མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཛིན་རིམ་ ༡༢ ཀྱི་ཡིག་རྒྱུགས་གྲུབ་འབྲས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

ད་ལོར་རྒྱ་གར་རྒྱལ་ཡོངས་བོད་པའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད། གྷོལ་པ་པུར་བོད་ཁྱིམ་གྱི་རྒྱུགས་འཕྲོད་ཚད་བརྒྱ་ ༡༠༠ ཟིན་ཏེ་ཨང་དང་པོ་རེད།  

ཕྱི་ལོ་ ༢༠༡༡ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་འཛིམ་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དེ་ཕྱིར་བསྒྲགས་བྱས་འདུག འདི་ལོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་འཛུལ་ཞུགས་བྱེད་མཁན་སློབ་གྲྭ་ཁག་ ༡༥ ཡོད་ཅིང་། དེའི་ནང་ཡིག་རྒྱུགས་གཏོང་ཆོག་པའི་སློབ་མ་གྲངས་ ༡༤༥༤ ཙམ་བྱུང་ཡོད་པ་ལས་དངོས་སུ་ཆ་ཤས་ལེན་མཁན་ ༡༣༩༠ ཙམ་བྱུང་ཡོད། དེ་དག་ཁྲོད་ཡིག་རྒྱུགས་འཕྲོད་མཁན་ ༡༢༥༨ ཙམ་བྱུང་ཡོད་ཅིང་། བསྐྱར་རྒྱུགས་གཏོང་དགོས་པ་ ༡༠༧ དང་། ཡིག་རྒྱུགས་མ་འཕྲོད་པ་ ༢༤ །  དེ་བཞིན། ཡིག་རྒྱུགས་གཏོང་མ་ཐུབ་པ་  ༦༤ བཅས་ཡོད་འདུག

ཡིག་རྒྱུགས་འཕྲོད་མཁན་གྲས་སུ་བུ་ ༥༩༧ དང་། བུ་མོ་ ༦༦༡ བཅས་བྱུང་ཡོད་འདུག་ལ། ད་ལོའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༠།༥༠ ཡིན་ཞིང་། ན་ནིང་ལོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༦།༤༨ ཙམ་ཡིན་སྟབས།  ད་ལོ་ན་ནིང་གི་འཕྲོད་ཚད་ལས་མཐོ་རུ་ཕྱིན་ཡོད།

འདི་ལོར་ཚན་རིག་ཡིག་རྒྱུགས་ཁྲོད་ཨང་རིམ་དང་པོ་ཐོབ་མཁན་སི་ལ་ཀོ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཚེ་རིང་ལགས་ཡིན་ཞིང་། ཁོང་གི་ཡིག་རྒྱུགས་སྐར་གྲངས་བརྒྱ་ཆ་ ༩༠།༦ཡིན་པ་དང་། ཨང་གཉིས་པ། སི་ལ་ཀོ་བོད་ཁྱིམ་སློབ་མ་བསྟན་འཛིན་སྒྲོལ་མ་ལགས་ཀྱི་སྐར་གྲངས་བརྒྱ་ཆ་ ༩༠།༤།  ཨང་གསུམ་པ། སི་ལ་ཀོ་བོད་ཁྱིམ་སློིབ་མ་ཀུན་བཟང་ཚེ་འཕེལ་ལགས་ཀྱི་སྐར་གྲངས་བརྒྱ་ཆ་༨༧།༨།  ཨང་བཞི་པ། སི་ལ་ཀོ་བོད་ཁྱིམ་སློབ་མ་ཨོ་རྒྱན་རྒྱ་མཚོ་ལགས་ཀྱི་སྐར་གྲངས་བརྒྱ་ཆ་༨༦།༨།  ཨང་ལྔ་པ། མ་སི་གཏན་སློབ་ཀྱི་སློབ་མ་ནེ་ཧ་མི་སི་ཧར་ལགས་ཀྱི་སྐར་གྲངས་བརྒྱ་ཆ་ ༨༥།༦ བཅས་རེད།

ཚོང་ལས་སྡེ་ཚན་གྱི་ཁོངས་སུ་ཨང་དང་པོ་ཐོབ་མཁན་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་འཛོམས་ཡིན་ཞིང་། ཁོང་གི་ཡིག་རྒྱུགས་གྲུབ་འབྲས་ཀྱི་སྐར་གྲངས་བརྒྱ་ཆ་ ༨༩།༢ ཡིན་ཞིང་། ཨང་གཉིས་པ། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསོད་ནམས་ལགས་ཀྱི་སྐར་གྲངས་བརྒྱ་ཆ་༨༩། ཨང་གསུམ་པ། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་དབང་ལགས་ཀྱི་སྐར་གྲངས་བརྒྱ་ཆ་༨༨།༤། ཨང་བཞི་བ། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཚེ་ལྷ་ལགས་སྐར་གྲངས་བརྒྱ་ཆ་ ༨༨།༢། ཨང་ལྔ་པ། སྦེལ་ཀོབ་བོད་ཁྱིམ་གྱི་ཚེ་རིང་ཆོས་སྒྲོན་ལགས་ཀྱི་སྐར་གྲངས་བརྒྱ་ཆ་ ༨༧།༤ བཅས་ཡིན་འདུག  

འབྱུང་རིག་སྡེ་ཚན་གྱི་ཁོངས་སུ་ཨང་དང་པོ་ཐོབ་མཁན་མ་སུ་རུ་བོད་ཁྱིམ་གྱི་སློབ་མ་རིན་ཆེན་དབང་མོ་ལགས་ཡིན་ཞིང་། ཁོང་མོའི་ཡིག་རྒྱུགས་གྲུབ་འབྲས་ཀྱི་སྐར་གྲངས་བརྒྱ་ཆ་ ༩༢།༨།  ཨང་གཉིས་པ། མ་སུ་རི་བོད་ཁྱིམ་གྱི་ཚེ་རིང་རྒྱལ་པོ་ལགས་ཀྱི་སྐར་གྲངས་བརྒྱ་ཆ་ ༨༨།༨།  ཨང་གསུམ་པ། རྡོར་གླིང་གཏན་སློབ་ཀྱི་མཁན་ཆེན་སིན་ལགས་ཀྱི་སྐར་གྲངས་བརྒྱ་ཆ་ ༨༨།༢ ། ཨང་བཞི་བ། མ་སུ་རི་བོད་ཁྱིམ་གྱི་སློབ་བུ་ཕུན་ཚོགས་ཚེ་འཕེལ་ལགས་ཀྱི་སྐར་གྲངས་བརྒྱ་ཆ་ ༨༧།༤།  ཨང་ལྔ་པ། མ་སུ་རི་བོད་ཁྱིམ་གྱི་ཡོན་ཏན་ཕུན་ཚོགས་ལགས་ཀྱི་སྐར་གྲངས་བརྒྱ་ཆ་ ༨༦།༤ བཅས་ཡིན་འདུག

འདི་ལོར་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་མཁན་བོད་པའི་སློབ་གྲྭ་ཁག་ ༡༥ ཙམ་ཡོད་པའི་ནང་། ཨང་དང་པོ་ཐོབ་མཁན་གྷོལ་པ་པུར་བོད་ཕྲུག་ཁྱིམ་སྡེ་ཡིན་ཞིང་། སློབ་གྲྭ་དེའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ཡིན་འདུག ཨང་གཉིས་པ་ནི། སི་ལ་ཀོ་བོད་ཁྱིམ་ཡིན་ཞིང་། སློབ་གྲྭ་འདི་ནི་ད་ལོར་གསར་དུ་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་པ་ཞིག་ཡིན་ལ། ཆ་སྙོམས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༨།༢༡ ཡིན་འདུག ཡིག་རྒྱུགས་འཕྲོད་ཚད་དམའ་ཤོས་ཌལ་ཧོར་གཏན་སློབ་ཡིན་ཞིང་། སློབ་གྲྭ་དེའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༦༧།༧༤ ཙམ་ལས་ཟིན་ཡོད་མི་འདུག

གསར་འགོད་པ། དཔལ་ལྡན།

མཆན། 1

  1. བྱ་གཞུང་འཇམ་དབྱངས། says:
    ལོ་ 12 སྔོན།

    མ་འོངས་བོད་ཀྱི་གསོན་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལ་དགའ་བསུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist