམ་མང་པོ་ཞིག་ལ་བསམ་ན། ༸གོང་ས་མཆོག་ལ་ཐུགས་ཁག་མི་འདུག་བསམ་གྱི་འདུག ༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་བའི་བཀའ་དེ་འཕྱི་དྲག་མེད་ནའང་སྔ་དྲག་མེད་པའི་ངེས་པ་རྙེད་པ་དེ་ང་ཚོས་གནང་སོང་། ཞེས་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།

མཆན། 39

  1. ནད་པ says:
    ལོ་ 14 སྔོན།

    ཐེངས་འདིའི་ཚོགས་འདུའི་ཐོག་ཏུ་མང་མོས་ཀྱིས་བོད་གཞུང་ཟེར་བའི་མིང་དེ་ལ་འགྱུར་བ་གཏོང་རྒྱུའི་མོས་མཐུན་བྱུང་མེད། ད་དུང་བདེན་པ་ཉིད་རྒྱལ་རྒྱུར་ཅིག་ཟེར་བ་དེ་ལ་ཡང་མོས་མཐུན་བྱུང་མེད།

    ད་ལྟ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་བ་དང་བདེན་པ་ཉིད་རྒྱལ་རྒྱུར་ཅིག་ཅེས་མིང་བྱང་མཐོན་པོར་ཡར་བསྒྲེངས་ཟིན།

    དེ་ནི་རྒྱ་མིས་བཤད་པ་ལྟར་དམངས་ཀྱི་སྲིད་དབང་སྒེར་གཅོད་བྱས་པ་ཞིག་ཡིན་པ་ལས་ཡང་དག་པའི་དམངས་གཙོའི་བྱེད་སྟངས་ཞིག་རྩ་བ་ནས་ཆགས་མེད།

    དེ་འདྲ་ཡིན་ན་དང་ཐོག་ནས་རྒྱལ་ཡོངས་མི་དམངས་འཚོགས་ཆེན་ཟེར་བ་དེ་བསྐོང་འཚོགས་མ་བྱས་པར་ཐད་ཀར་༸ གོང་ས་མཆོག་དང་བཀའ་སྤྱིས་བཟོས་ན་ཡག་ཤོས་ཤིག་རེད།

    Reply
  2. བྱང་ཆུབ། says:
    ལོ་ 14 སྔོན།

    ང་ལ་མང་པོ་བཤད་རྒྱུ་མེད་་་་་་་་་་་་་་་་་ཡིན་ནའང་ད་རེན་གྱི་སྤྱི་འཐུས་ཚང་མ་སྐྱག་པ་ཚ་པོ་ཚ་པོ་ཟོ།

    Reply
  3. དབྱངས་ཅན་སྒྲོན་མ། says:
    ལོ་ 14 སྔོན།

    གངས་ལྗོངས་བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply
  4. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    ང་ལ་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་འཐེན་གྱི་འདུན་པ་མེད་ཀྱང་། གང་ན་བསྙད་ཅིག་འདོགས་ས་ཡོད་ན་དེ་ལ་སྤྲོ་བ་ཆེན་པོ་ཞིག་ཡོད་མཁན་ཞིག་དང་། སྒྲོ་འདོགས་བྱ་རྒྱུ་ལ་དགའ་མཁན་ཞིག་ཡིན་པས་ཐུགས་ལ་ཕོགས་སོང་བ་འདྲ་ཡོད་ན་དགོངས་འགལ་མེད་པར་ཞུ།

    Reply
  5. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    ང་ཚོ་དམངས་ཕལ་བ་ཚོས་གང་བསམ་བཤད་འདུག་པ་ལ་གཟབ་བྱོས་མ་གཏོགས་གོང་མ་ཚོས་བོད་ལ་ལོག་འགྲོ་རྒྱུའི་གྲ་བསྒྲིག་རང་རེད་འདུག ཁོང་ཚོས་གཞུང་མེད་པ་བཟོས་ཏེ་སྒྲིག་འཛུགས་ལ་བསྒྱུར་བ་དེ། རྒྱ་ནག་ནས་ཁས་ལེན་ཞིག་བྱས་ཡོད་ས་རེད། གལ་སྲིད་བོད་གཞུང་དེ་མེད་པ་བཟོས་ན་ང་ཚོས་༧གོང་ས་མཆོག་གདན་འདྲེན་ཞུ་ཆོག་ཅེས་པའི་ཆབ་ཤོག་ཅིག་རག་ཡོད་ས་རེད། ཁ་སང་སྐུ་ཚབ་པས་བཤད་པ་ལྟར་ན་ཟམ་གདོང་རིན་པོ་ཆེའི་བཀའ་བློན་གྱི་ལས་ཡུན་ལོ་བཅུའི་རིང་རྒྱ་ནག་གཞུང་གི་ཕྱོགས་ནས་འགྱུར་བ་ཆེན་པོ་ཕྱིན་ཡོད་ཅེས་ཁྱབ་བསྒྲགས་བྱས་སོང་། ད་དུང་བཀའ་བློན་གསར་བ་བློ་བཟང་སེང་གེས་ཀྱང་༧གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་ས་ལ་གདན་འདྲེན་ཞུས་རྒྱུ་ཡིན་ཞེས་སྐད་གསེང་མཐོན་པོས་དམ་བཅའ་བྱས་སོང་། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་རྒྱ་གར་ལ་གདན་འདྲེན་ཞུས་པ་རེད། ཁོས་སླར་ཡང་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་པ་འདྲ། གདན་འདྲེན་ཞུས་ཤོག་དང་བན་རྒན་ང་ཡང་བོད་ཀྱི་རྒྱལ་ས་ལ་འགྲོ་ཐུབ་ངེས་ཀྱིས་༧གོང་ས་མཆོག་གི་གསུང་ཆོས་ལ་སླར་ཡང་དྲི་མེད་ཀྱི་ཁ་བཏགས་ཤིག་དང་ལྷན་དུ་བཅར་རྒྱུ་ཡིན།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་མི་སྒྲིག་འཛུགས།
    ཅེས་པའི་ཚིག་ཐུང་འོག་ཏུ།
    བོད་བདེན་པ་ཉིད་རྒྱལ་གྱུར་ཅིག
    ཅེས་པའི་ཚིག་རིང་།

    འདི་ལས།
    བོད་བདེན་པ་ཉིད་རྒྱལ་གྱུར་ཅིག
    ཅེས་པའི་སྒང་ལ།
    བོད་གངས་ཅན་དམངས་གཙོའི་སྒྲིག་འཛུགས། ཅེས་པ་འདི་ཡོད་ན་མི་མཛེས་སམ།
    འདི་ཕྱིས་དྲགས་ན་ཡང་་་་་་བྲིས་དགོས་བྱུང་། དགེའོ། །

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་དང་བོད་མིའི་ཞེས་ལྟ་བུའི་ཡུལ་དང་ཡུལ་མི་གཉིས་ཀའམ། གང་རུང་གཅིག་མཚན་གསར་པའི་ནང་ལ་ངེས་པར་དུ་དགོསལ། ཆབ་སྲིད་པའི་གཡོ་ཚིག་བོད་རྒྱལ་ཁབ་དང་གཞུང་། རང་བཙན་དང་ཁ་བྲལ་སོགས་མེད་དགོས་པ་ཡང་གནད་འགག་ཤིནད་ཏུ་ཆེ་བར་མི་འདུག་གམ། བོད་རྒྱའི་མཐུན་སྒྲིལ་འོ་ཆུ་ལྟར་གཅིག་འདྲེས་ཡོང་བའི་སྨོན་འདུན་ཡོད་ལགས། བོད་རྒྱལ་ལོ། བོད་རྒྱལ་བའི་ཞོར་ལ་རྒྱ་ཡང་རྒྱལ་འགྱུར་ཅིག ཞི་བདེ་རྒྱལ་འགྱུར་ཅིག །

    Reply
  8. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    ཉི་ཟླ་སྐར་གསུམ་ཞེས་པ་ཞིག་གིས་དགའ་ལྡན་ཕོ་བྲང་དེ་ས་ཡ་དྲུག་གི་གཞུང་རེད་ཟེར། དེ་ནི་དགེ་ལྡན་པའི་གཞུང་རེད། དགེ་ལྡན་པའི་གྲྭ་བ་དེ་ཚོ་ལ་སེམས་ཤུགས་ཡོད་པ་དེ་ཡང་གཞུང་དགའ་ལྡན་ཕོ་བྲང་ཡིན་ནས་རེད་མ་གཏོགས། གཞན་པ་བོད་མི་ཡོངས་རྫོགས་ལ་སེམས་ཤུགས་གཅིག་པ་བསླེབ་ལོས་དགོས། གངས་ཅན་སྲིད་གཞུང་ཕྱོགས་ལས་རྣམ་རྒྱལ་ཞེས་ཞེས་པ་ཞིག་༧སྐྱབས་མགོན་རིན་པོ་ཆེ་གནང་ཡོད་ན་ཆོལ་ཁ། ཆོས་ལུགས་ཡོངས་ཀྱིས་ཁས་ལེན་ངེས་རེད།

    ཡང་གཞན་ཞིག་ནི་ང་ཚོ་དམངས་ཕལ་བ་ཚོས་རང་སྐྱོན་ཐེར་འདོན་གྱིས་བསམ་ཚུལ་བཤད་འདུག་པ་ལས། གོང་མ་ཚོས་བོད་ལ་ལོག་འགྲོ་རྒྱུའི་ཆོད་སེམས་ཡོངས་རྫོགས་རྙེད་ཚར་ཡོད་ན་གོ་ས་མ་རེད་ད། ཁོང་ཚོས་གཞུང་མེད་པ་བཟོས་ཏེ་སྒྲིག་འཛུགས་ལ་བསྒྱུར་བ་དེ། རྒྱ་ནག་ནས་ཁས་ལེན་ཞིག་བྱས་ཡོད་ས་རེད། གལ་སྲིད་གཞུང་དེ་མེད་པ་བཟོས་ན་ང་ཚོས་༧གོང་ས་མཆོག་གདན་འདྲེན་ཞུ་ཆོག ཅེས་པའི་ཆབ་ཤོག་ཅིག་རག་ཡོད་ས་རེད། ཁ་སང་སྐུ་ཚབ་པས་བཤད་པ་ལྟར་ན་ཟམ་གདོང་རིན་པོ་ཆེའི་བཀའ་བློན་གྱི་ལས་ཡུན་ལོ་བཅུའི་རིང་རྒྱ་ནག་གཞུང་གི་ཕྱོགས་ནས་འགྱུར་བ་ཆེན་པོ་ཕྱིན་ཡོད་ཅེས་ཁྱབ་བསྒྲགས་བྱས་སོང་།
    ང་ཚོ་གྲོགས་ཕལ་པ་དེ་ཚོ་གཟབ་གཟབ་གནང་མ་གཏོགས།

    Reply
  9. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    བདེནཔ་ཉིད་རྒྱལ་གྱུར་ཅིག་ཅེས་པ་དེ་ནི་རེ་ཐག་ཆད་པའི་མི་བུ་ཞིག་གིས་ནམ་མཁའ་སྟོང་པར་སྙིང་ན་ཡུན་རིང་ཉར་བའི་ན་ཚ་དེ་སྒྲོག་པ་དང་གཉིས་སུ་མཆིས།

    Reply
  10. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    གངས་སྐྱེས་ཀྱིས་ང་ལ་རྣམ་དཔྱོད་མེད་ཁི་ཟེར། ང་ལ་རྣམ་དཔྱོད་ཡོད་བསམ་པ་ཞེ་ན་མེད་ཀྱང་། ༧སྐྱབས་མགོན་རིན་པོ་ཆེ་བོད་ནང་དུ་ཕེབས་ཞེས་པ་དེ་གཉའ་ཤིང་གི་བུ་ག་དང་རི་སྦལ་མགྲིན་པ་རང་རེད། རྒྱ་ལ་ཕེབས་ཐུབ་ན་ཡང་གནམ་བདེ་སྒོ་མོ་ཆེའམ། པོ་ཏ་གང་རུང་ཞིག་ཏུ་སྐུ་མཚམས་བཞུགས་རྒྱུ་རེད།
    གལ་སྲིད་ཁྱེད་ཀྱིས་འདོད་པ་ནང་བཞིན་རྒྱ་བོད་གཉིས་ཀྱི་མི་རིགས་དག་ལ་ཟབ་རྒྱས་ཆོས་ཀྱི་སྒོ་འཕར་ཕྱེ་བཞིན་དད་ལྡན་གཏོང་ཕོད་ཅན་དག་གི་རེ་བ་ཡིད་བཞིན་དུ་བསྐང་ཐུབ་ན། བོད་གྱི་རྒྱལ་ས་དང་མིང་ཤོར་ཡང་བྱང་ཆུབ་སེམས་དཔའི་མཛད་རྣམ་ཞིག་རེད།
    དཔེར་ན་རྒྱབ་སྐྱོར་མེད་པའི་མི་དབུལ་པོ་ཞིག་གིས་ང་ལ་གནས་ཁང་ཡོད་བྱད་ཅིག་དགོས་ཞེས་སྲིད་འཛིན་ཞིག་ལ་ཞུ་བ་ག་ཚོད་འཐེན་ཡང་སྲིད་འཛིན་དེ་བྱམས་པ་དང་བརྩེ་བའི་བདག་ཉིད་ཅན་ཞིག་ཡིན་ན་མ་གཏོགས་གནང་བ་དཀའ་ལས་རེད། བོད་མི་རེ་འབོད་ནི་དེ་ག་རང་རེད། སྐུ་ཚབ་ཚོགས་པས་ཤུགས་ག་ཚོད་རྒྱབས་ཀྱང་རྒྱ་ནག་གིས་རྣ་རྒྱབ་ལ་ཤིག་ཆུང་ཞིག་འགྲོ་བའི་ཚད་དུ་བརྩིས་མེད་པ་མཐོང་གསལ་རེད། ཡིན་ན་ཡང་རང་བཙན་རྩོད་དྲན་ན་རང་རང་ས་ལ་བསྡད་ནས་རང་ཚུགས་འཛིན་པ་གལ་ཆེན་པོ་རེད། དེ་མ་ཡིན་ན་མགྱོག་པ་རྒྱལ་ནང་ལ་ལོག་འགྲོ་ན་དགའ་ཐག་ཆོད་པ་རེད། ཁ་ཕྱོགས་དེ་རང་སྐྱོང་གཏད།

    Reply
  11. རྒྱ་རྙི། says:
    ལོ་ 14 སྔོན།

    དྲང་མོར་བཤད་ན། གནས་ཚང་སོགས་མི་ཁ་ཤས་ཀྱིས་ག་དུས་ཡིན་ནའང་གཡས་བསྐོར་གཡོན་བསྐོར་ཅི་ཙམ་བྱས་ཀྱང་མདོ་དོན་༧གོང་ས་མཆོག་གིས་མ་འགྱོན་རབས་དང་། ད་དུང་བོད་བཙོང་ནས་རྒྱ་མིའི་ལག་ནས་ཁེ་ཟང་ཟ་ཡི་འདུག་འདོག་འདོག་བྱེད་གྱིན་པར་བརྟགས་ན་ཁོང་ཚོར་དཔང་རྟགས་ར་སྤྲོད་གསལ་པོ་ཞིག་སྟོན་རྒྱུ་ཡོད་ན་མ་གཏོག གང་བྱུང་གཞི་མེད་ཀྱིས་སྒྲོ་བསྐུར་སྣ་ཚོགས་བྱས་ན་བོད་མི་རྒྱ་ཆ་དགུ་ཅུ་གོ་དགུ་སེམས་ཁམས་སུ་བཟོད་མི་ཐུབ་པའི་ན་ཟུག་འབྱུང་དངོས་པས་ན། ཁྱེད་ཅག་གིས་ཚད་བརྒལ་གྱི་སྨྱོ་ཧམ་ཚད་བཟུང་ན་མི་དགའ་འམ།

    Reply
  12. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    བདེན་པ་ཉིད་རྣམ་པར་རྒྱལ་རྒྱུརད་ཅིག་ཅེས་པ་དེ་འབོད་ཚིག་ཡིན་ནམ་བོད་མིའི་མཚོན་རྟགས་ཡིན་ཧ་གོ་གི་མི་འདུག

    གུས་པས་ལྟས་ན་བདེན་པ་ཉིད་རྣམ་པར་རྒྱལ་རྒྱུརད་ཅིག་ཟེར་བ་དེས་བོད་མིའི་ངོ་བོ་མཚོན་ཐུབ་ཀྱི་མི་འདུག དེ་ནི་འབོད་ཚིག་ཙམ་ལས་གང་ཡང་གོ་ཐུབ་ཀྱི་མི་འདུག

    Reply
  13. དབྱར་ཁབ་ཀུན་བཟང། says:
    ལོ་ 14 སྔོན།

    སྤྱི་བཏང་མིང་བརྗེད་རྒྱུ་དེ་ཕྱོགས་དང་རིས་སུ་མ་མཆིས་པའི་ཆིག་སྒྲིལ་གྱི་ཐབས་ལམ་ཞིག་ཏུ་སྣང་ན་ཡང་མིང་འདི་མ་གོམས་པ་ཡིན་ནའང་འདྲ་གང་ལྟར་བདེ་པོ་འདྲ་ཞིག་མི་འདུག།

    Reply
  14. གངས་སྐྱེས། says:
    ལོ་ 14 སྔོན།

    དྲང་བདེན་གྱིས་བསླུ་བའི་མུ་ཏོ་བ་ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་དངོས་གནས་ཐལ་དྲགས་མི་འདུག་གམ། ཁྱོད་ཀྱིས་བཤད་པ་འདི་ལ་ལྟོས་ན་ཁྱོད་རྣམ་དཔྱོད་ཅན་གྱི་སྐྱེས་བུ་ཞིག་མིན་པ་ཚིག་ཐག་ཆོད་པས་བཤད་ཆོག ༸གོང་ས་མཆོག་སྐུ་ངལ་གསོ་བའི་དུས་ཚོད་ཅུང་ཟད་ཙམ་ཡང་མེད་པར་བོད་མི་དམངས་ཀྱིས་ཆེད་དུ་སྐུ་ངལ་སྐྱོན་བཞིན་ལེགས་ན། གལ་ཏེ་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་དགོས་ཚེ་དེ་ནི་བོད་མི་རིགས་དང་འབྲེལ་བ་དམ་ཟད་ཡོད་པ་སྨྲོས་ཅི་ལ་དགོས། ད་དུང་རྒྱ་ནག་མི་དམངས་གང་མང་ཞིག་ལ་རེ་ལྟོས་མཆིས་ན་དེ་ནི་རླབས་ཆེན་གྱི་ལས་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་བསྒྲུབ་དགོས་པ་ཞིག་རེད། ཁྱོད་རང་རྒྱལ་ནང་དུ་སྐོར་བསྐྱོད་བྱེད་པ་དང་བསྡུར་ཐབས་ག་ལ་ཡོད། བསམ་བློ་ཡག་པོ་བཏང་ནས་སྐད་ཆ་བཤད་པ་དེ་ནི་རྣམ་དཔྱོད་ཅན་གྱི་འགྲོ་སྟངས་ཤིག་ཏུ་འཁུམས།

    Reply
  15. གཟི་མིག་༣པ says:
    ལོ་ 14 སྔོན།

    འོ་ད་བལྟས་མོ་འདུག་ད་བར་འཛམ་གླིང་ནང་བོད་ཞེས་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱ་བཞིན་ཡོད་ ད་དེ་རིང་ནས་རྒྱལ་ཁབ་དེ་ཚོགས་པ་གཅིག་ལ་བསྒྱུར་སོང
    ་ད་རྒྱལ་དར་དེ་ཡང་དམར་པོ་སྐར་མ་ཅན་གཅིག་ཟོས་ན་རྒྱ་གུང་གྲན་ལ་སྐད་ཆ་ཤོས་བདེ་བ་མི་ཡོང་ངམ་ དེ་བཞིན་རྒྱལ་གླུ་དེ་ཡང་མེད་པར་བཟོས་ནས་རྒྱ་ཡི་རྒྱལ་གླུ་གཏང་ན་ལེགས་ གང་ལྟར་ཡང་དཔོན་རིགས་ཚོར་དཀའ་ངལ་ནམ་ཡང་འཕྲད་མི་སྲིད་
    གྱོང་འབངས་མི་དམངས་ཚོར་རག་གི་རེད་་་་བདེན་པ་ཉིད་རྒྱས་དགོས་ན་་་་་དང་ཐོག་རང་ཉིད་ཀྱི་ཚོགས་པ་ཁག་དང་བསྒྲིགས་བཙུགས་ཁག་ནང་བདེན་པ་ཉིད་དང་དྲང་བདེན་ལག་ལྟར་བྱ་དགོས་དེ་རྗེས་གཞན་ལ་བདེན་པ་ཉིད་སྐད་ཆ་བཤད་ན་ལེགས་

    Reply
  16. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ད་ལྟའི་བོད་གཞུང་གི་མིང་གསར་དེ། ཡག་པོ་ཞིག་ལྟོས་དང་ཚོགས་པ་སྒེར་ཞིག་གི་མིང་ལས་རྒྱལ་ཁབ་གཅིག་གི་མིང་ཡིན་པ་འདྲ་བོ་གཏན་ནས་མི་གདའ། དཔེར་ན་རྒྱ་གར་ནང་། ཀོང་རེས་སི་སྒྲིག་འཛུགས་ཚོགས་པ་དང་། བྷི་རྗི་པི་སྒྲིག་འཛུགས་ཚོགས། རྒྱ་གར་དམར་ཤོག་སྒྲིག་འཛུགས་ཚོགས་པ་ལ་སོགས་པ་བཞིན།

    Reply
  17. དེ་ཕོ། says:
    ལོ་ 14 སྔོན།

    ད་ནི་དགའ་ལྡན་ཕོ་བྲང་ཕྱི་བསྡུ་བྱེད་པ་དང་ལྷན།
    བོད་གཞུང་ཡང་ཕྱི་བསྡུ་མཛད་སོང་།
    གཞུང་མེད་ན་འབངས་མེད་ཅིང་། འབངས་མེད་ན་དཔོན་ཡང་མེད།
    ད་ནི་ང་ཚོ་ཅི་ཡང་མེད་ཁི།

    Reply
  18. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ས་ཡ་དྲུག་གིས་རེ་བ་དགའ་ལྡན་ཕོ་བྲང་ལ་ཡོད་བ་ནང་བཞིན་བོད་མིའི་སྒྲིག་འཛུགས་ལ་མི་ཡོང་། དགའ་ལྡན་ཕོ་བྲང་གི་བཀའ་བློན་ཁྲི་པ་ཟེར་ན་ལེན་པ་ལས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློ་ཁྲི་པ་ཟེར་ན་རྒད་མོ་སློང་བ་འདྲ་།
    ག་དུས་ཡིན་ཡང་བདེན་པ་ཉིད་རྣམ་པར་རྒྱལ་བ་ལས་བདེན་པ་རྫུན་དུ་འགྱུར་བ་མི་སྲིད་།
    ང་ཚོ་རྒྱ་ལས་མ་རྒྱལ་ན་བདེན་པ་ཉིད་རྒྱལ་དང་མ་རྒྱལ་མི་འདུག་།

    Reply
  19. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གངས་ཅན་རང་དབང་དམངས་གཙོའི་སྒྲིག་འཛུགས།
    གངས་ཅན་རང་དབང་དམངས་གཙོའི་ལྷན་ཁང་།

    གངས་ཅན་པའི་དམངས་གཙོའི་སྒྲིག་འཛུགས།
    ཤར་དཀྱིལ་མང་གཙོའི་ལས་སྒྲིག་འཛུགས།
    ཤར་དཀྱིལ་མང་གཙོའི་ལས་འགུལ་ཚོགས་པ།

    གངས་ལྗོངས་བོད་ཀྱི་དམངས་གཙོ།
    གངས་ལྗོངས་བོད་མིའི་དམངས་གཙོ།
    གངས་ཅན་བོད་རིགས་དམངས་གཙོ།

    དེས་ན་ཡུལ་བོད་དང་། གངའ་ཅན་། གངས་ལྗོངས། བོད་ལྗོངས། ཡུལ་མི་བོད་མི། བོད་རིགས། གངས་ཅན་པ། གངས་ལྗོངས་པ་སོགས་ནི། མི་རིགས་གཅིག་མཚོན་བྱེད་ངེས་པར་དུ་དགོས་ལ།
    ཡང་། བོད་རྒྱལ་ཁབ་བ། རྒྱལ་ཁབ། རང་བཙན། གཞུང་དང་། ཡང་ན། ཁ་བྲལ་སོགས་ལ་སྦྱར་རུང་བའི་ཚིག་རྣམས་བེད་སྤྱོད་མེད་ན་ལེགས་སོ་སྙམ། དགེའོ། །

    Reply
  20. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    འཁོང་ར་མ་བྱེད་དང་བཙན་བྱོལ་བའི་སྒྲིག་འཛུགས་ཞེས་བཏགས་ན་སྐྱོན་མེད་ཀྱང་རྒྱལ་ཐིག་ནང་(བོད་)ཞེས་པའི་མིང་འདི་མེད་ན་ཉེན་ཁ་དེ་ཆེ་པར་སེམས་(བོད་)ཞེས་པ་འདི་ས་མཐོའི་བོད་འདི་མ་གཏོགས་གཞན་ཡོད་མ་རེད་ལ་
    གངས་རི་ནི་འཛམ་གླིང་ནང་གང་སར་ཡོད་པས་ན་དེ་ཙམ་ངོ་མི་ཆེ་བར་མངོན།

    (བོད་)ཞེས་པའི་མིང་འདི་ནི་བོད་གཅིག་པུ་མ་གཏོགས་འཛམ་གླིང་ཡུལ་གྲུ་ག་བ་ལ་མེད་པའི་ཕྱིར། དེས་ན་

    (བོད་བདེན་པ་ཉིད་རྒྱལ་གྱུར་ཅིག)
    དང་ཡང་ན་
    (བོད་གངས་ཅན་པའི་བདེན་པ་ཉིད་རྒྱལ་གྱུར་ཅིག)
    ཡང་ན་

    (བོད་ཀྱི་བདེན་པ་ཉིད་རྣམ་པར་རྒྱལ་བར་གྱུར་ཅིག)

    ཞེས་གང་རུང་ཞིག་བརྗོད་ན་ཤིན་ཏུ་ལེགས་པར་སེམས། བོད་ཞེས་པ་འདི་རྒྱལ་ཐིག་ནང་བཞག་པ་ཡིན་ན་དགོས་པ་དང་རྒྱུ་མཚན་མང་པོ་ལྡན་ཡོད་ལ། གཞན་སུ་ཡི་ཡང་ལོག་པར་སྤྱོད་མི་ཐུབ་པ་མ་ཚད། གལ་སྲིད་བོད་ཞེས་པ་དེ་མེད་ན་མི་སྒེར་བས་རྒྱལ་ཐིག་ལོག་པར་སྤྱོད་པའི་ཉན་དང་། ཚོགས་པ་འདི་ཡང་དཀྱུས་མ་ཞིག་ལས་མི་རིགས་ཞིག་གི་འཐབ་རྩོད་ཀྱི་ཚོགས་པ་ཞིག་དང་དམིགས་ཡུལ་གཏན་ནས་མཚོན་མི་ཐུབ་ཀྱི་མི་འདུག་པས་རྒྱལ་ཐིག་ནི་མི་འགྱུར་བ་དང་ཇི་སྲིད་ནམ་གནས་བར་བརྟན་དགོས་ན་ངེས་པར་དུ་(བོད་)ཞེས་བའི་ཚིག་འདི་མེད་ན་ཕུང་ཚབ་ཆེ་ཤོས་དེ་ཡིན་པར་མངོན་ནོ། གྲོགས་པོ་ཚོས་ཐུགས་བསམ་བཞེས་རོག???????????????????????

    Reply
  21. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངས་བྱས་ན། དུས་ད་ལྟའི་བར་གྱི་མིང་བྱུང་བ་ལྟར། དབུ་མའི་ལམ་གྱི་དོན་འབྲས་མ་སྨིན་བར་ལ་ལས་འགུལ་གྱི་རྣམ་པ་ཐོན་པའི་མིང་གཅིག་དང་།
    དབུ་མའི་ལམ་གྱི་སྲིད་འཇུས་ཀྱིས་བོད་རྒྱ་གཉིས་སྨན་བྱུང་ཉིན་དེ་ནས། ཡང་། ཕྱིར་སྡོད་བོད་མིའ་སྒྲིག་འཛུགས་ལྟ་བུའ་མིང་གཅིག་བཅས་གོ་རིམ་མ་འཆོལ་བ་གཅིག་མ་མཐའ་ཡང་བློ་ངོར་འབང་སྒྲིགས་དགོས་མི་འདུག་གམ་སྙམ། སེམས་ཀྱི་མ་བཟོད་པའི་བསམ་འཆར་ཙམ་མོ། དགེའོ། །

    Reply
  22. གངས་རྡེའུ། says:
    ལོ་ 14 སྔོན།

    ངོ་མ་ཐ་སྙད་འདི་དག་དང་དེ་རིང་ཁ་སང་གི་ལག་ཁྱེར་གསར་བཟོ་འདི་དག་བསམ་ན། ངོ་མ་བོད་མི་རྡོག་མ་ཆ་བོ་ས་ཆ་གང་ལ་འདེད་འདོད་ཡིན་པ་མི་ཤེས་ཀི གོ་ལ་འདིའི་སྟེང་ནས་བོད་མི་རྒྱལ་ཁབ་ཀྱི་ངོ་བོ་གང་ཡང་མེད་པར་ཏཱ་ལའི་བླ་དང་ཁོང་གི་འཁོར་བྱེ་བྲག་པ་ཙམ་ལས་བོད་མི་སྐྱེ་བོ་ཡོངས་བདེ་སྐྱིད་དང་རང་དབང་ཆོས་ལུགས་དད་མོ་ཡོད་ཟེར་བ་དེ་དངོས་སུ་ལག་ལྟར་བྱས་པ་ཙམ་ལས་སེམས་ངོར་འཆར་རྒྱུ་ཞིག་མི་འདུག ཨ་ཨ་ ཆབ་སྲིད་ན་འདི་ད་ངོ་མ་མགོ་རྙོག་རེད། ཨ་ཡོ་ཤེ ད་མི་བ་གི

    Reply
  23. ཚང་སར་ཕྲིན་ལས། says:
    ལོ་ 14 སྔོན།

    གཞུང་གི་མི་སྣ་ཚོའི་ཚིག་གཅིག་བཤད་ནས་བཟུང་སྟེ་ཁ་ལ་ཁྱེར་བའི་གཏམ་༧་གོང་ས་མཆོག་གང་དུ་ཡོད་ན་དེར་བོད་མིའི་གཞུང་དེར་ཡོད་ཟེར་བ་མང་པོ་ཐོས་པའི་རྐྱེན་གྱི་བཙན་བྱོལ་བོད་གཞུང་དེ་བོད་ཕྱི་ནང་གཉིས་ཀའི་ཚབ་མཚོན་གྱི་གཞུང་ཞིག་ཡིན་པ་རློམ་བཞིན་ཡོད། འོན་ཀྱང་ཁ་སང་དེ་རིང་གི་སྤྱི་ཚོགས་ཁྲོད་ནས་ང་མཁས་ཁོ་མཁས་ཀྱི་སྐུ་ངོ་ཚོའི་བོད་གཞུང་ཟེར་བའི་ཐ་སྙད་འདི་ཁུར་མ་ཐོབ་པའི་གནས་གཏོང་ཞིག་བྱུང་སོང་བ་འདི་ད་ནི་ཕལ་ཆེར་སྐུ་ངོ་ཚོ་སེམས་ཤུགས་ཆགས་སོང་བ་འདྲ། ད་ནི་བོད་གཞུང་ཟེར་བའི་ཐ་སྙད་དེ་སྒྲིགས་འཛུགས་ཤིག་གི་ངོ་བོ་མཚོན་པའི་མིང་ཞིག་ལ་བསྒྱུར་ཚེ་ངོ་མ་སོ་སོ་ལ་རང་དབང་གི་གཞུང་ཞིག་བརྩོད་རྒྱུ་མེད་པ་གཞིས་ནས་ཤེས་སོང་།

    Reply
  24. སྒྲོལ་མ་མེ་ཏོག says:
    ལོ་ 14 སྔོན།

    གཞུང་མང་ཚོགས་ཆེན།་་་་་་་འབུམ་དྲུག་ཅུ།
    གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་་་་་་་ཨུ་ཚུགས་ངང་རྨེག་མེད་དུ་བཏང་བའི་རྣ་རྒྱབ་ཀྱི་འབོད་ཚིག
    ༸བཀའ་ཡིག་་་་་་་་་”ཐམས་ཅན་མཁྱེན་པ་”ཚོས་ཡར་འཐེན་མར་འཐེན་བྱེད་པའི་ཤོག་ཧྲལ།
    གྲོས་ཚོགས།་་་་་་་་་་་་དག་ཡིག་འཛིན་གྲྭ
    གཞིས་ལུས་བོད་མིའི་མངོན་འདོད་་་་་་་་་སུས་ཀྱང་བེད་སྤྱོད་བྱེད་ཆོག་ཆོག་གི་ཚིག་སྐམ་པོ།
    གཞུང་་་་་བཅའ་ཁྲིམས་ནས་གཏན་དུ་ཕུད་པའི་ཚིག་རོ། གལ་ཏེ་གཞུང་ཞེས་བེད་སྤྱོད་གཏོང་མཁན་ཡོད་ཚེ། དེ་ནི་0fficial ཟེར་བ་ལས་Government ལ་གཏན་ནས་མི་འཇུག་པའི་ངེས་ཚིག་གསར་པ།
    རྒྱལ་རྟགས་དང་རྒྱལ་དར་་་་་སང་ཉིན་གྱི་འགྲེམས་སྟོན་དངོས་རྫས།

    ད་ནི་མིང་གསར་པ་འདོགས་རྒྱུས་མཚོན་པའི་ལས་ཀ་མང་པོ་ཡོད་་་་དཔེར་ན་བོད་མིའི་སྒྲིག་འཛུགས་ཀྱི་སྨན་རྩིས་ཁང། བོད་མིའི་སྒྲིག་འཛུགས་ཀྱི་བདེ་ལེགས་སྨན་ཁང་། བོད་མིའི་སྒྲིག་འཛུགས་ཀྱི་ཟློས་གར་སོགས་དང་། ལྷན་ཁང་ཡོང་རྫོགས་ཀྱི་ལས་ཤོག་དང་ལས་ཐམ་བཟོ་རྒྱུ་སོགས་་་་་་་་་་་་་

    Reply
  25. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བྱུང་ན། ད་ལྟའི་བཙན་བྱོལ་བོད་གཞུང་གི་མིང་གསར་དེ་། བོད་སྐད་དང་ཨིན་སྐད་གཉིས་གཅིག་མཚུངས་ཅིག་བྱུང་ན་མི་ལེགས་སམ། དེ་ནས་དེ་ཡང་རྒྱ་ནག་པོའི་སྐད་སོགས་ལ་བསྒྱུར་བདེ་བ་ཅིག་དགོས་འདུག་ལགས། བོད་རྒྱལ་ལོ། །

    Reply
  26. གནས་ཚང་། says:
    ལོ་ 14 སྔོན།

    བློ་མཐུན་རྣམ་པས་སྔ་ནོར་ལྡོག་ཤེས་ཀྱིས་ཕྱིར་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོར་ལོག་ནས་དཔོན་ས་ཟིན་ཞིང་འདོད་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཡོད།

    ཡིན་ནའི། བོད་མི་མང་གི་འཐབ་རྩོད་མུ་མཐུད་དུ་གནས་རྒྱུ་ཡིན་པར་མ་ཟད། འུ་ཐུག་གི་ལས་འབབ་ཞིག་ལ་གཞོལ་མི་སྲིད་པའང་མིན་པས། ཁེ་བཟང་ལེན་མཁན་ཤོག་ཁག་གི་རྗེས་སུ་འབྲངས་རྒྱུ་ཡིན་ནམ། བོད་མི་མང་གི་རྗེས་སུ་འབྲངས་མིན་མི་རེ་ངོ་རེ་ཡི་མདུན་དུ་བཤམས་ཡོད། བཀྲ་ཤིས་བདེ་ལེགས།

    Reply
  27. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    ཡ་ཡ། ང་དགུ་ལོ་ལ། བོད་ཀྱི་རྒྱལ་ས་ཤོར། ཉིས་སྟོང་བཅུ་གཅིག་ལོ་ལ་བོད་རྒྱལ་ཁབ་ཀྱི་མཚན་བྱང་ཤོར། འགྲིགས་སོང་། ༧གོང་ས་མཆོག་རྒྱལ་ནང་ལོག་རྒྱུའི་གྲ་བསྒྲིགས་རེད། ཁྱེད་ལ་བོད་ཀྱི་རྒྱལ་ཁབ་མ་དགོས་ན་ང་ཚོ་དགོས་རྒྱུ་མེད་གང་ཡང་མེད་། མཉམ་དུ་ལོག་འགྲོ། ཕེབས་ཤོག དབུ་མིའི་ལམ་གྱི་སྙིང་དོན་རང་སྐྱོང་རེད། རང་སྐྱོང་གི་སྙིང་དོན་བོད་ཀྱི་སྒྲིག་འཛུགས་རེད། ངོ་མ་ཀྲུང་གོས་མི་རིགས་གཞན་དང་འདྲ་བའི་ཐོབ་ཐང་སྤྲད། ཡིད་ཆེས་དང་བྱམས་བརྩེ་ཡོད་ན་ཕལ་ཆེ་དེ་ཁེ་བཟང་ཆེ་ས་རེད། རྒྱལ་གར་ཚ་བའི་རོང་དུ་མི་ལྔ་བཅུ་ལ་དཀའ་ངལ་མྱོང་བའི་མི་སེར་རྣམས་ལོག་འགྲོ། བོད་ལ་ལོག་འགྲོ། ཨ་ཞང་གི་ཁྱིམ་དུ་ལོག་འགྲོ།

    Reply
  28. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བོད་མིའི་སྒྲིག་འཛུགས་།། ཞེས་པ་འདི་ བཙན་བྱོལ་བོད་གཞུང་མེད་པ་བཟོས་པའི་ཚབ་རེད་།
    དེ་རིང་ནས་ཟུང་བཙན་བྱོལ་བོད་གཞུང་ཟེར་བ་ཞིག་འཇིག་རྟེན་འདིའི་ཐོག་མེད་པ་ཆགས་པ་དང་། བོད་གཞུང་ཟེར་བ་དེ་མེད་པ་ཆགས་ནས་ལོ་༥༠་སོང་རེད་

    འོང་ཀྱང་དགའ་ལྡན་ཕོ་བྲང་ཟེར་བ་དེ་ད་དུང་འགྲོ་ཞིན་པ་མ་ཚད་༧གོང་ས་མཆོག་དང་མཁས་དབང་ཟམ་གདོང་གཉིས་ཀའི་ནུས་ཤུགས་དེ་དག་གིས་དགའ་ལྡན་ཕོ་བྲང་སླར་ཡང་གྲགས་པའི་རྩེ་་རུ་བཀོད་ངེས་།

    Reply
  29. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གངས་ལྗོངས་རང་དབང་དམངས་གཙོ་སྒྲིག་འཛུགས། འདི་ཉིད་རྒྱལ་གྱུར་ཅིག

    Reply
  30. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས གངས་ལྗོངས། གངས་རི། ཁ་བ་ཅན། བསིལ་ལྡན་ལྗོངས།

    བོད་མིའི་སྒྲིག་འཛུགས འདི་ལ་རིག་པ་ཞིག་བཏང་འདུག ག བོད་མའི་སྒྲིག་འཛུགས་གང་དུ་ཡོད་པ་རེད། བོད་ལ་ཕྱི་ནང་གཉིས་ཟེར་གྱི་ཡོད་པ་རེད། གཞིས་བཞུགས་བོད་པ་དང་། བཙན་བྱོལ་བོད་པ། འོ་ན། སྒྲིག་འཛུགས་འདི་གཞིས་བཞུགས་དང་བཙན་བྱོལ་གཉིས་ཀྱི་སུ་འཛིན་སྐྱོང་བྱེད་ཀྱི་ཡོད་པ་རེད། བཙན་བྱོལ་བ་རེད། ཨོ ད་གསལ་བོ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས། གང་ལྟར་ང་ཚོ་ལ་སྒྲིག་འཛུགས་ཤིག་མེད་པའི་སྡུག་བསྔལ་ཡོད་ཀྱི་རེད་བསམ་བསམ་མ་བྱུང་།
    ད་འདི་འདྲ་ཡིན་པ་རེད། ༸གོང་ས་མཆོག་གིས་བསྩལ་གནང་བའི་གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་ཞེས་པ་འདི་ལ་ཡ་བྱེད་མཁན་གྱི་སྤྱི་འཐུས་མེད་སོང་བ་ཡིན་རྒྱུ་རེད།
    ད་འགྲིག་གི་ཡོད་པ་རེད། ཕ་མ་བོད་ནང་དུ་ཡོད། གཉེན་ཉེ་བོད་ནང་ཡོད། ཞེ་འདང་ཡང་བོད་ནང་དུ་ཡོད།
    ཁ་བ་ཅན། ང་གསོན་པོར་གནས་པ་སྒྲིག་འཛུགས་ཤིག་མེད་པས་ནོངས་པ་ཅི་ཡང་མིན།
    ད་དེ་འདྲ་བྱེད། ཐོན་ཕྱག་མི་འགྱངས་པར་ཞུ་ངེས་ཡིན།

    Reply
  31. ཕ་ས། བྱ་གཞུང་གསེར་གྱི་གཤོངས་པ། says:
    ལོ་ 14 སྔོན།

    ད་ཡིན་ན་ལྟད་མོ་འདུག

    Reply
  32. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཀྱེ་མ། ཀྱེ་ཧུད། དྲ་གྲོགས་རྣམ་པ་ཚོ་་་་་་་་་་་་་ཡིད་ཕངས་པ་ལ། ཞེ་མུག་པ་ལ། དེ་རིང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁ་སང་༧གོང་ས་མཆོག་གིས་གསོལ་རས་སུ་བསྩལ་བའི་༼ གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས ༽ ཞེས་བོད་གཞིས་བྱེས་གཉིས་ཀ་མཚོན་ཐུབ་ཅིང་། འཐབ་རྩོད་ཀྱི་ངོ་བོ་གསལ་བོར་བསྟན་ཡོད་པའི་རིན་བྲལ་གྱི་མིང་ཚིག་དེ་རྨེག་མེད་དུ་བཏང་སོང་།

    Reply
  33. སློབ་དཔོན། says:
    ལོ་ 14 སྔོན།

    གོང་གི་མིང་དེ་མཐོང་ཡོང་དུས་ཆུ་བཞི་སྒང་དྲུག་ཟེར་བ་ལྟ་བུའི་ཚོགས་སྡེ་སྤྱིར་བཏང་བ་ཞིག་ལས་ཅི་གང་གོ་རྒྱུ་མི་འདུག
    དེ་ལས༼ གངས་ལྗོངས་དམངས་གཙོ་ཕྱོགས་ལས་རྣམ་རྒྱལ། ༽ ཞེས་བཏགས་ན་ཅི་འདྲའི་མིང་དོན་མཚུངས་པ་ཞིག་རེད་ཨང་དྲན་སོང་།

    Reply
  34. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ངས་ཀྱང་ཐེངས་མང་པོར་བྲིས་མྱོང་ལ་བཤད་ཀྱང་མྱོང་། ཆོལ་གསུམ་བོད་མིའི་བརྟན་བཞུགས། ལས་བྱེད་པའི་བརྟན་བཞུགས། ཟེར་བ་སོགས་མ་ཡིན་ཡིན་ཁུལ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ། བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱེད་རྒྱུའི་ཁས་བླངས་དམ་བཅས། ༧གང་གིས་མཛུབ་མོ་གར་བསྟན་ཤར་ཡིན་པར་ངོས་ལེན་རྒྱུའི་ཁས་བླངས།་དུས་ནས་དུས་སུ་ཡེ་ཤེས་དབྱིངས་བཅད་གནང་རྒྱུའི་གསོལ་འདེབས་ཞུས་། འོན་ཀྱང་གནད་འགག་དང་གཉན་འཕྲང་ཅན་གྱི་དུས་སུ་བཀའ་སློབ་ཟབ་གསལ་གནང་བའི་སྐབས་དྭོགས་དྲི་སྣ་ཚོགས་བྱེད་པ་ནི་ངོས་གངས་ཅན་པ་ཚོ་བསོད་ནམས་འབྲི་བཞིན་པའི་མངོན་རྟགས་རང་རེད། ད་ང་ཚོ་བོད་པ་རྣམས་ཅི་དྲག

    Reply
  35. ཤིང་རྟ། says:
    ལོ་ 14 སྔོན།

    གཞུང་མང་རྒྱལ་ཡོངས་ཚོགས་ཆེན།།
    འཚོགས་དང་མ་ཚོགས་མི་འདུག།
    སྐུ་ངོས་འགའ་ཡིས་བཀོད་པར།།
    འགྱུར་བ་ཅུང་ཟད་མི་འདུག།

    Reply
  36. གངས་རྡེའུ། says:
    ལོ་ 14 སྔོན།

    དྲི་བ་ཞིག་ཡོད་ཁ་སང་༸གོང་ས་མཆོག་གིས་གསུངས་པའི་“གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” ཡང་ན། “ གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་” ཞེས་པ་དེ་ཅེས་ཕྱིར་མ་བཏགས་པ་རེད། ངོ་མ་བཤད་ན་བཙན་བྱོལ་མོད་མིའི་སྒྲིག་འཛུག་ལས་ཚིག་གཞན་དེ་གཉིས་ལ་ཁྱབ་མི་ཆེ་འམ།

    Reply
  37. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    ད་ལན་མང་ཚོགས་ཀྱི་སྤྱི་མོས་སུ་སོང་བའི་བསམ་ཚུལ་ཞིག་ལ་༧གོང་ས་མཆོག་གིས་དབུ་བྱས་པས་བརྩི་བཀུར་མ་བྱས་པར”བོད་གཞུང་”ཞེས་པ་འདི་རྨེག་མེད་བཏང་རུང་། དེའི་ཚབ་ཏུ་༧གོང་ས་མཆོག་གིས”གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས།”ཞེས་པ་ཞིག་གནང་ཡོད་པ་དེ་མི་འཇོག་དོན་གང་ཡིན་ནམ། ལར་ནས་བོད་མི་མང་ལ་ཁྱད་པར་མེད་ན་ང་གཅིག་བུའི་བློར་མ་སོང་རུང་བྱེད་ཐབས་ཅི་ཡོད།
    གཙོ་བོ་ལས་དོན་སྒྲུབ་དགོས་པ་ལས་མིང་ལ་གང་བཏག་རུང་གཞིས་བྱེས་བོད་མིའི་སྲིད་གཞུང་ཡིན་མིན་ལ་ཁྱད་པར་མེད་ཚུལ་བཤད་ན་ཡང་ཤོག་བུ་དཀར་བོའི་ངོས་ལ་སྣག་ཚ་ནག་པོས་བྲིས་ཚར་བའི་རྗེས་སུ་གང་བཤད་རུང་། ཁ་བཤད་མི་བདེན། ཡིག་ཆུང་བདེན། ཞེས་པར་གྱུར་བ་མིན་ནམ།

    Reply
  38. གངས་རྡེའུ། says:
    ལོ་ 14 སྔོན།

    གསུང་བ་ལ་མངོན་པར་སྟོད་དོ་ཟེར་བ་ལས་ཅི་ཡང་བཤད་མི་ཤེས་ཀི

    Reply
  39. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ད་ནི་མཚན་བྱང་གཏན་འཁེལ་བྱུང་བས་དགའ་བསུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese