མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀྱི་དམ་འབུལ།

བོད་ཀྱི་དུས་བབ།
༢༠༡༡/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་མང་མོས་འོས་བསྡུ་བརྒྱུད་དེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོགས་གཙོ་ལ། སྤྱི་འཐུས་ལས་ཐོག་པ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་ལས་ཐོག་བསོད་ནམས་བསྟན་འཕེལ་ཚོགས་གཞོན་དུ་བསྐོ་བཞག་གནང་འདུག

དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་ཁང་དུ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གསར་པ་རྣམས་ཀྱིས་ལས་འཁུར་དམ་འབུལ་གྱི་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་བར་བརྒལ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ཚོགས་གཙོའི་ཁྲི་ལ་འཁོད་རྗེས། ཆོལ་ཁ་ཆོས་ལུཊ་དང་། བྱང་ཨ་རི་དང་ཡུ་རོབ་སྤྱི་འཐུས་བཅས་ཀྱི་སྤྱི་འཐུས་ཚོས་རེ་རེ་བཞིན་ལས་འཁུར་དམ་བཅའ་ཕུལ་ཡོད་འདུག

ལས་འཁུར་དམ་འབུལ་གྱི་མཛད་རིམ་གྲུབ་རྗེས། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོས་མང་མོས་འོས་བསྡུ་བྱས་པའི་ཁྲོད། ལས་ཐོགས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་འོས་ཤོག་ ༢༢ ཐོབ་སྟེ། བསྐྱར་དུ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ལས་ཐོགས་རྙིང་མའི་སྤྱི་འཐུས་བསོད་ནམས་བསྟན་འཕེལ་མཆོག་ལ་འོས་ཤོག་ ༢༠ ཐོབ་སྟེ། སྤྱི་འཐུས་ཚོགས་གཞོན་དུ་བདམས་ཐོན་བྱུང་ཡོད་འདུག སང་ཉིན་ཞོགས་པར་ཁོང་རྣམ་པ་གཉིས་བཀའ་ཤག་ཐོག་ཁང་གི་མཆོད་ཁང་དུ་ཆེད་ཕེབས་ཀྱིས། ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 21

  1. སྣང་གསལ། says:
    ལོ་ 14 སྔོན།

    སྐབས་བཅོ་ལྔ་པའི་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་
    ཀྱིས་གཙོས་སྤྱི་འཐུས་ལྷན་རྒྱས་སུ་་་འཚམས་དྲིན་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  2. བཀྲ་ཤིས། says:
    ལོ་ 14 སྔོན།

    ན་གཞོན་གྱི་རེ་བ་ཆུས་བཟོད་མ་བཏོང་རོག

    Reply
  3. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    བོད་མི་སྐྱིད་སྡུག་མཉམ་མྱོང་ལགས། ཁྱེད་ཀྱི་བོན་པོའི་སྤྱི་འཐུས་དང་སྤྱི་ཟུར་གཉིས་ལ་དེ་ཙམ་སྡང་ཟུག་འཛིན་པ་ནི་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པ་དང་འབྲེལ་ནས་ཡིན་པ་འདྲ། དེ་ལྟ་ན་ཟླ་བ་ཚེ་རིང་དང་། འཕེལ་རྒྱས་སྒྲོལ་མ་མཚོ་མོ་སོགས་ཟུར་ཙམ་མི་གླེང་བ་དྲང་བདེན་ཞིག་ག་ལ་ཡིན། དེས་ན་ཁྱེད་ལ་ཕྱོགས་རེ་བའི་སྐྱིད་སྡུག་མཉམ་མྱོང་ཞེས་འབོད་ན་མི་འཚམས་པ་མེད་པར་སེམས།

    Reply
  4. གུང་རུ་འབྱོར་མཆོག says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱི་ལས་དོན་ཆོས་སྲྲིད་ལུགས་གཉིས་ཀྱི་བྱ་བཞག་ཡར་ཟླ་ལྟར་དར་བའི་བདེ་ལེགས་ཞུ།

    Reply
  5. བོད་མི་སྐྱིད་སྡུག་མཉམ་མྱོང་ says:
    ལོ་ 14 སྔོན།

    སྤྱི་འཐུན་ཚོགས་གཙོ་སྤེན་པ་ཚེ་རིང་དང་ ཚོགས་གཞོན་བསོད་ནམས་བསྟན་འཕེལ་གཉིས་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་། ཆགས་ཅིག་ ཁ་སོང་དམངས་གཙོ་ཀ་བ་གསུམ་གྱི་ཡ་གྱལ་སྤྱི་འཐུན་ཡོད་དོ་ཅོག་ནས་བཅའ་ཁྲིམས་རིན་པོ་ཆེར་སྙིང་ནས་བརྩི་བཀུར་དང་།
    རྟོན་གཞི་འཇུག་ལྡོག་མ་ནོར་བ་ སྒེར་འཁོན་ཕྱོགས་འཐེན་རིགས་སྤངས་ཏེ་རྩ་དོན་ལ་ཤུགས་སྣོན་རྒྱག་བཞིན་ དཀོན་མཆོག་གསུམ་ སྤངས་ལ་བཞག་ནས་དམ་འབུལ་ཞུས་ཡོད་པས་དགའ་པོ་བྱུང་ རེད་དེ་ བོན་པོ་སྤྱི་འཐུན་གཡུལ་དྲུང་རྒྱལ་མཚན་དང་ སྨོན་ལམ་འཐར་ཕྱིན་གཉིས་ནས་མཆོག་གསུམ་རྒྱ་བ་རྒྱ་མཚོར་དམ་འབུལ་ཞུས་ཟིན་ཡིན་པས་ བཅོམ་ལྡན་འདས་ཀྱི་རྗེས་འབྲང་ ལུས་ལ་རྟགས་ཆ་ལུགས་ཅན་ངུར་སྨིར་ན་གཟའ་གྱོན་ཡོད་སྟབས་ ཁས་ལེན་གནང་གིན་ཡོད་ཤག་ཡིན་། སྔོན་མ་ནང་བཞིན་ཁྲིམས་མེད་ལུགས་མེད་མ་གནང་རོགས་འབོད་སྐུལ་ཞུ་རྒྱུ་ཡིན་ གང་ཡིན་ཞེས་ན་། ༡༽ བོད་མི་རིགས་འདི་ཆགསའཇིགི་མཚམས་ལ་སླེབས་ཡོད་སྟབས་དམིགས་བསལ་དགོངས་པ་ཆེ་བཞེས་དང་། ༢ ༽ བྱེད་སྒོ་གང་སྤེལ་བ་ཡིན་ན་ རྒྱ་ནག་ལ་དགོས་ངོས་ཀྱི་ལག་ཆ་དུ་མིན་འགྲོ་བ་གནང་རོགས་གནང་། ༣༽བོད་མདོ་དབུས་ཁམས་གསུམ་ཅིག་སྒྲིལ་གྱི་སྟོབས་ཤུགས་ལ་གནོད་པའི་ལས་གཞི་མ་བརྩམས་རོགས་གནང་། ༤༽ གཞེས་བྱོས་བོད་མིའི་ཐུགས་རེ་མངོན་འདོད་བསྐང་ཐུབ་རྒྱུ་རེ་བ་བཅངས་ཡོད་ལ་ ཆུད་སོས་སུ་མ་གཏང་རོགས་གནང་། ཉམ་ཆུང་ཡ་ང་བའི་བོད་རིགས་ཡོངས་རྫོགས་ཀྱི་ཚབ་བྱས་ནས་ཐུགས་རྗེ་གཟིགས་རོགས་གནང་། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚགས་ཚུད་པོ་དང་ བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་།། མཐའ་དོན་ ཅི་འདྲའི་ལས་བྱས་པ་། དེ་འདྲའི་འབྲས་བུ་འབྱུང་། །

    Reply
  6. མངའ་རིས་བུ། says:
    ལོ་ 14 སྔོན།

    ད་ལམ་ཡིན་ན་ཨ་གཙང་གཉིས་ཐོབ་ཤག
    ཁམས་ཆོས་གཉིས་ཕམ་འདུག
    ད་བཀའ་བློན་སུ་འདེམས་མིན་མི་ཤེས།
    མ་གཞི་ནས་ལབ་ལབ་ལབ།

    Reply
  7. གཞིས་ལུས་བོད་པ། says:
    ལོ་ 14 སྔོན།

    ཨ་རིག་ལགས། དུས་བབ་ཚང་གིས་མཆན་ལ་ཞིབ་བཤེར་བྱེད་སྟངས་དེ་ངོ་མ་དགོད་བྲོ་བོ་ཞིག་རེད། ངས་ཀྱང་དེའི་ཐད་ལ་མཆན་ཞིག་བཞག་པ་ཡིན་མོད་དག་མཆན་ཐོབ་མ་སོང་།

    Reply
  8. གཞི་དྲང་ says:
    ལོ་ 14 སྔོན།

    བཀུར་འོས་སྤྱི་མཐུན་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཚོགས་གཞོན་བསོད་ནམས་བསྟན་འཕེལ་གཉིས་ལ་དམིགས་བསལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་ །།

    Reply
  9. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཚོགས་གཙོ་གཙོ་གཞོན་གཉིས་གཙོས་སྤྱི་འཐུས་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    དེ་ནས་མྱི་གསོད་ལག་དམར་ཞེས་པའི་ཚིག་ཚོགས་གཙོ་ལ་བེད་སྤྱོད་གཏོང་ཆོག་ན། ད་ནས་བཟུང་དུས་བབ་ནས་སྐད་ཆ་གང་བཤད་ཆོག་ཆོག་རེད་བསམ་གི ཁོངས་སྐྱེལ་ར་སྤྲོད་མེད་པའི་གཏམ་འདི་འདྲ་བཀོད་ན་མཆན་བུ་བཤེར་བ་དགོས་པ་ཆེར་མ་མཐོང་།

    Reply
  10. གངས་ཅན་པ། says:
    ལོ་ 14 སྔོན།

    དེ་རིང་མང་མོས་འོས་བསྡུ་བརྒྱུད་སྤྱི་འཐུས་ཚོགས་གཙོ་ལ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་ལ་བསོད་ནམས་བསྟན་འཕེལ་མཆོག་བསྐོ་བཞག་གནང་བར་བཀྲི་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག་ཏུ་སྐབས་བཅུ་བཞི་པ་ལྟ་བུའི་གནས་ཚུལ་མ་བྱུང་བར་དགའ་སུ་ཡོད། ད་དུང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཨང་༣༨ཞེས་པ་ལྟུ་བུ་ཟ་རྩོད་དེ་འདྲ་མི་ཡོང་བའི་སྨན་ལམ་མདུན་ཡང་ཡོད།

    Reply
  11. GYAMTSO says:
    ལོ་ 14 སྔོན།

    སྤྱིར་ན་གྲོས་ཚོགས་ནང་མི་འཇོན་ཐང་ཅན་སྤེན་པ་ཚེ་རིང་དང་རྒྱལ་རི་སྒྲོལ་མ་གཉིས་ལས་མེད། རབས་ཡིན་ན་ཚོགས་གཞོན་སྟོབས་ལྡན་བསམ་འཕེལ་ལགས་ནས་བཟང་སྤྱོད་ཀྱི་ངང་དགོང་པ་ཞུ་ན་ཡག་པོ་རེད། སྐད་རིག་ཡིན་ན་རེད་འཇོན་ཐང་ཡིན་ན་རེད་གང་ཅེའི་ཐད་ནས་ཁོང་ལ་ཚོགས་གཞོན་གྱི་འཇོན་ཐང་མེད་པ་དངོན་གསལ་ཏོད་པོ་རེད། ངེས་པར་དུ་དགེ་བཤེས་གཡུང་དྲུང་དང་སྨོན་ལམ་མཐར་ཕྱིན་གཉིས་ཀྱི་གཟབ་གཟབ་བྱེད་རོགས། མ་གཞི་སྨོན་ལམ་མཐར་ཕྱིན་འཇོན་པོ་རེད་དེ་བྱ་སྤྱོད་ཀྱི་ཐོག་ནས་ནོར་འཁྲུལ་མང་པོ་ཐོན་ཡོང་གི་འདུག དགེ་བཤེས་གཡུང་དྲུང་ལགས་དྲང་མོ་ཞུས་ན་ཕྱོགས་གང་ཐད་ནས་ཞེ་དྲག་སྐྱོ་པོ་ཡིན་པ་མ་ཟད་འགྲོ་སྟངས་འདུག་སྟངས་ཙམ་ཡང་ཤེས་ཀྱིན་མི་འདུག་པས་རྗེས་ཕྱོགས་གཟབ་གཟབ་གནང་རོགས། ད་དུང་ཁ་སང་གི་ཚོགས་གཙོ་འོས་འདེམས་སྐབས་ཀྱི་བརྙན་འཕྲིན་ནང་ནས་མཐོང་གསལ་ལ་མིང་གསལ་པོ་ཤེས་མ་བྱུང་། དགེ་བཤེས་ཆར་སྡུག་འཛིན་མཁན་དེ་དང་ནག་སྡོ་རྒྱག་པ། རྒྱབ་ཁུག་སེར་པོ་ཅན་གསུམ་གྱི་གྲྭ་བ་རྣམས་པའི་ཀུན་སྤྱོད་ལ་དཔྱད་ན་ ཡག་སྟག་ཤིག་མེད་པ་གསལ་པོ་རེད། གང་ལྟར་ཁོང་ཚོས་གཉེན་ཉེ་དང་གྲོགས་པོ་རྣམས་ནས་ལྷག་བསམ་རྣམ་དག་གིས་ཁ་བརྡ་བསླབ་བྱ་རེ་གནང་པར་ཞུ་ཞུ།

    Reply
  12. དབྱངས་ཅན་སྒྲོན་མ། says:
    ལོ་ 14 སྔོན།

    པདྨ་འབྱུང་གནས་ལྟ་བུ་ཞིག་ཚོགས་གཙོ་མ་ཐོབ་པ་ཤུན་ཏུ་ལགས། ཁོ་འཐེན་ཁྱེར་ཅན་གྱི་མི་ཞིག་རེད་འདུག ཚོགས་གཅོ་སྦྲེལ་པོར་འཚམས་དྲི་ཡོད། སྐབས་བཅོ་ལྔ་བའི་ལས་དོན་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བཞག་ཡར་ཟླ་ལྟར་དར་བའི་སྨོན་འདུན་ཡོད།

    Reply
  13. ལྷ་དབང་ says:
    ལོ་ 14 སྔོན།

    མི་བསད་ལག་དམར་སྤེན་ཚེ་ཚོགས་གཙོ་གདམས་པར་ངོ་རྒོལ་ཡོད

    Reply
  14. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སླར་ཡང་སྐབས་བཅོ་ལྔ་
    བའི་ཚོགས་གཙོ་ལ་བདམས་ཐོན་བྱུང་བ་དང་། སྤྱི་འཐུས་བསོད་ནམས་བསྟན་
    འཕེལ་མཆོག་ཚོགས་གཞོན་ལ་བདམས་པ །གཞན་སྐབས་བཅོ་ལྔ་བའི་སྤྱི་འཐུས་
    ཡོངས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ ། བསམ་དོན་ཐམས་ཅད་འགྲུབ་
    པར་སྨོན།

    Reply
  15. ཅང་མེད། says:
    ལོ་ 14 སྔོན།

    སྤྱི་མཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ལ་མང་མོས་ནས་འོས་ཐོབ་པའི་སྐུ་ངོས་སྤྱེན་པ་ཚེ་རིང་དང་ཚོགས་གཞོན་བསོད་ནམས་བསྟན་འཕེལ་གཉིས་ལ་བཀྲིས་ལྷ་དར་དཀར་པོའི་འཚམས་འདྲི་ཞུ། ང་ཚོའི་ཐུགས་སྨོན་ལྟར་དེ་བཞིན་དུ་འགྲུབ་པའི་སྨོན་འདུག་གྲངས་མེད། ཆོས་ཀྱི་ལྟེ་གནས་ལ་འགྲོ་ནས་སྐྱབས་འཇུག་ཞུ། ཧ་ཧ་་་་བོད་རྒྱལ་ལོ། བོད་རྒྱལ་ལོ། བཀྲིས་བདེ་ལེགས་གྲངས་མེད་ཞུ………….

    Reply
  16. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ཀརྨ་ཆོས་འཕེལ་ཟེར་བའི་མི་ངན་ཁོ་གྲོས་ཚོགས་ཀྱི་འགོ་འཁྲིད་ལ་མ་སླེབས་པ་ཡག་པོ་བྱུང་འདུག ཚོགས་གཅོ་སྦྲེལ་པོར་འཚམས་དྲི་ཡོད། གྲོས་ཚོགས་འཚོག་སྐབས་ནོན་ཙམ་གནང་དགོས་འདུག དེ་མིན་ཞབས་འདྲེན་ཞུ་གི་འདུག་གཱ །

    Reply
  17. རྟ་བོར་བ། says:
    ལོ་ 14 སྔོན།

    དཔལ་ལྡན་བོད་མི་མང་སྤྱི་མཐུས་ཚོགས་གཙོ་གཞོན་དུ་མང་མོས་འོས་འདེམ་ལས་ཐོན་པའི་བཀུར་འོས་སྐུ་ངོ་སྤེན་པ་ཚེ་རང་ལགས་དང་། ཚོགས་གཞོན་སྐུ་ངོ་བསོད་ནམས་བསྟན་འཕེལ་ལགས་གཉིས་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་བ་དང་ཁྱབ་ཅིག་ཏུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply
  18. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམས་གཉིས་ལ་དམིགས་གསལ་གྱི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཡོད།

    Reply
  19. ཨ་གཙང་གནས་རྒྱམ། says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱི་ལས་དོན་ཆོས་སྲྲིད་ལུགས་གཉིས་ཀྱི་བྱ་བཞག་ཡར་ཟླ་ལྟར་དར་བའི་བདེ་ལེགས་ཞུ།

    Reply
  20. རྒྱ་རྙི། says:
    ལོ་ 14 སྔོན།

    སྐབས་བཅོ་ལྔ་བའི་སྤྱི་མཐུས་ཚོགས་གཙོ་ཚོགས་གཞོན་གཉིས་གཙོས་བའི་སྤྱི་མཐུས་གསར་རྙིང་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབ་ཅིག ཁྱེད་རྣམ་པའི་ནང་ཁུལ་དམ་ཚུགས་ལྡོག་རྩ་ཆིག་སྒྲིལ་དགོས་རང་དོན་ལས་སྤྱི་དོན་གཙོ་བོར་སླར་ལེན་གྱིས་༧གོང་ས་མཆོག་གི་ཐུགས་ཕམ་གྱིན་མི་འཇུག་པར་བོད་མིའི་སྤྱི་ཚོགས་སྔར་ལས་དར་རྒྱས་འོངས་སྨོན་འདུན་ཞུ།

    Reply
  21. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 14 སྔོན།

    ལྷག་བསམ་དང་མཁྱེན་དཔྱོད་ཀྱིས་ཕྱུག་པས་ཆེས་བཀུར་འོས་སྤེན་པ་ཚེ་རིང་ལགས། སྐུ་ཉིད་སླར་ཡང་གྲོས་ཚོགས་ཀྱི་ཚོགས་གཙོར་མང་མོས་འདེམས་ཐོན་བྱུང་བར་དགའ་སྤྲོའི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མ་འོངས་པར་སྐུ་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་བྱེད་སྒོ་མཐའ་དག་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese