མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་བ་ཚོར་ཟླ་ཕོཊ་སྤྲོད་འཆར།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp


དེ་སྔོན་ཕྱི་ཟླ་ ༥ ཟླ་དཀྱིལ་ཞིག་ནས་རྒྱ་གཞུང་གིས་
རྔ་པ་ཀིརྟི་དགོན་པའི་གྲྭ་པ་རྣམས་ལ་ཟླ་བ་རེར་ཟླ་ཕོག་རྒྱ་སྒོར་ ༨༠༠ རེ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག་ལ།  ཕྱི་ཟླ་ ༥ ཚེས་ ༢༦ ཉིན་ཟླ་ཕྱེད་ཀྱི་ཟླ་ཕོག་སྤྲོད་རྒྱུ་ཡིན་ཟེར་ནས་གྲྭ་པ་རེར་རྒྱ་སྒོར་ ༤༠༠ རེ་སྤྲོད་རྩིས་བྱས་སྐབས། གྲྭ་པ་མང་པོ་ཞིག་གིས་སྒོར་མོ་འདི་དག་མང་ཚོགས་ཀྱི་རྔུལ་ཁྲག་ལས་བསགས་པའི་སྒོར་མོ་ཡིན་སྟབས། གྲྭ་པ་རྣམས་ཀྱིས་སྒོར་མོ་འདི་དག་མང་ཚོགས་ཚོས་རྔུལ་ཁྲག་ལས་བསགས་པ་ཞིག་ཡིན་ཚུལ་བརྗོད་དེ། དངུལ་དེ་དག་བླངས་མེད་ཀྱང་། རྒྱ་གཞུང་གི་ལས་བྱེད་ཚོས་ཞི་དྲག་གི་ཐབས་ཤེས་སྣ་ཚོགས་སྤྱད་དེ་ལེན་དགོས་ཚུལ་ཡང་དང་བསྐྱར་དུ་བཤད་པར་བརྟེན། གྲྭ་པ་ཁག་ཅིག་གིས་དངུལ་དེ་དག་བླངས་ཏེ་གཙབ་ཧྲུལ་ཏུ་བཏང་སྟེ་གཏོར་ཡོད་འདུག་ལ། གཞན། གྲྭ་པ་ ༤༠ ལྷག་ཅིག་གིས་གཏན་ནས་མ་བླངས་པར་ཨུ་ཚུགས་མཐའ་སྐྱེལ་བྱས་ཡོད་འདུག

སྐབས་དེ་དག་ཏུ་གྲྭ་པ་ཚོ་དང་ལས་བྱེད་པའི་བར་དུ་འགལ་བ་དང་རྩོད་གླེང་མང་པོ་བྱུང་འདུག གྲྭ་པ་ཚོས་མི་མང་གི་ཁྲག་དང་རྣག་གིས་བསགས་པའི་སྒོར་མོ་འདི་ང་ཚོར་མི་དགོས་ཞེས་པ་རྒྱ་ནག་གི་རྩ་ཁྲིམས་དང་། བཅའ་ཁྲིམས་གང་དང་འགལ་ཡོད་ན་ཉེས་པ་དྭངས་ལེན་བྱེད་རྒྱུ་ཡིན། ཁྱེད་ཚོས་ད་བར་ཉེས་པ་གང་ཡང་མེད་པའི་མི་མང་ཉིས་སྟོང་ལྷག་ཟླ་བ་གཉིས་ལྷག་རིང་མཚོན་ཆ་བཟུང་བའི་དྲག་པོའི་དམག་མི་དང་ཉེན་རྟོག་པ། ད་དུང་དམིགས་བསལ་ཉེན་རྟོག་པ་བཅས་ཀྱི་ལྟ་རྟོག་འོག་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་དམ་དྲག་བཞག་པ་དང་། དེའི་རིང་རྒྱུན་ལྡན་གྱི་སློབ་སྦྱོང་དང་ཆོས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མ་བཅུགས་པར་བཀག་སྡོམ་བྱས་པ་སོགས་རྒྱ་ནག་དབུས་གཞུང་གིས་ཤེས་ཡོད་མེད་ལ་དོགས་པ་ཡོད། ང་ཚོས་ངོས་ནས་དབུས་གཞུང་ལ་གཏུགས་བཤེར་བྱ་རྒྱུ་ཡིན་ཟེར་བ་སོགས་བརྗོད་དེ་རྩོད་གླེང་ཤུགས་ཆེན་བྱས་ཡོད་འདུག

བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 4

  1. གནས་ཚང་། says:
    ལོ་ 12 སྔོན།

    གྲྭ་པ་ཚོར་ཕོགས་སྤྲད་ཀྱི་ཡོད་པ་འདི་གནས་ཚུལ་རྙིང་པ་ཞིག་རེད། ན་ནིང་ནས་དགོན་པ་ཁ་ཤས་ལ་ཕོགས་སྤྲད་ཀྱི་ཡོད་འདུག གོས་ཐོས་ལྟར་ན་གྲྭ་པ་རེ་ལ་སྒོར ༣༠༠ རེད། ཡིན་ནའི། ད་རེས་ཕོགས་འཕར་ཤག འདི་ནི་ཐབས་ཤིག་རེད་ལ། ཐབས་འདིའི་མིང་ལ་ཞི་དྲག་ཟུང་འབྲེལ་ཟེར་གྱི་ཡོད་པ་རེད། ཉོ་ཐུབ་པ་དེ་ཉོས་ནས་རྡུང་དགོས་པ་དེ་རྡུང་གི་རེད། བཙན་བྱོལ་ནང་ལའང་ཐབས་འདི་སླེབས་མི་འདུག་གམ།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 12 སྔོན།

    ཚང་མས་ཐུགས་བསམ་ཡག་པོ་བཞེས་དགོས་ཀྱི་འདུག་ང་ཚོ་ཡུལ་བྱར་ནས་སྡོད་ཡོད་དུས་གར་བྱེད་ན་བྱེད་ཆོག་ཆོག་གི་ལས་ཀ་གང་ཡང་ཡོད་མ་རེད།
    རྒྱ་མི་ལ་གནོན་ཤུག་ག་ཚོད་སྤྲད་ན་དེ་ཙམ་གྱི་སྡུག་རུ་དང་།
    བོད་ལ་གནར་གཅོད་ག་ཚོད་བཏང་ན་དེ་ཙམ་གྱི་སྡུག་རུ་ལས་གཉིས་ཀའི་ཐད་ནས་ཡག་རུ་འགྲོ་རྒྱུའི་ལམ་འགག་ཞིག་འདས་ད་གཉིས་ཐད་ན་མཐོང་རྒྱུ་མི་འདུག མེད་ན་ཡང་གཉིས་ཐད་ནས་གང་གནོད་གནོད་ལྟ་བུ་བྱེད་ཀྱི་འདུག

    མེ་ལེན་ཆུ་ལེན་ཇ་ལ་དུ་དྲི་དྲོ་བ་མཉིས་ཐད་ནས་བཟོ་གི་འདུག

    མཉམ་འབྲེལ་རྒྱལ་ཚོགས་ཞེས་པ་དེ་ཕལ་ཆེར་ཡང་ན་མིག་ཞར་བ་དང་ཡང་ན་རྣ་བ་འོན་པ་གང་རུང་ཞིག་ཡིན་པ་ཐག་ཆོད་འདུག་ག་ཚོད་སྙན་ཞུ་ཕུལ་ན་གྲུབ་འབྲས་གཏན་ནས་མེད་པ་རྒྱ་མཚོ་ནང་གི་རྡོ་འཕེན་ངོ་མ་རེད།
    རྒྱབ་རྩ་དང་པད་ཤག་ཡོད་ན་འགྲོ་བ་མི་ཡི་ཐབ་ཐང་རྩིས་མེད་བཏང་ན་འཛུམ་མུལ་མུལ་དང་ཡར་བྱུག་བྱུག་ཞི་བདེ་རྟག་མ་ཨ་རའི་སྲིད་འཛིན་ཨོ་བྷ་མ་ལ་སྤྲད་པ་བཞིན་ཚང་མ་རི་བོང་ཅར་འགྲོགས་ཆེ་ཆེ་བསྟོད་ལས་མི་འདུག
    གུས་པས་བསམ་ན་ད་ནི་གཞིས་བྱེས་གཉིས་ཀྱི་ཐད་ནས་སྐད་མ་རྒྱབ་ན་ཤིན་ཏུ་གཅེས་པར་འདུག་རང་གི་རྒྱལ་ཁབ་རང་གི་གཏོར་གཤིག་བཏང་ནས་ག་རེ་བྱེད་དུས་ད་ནི་བཟུང་རང་རྒྱལ་ཀྲུང་གོ་མི་མང་སྤྱི་མཐུན་རྒྱལ་ཁབ་མཐུན་བསྒྲིལ་བྱོས་མཐུན་བསྒྲིལ་བྱོས། ཀྲུང་གོའི་རྒྱལ་ཁབ་ཡུན་བརྟན་དགོན་ན་མཐུན་བསྒྲིལ་བྱོས་བྱོས། རང་གཞན་ཀུན་ལ་མཐུན་སྒྲིལ་ལས་ལྷག་པ་ཞིག་གཏན་ནས་མེད་མཐུན་བསྒྲིལ་བྱོས། མཐུན་བསྒྲིལ་བྱེད་ན་གཉིས་ཀར་ཁེ་སང་ཡོད་མཐུན་བསྒྲིལ་བྱོས །
    དངུལ་སྤྲད་པས་མི་ཕན་ཡང་དག་པའི་མཐུན་བསྒྲིལ་དགོས། བོད་རྒྱ་གཉིས་མཐུན་བསྒྲིལ་དགོས།

    Reply
  3. ཁམས་པ། says:
    ལོ་ 12 སྔོན།

    ད་དགྲ་གཞུང་འདིས་ཅི་བྱེད་པ་རེད། སྐབས་རེ་དྲག་གནོན། སྐབས་རེ་སྒོར་མོ་སྦྱིན། ཁོ་ཚང་རྩེད་ཀྱིན་ཡོད་པ་མ་རེད་དམ། །

    Reply
  4. བཀྲ་ཤིས་སྒྲོལ་མ། says:
    ལོ་ 12 སྔོན།

    ད་དུང་ཡང་རྔ་བ་ཀིརྟི་དགོན་གྱི་གནས་སྟངས་ཧ་ཅང་ཐབས་སྐྱོ་བོ་དང་ཡ་ངའི་གནས་སྟངས་རང་ན་ཡོད་པ་རེད། འོན་ཀྱང་ངེད་ཅག་རང་དབང་ལུང་བའི་ནང་དུ་ཡོད་མཁན་ཚོས་ཅི་ཞིག་བྱེད་ཀྱི་ཡོད། ཧ་ལས་ན་མར་མེ་ཁྲོམ་སྐོར་ཞིག་བྱེད་ཀི་རེད། རྔ་བ་ཀིརྟི་དགོན་པར་ཛ་དྲག་གི་གནས་སྟངས་ཆགས་པ་ནས་བཟུང་དབུས་གཞོན་ནུའི་གོ་སྒྲིག་འོག་རྒྱུན་ལས་ཁག་ཅག་གིས་རང་སྲོག་བློས་གཏོང་གིས་ཟས་བཅད་ངོ་རྒོལ་བྱས་པ་རེད། འདི་ནི་བསྔགས་འོས་རེད་ཡིན། དེ་ལས་གཞན་པ་ལས་འགུལ་ཙག་ཙིག་སྤེལ་མཁན་ཡང་ཁག་ཅིག་བྱུང་ཡོད། འབྲེལ་ཡོད་ཚོས་ནི་ཁེ་བསང་དང་གོ་སྐབས་ལ་ངོས་འཛིན་བྱེད་བཞིན་པ་ལས་དམིགས་དོན་གཙོ་བོ་ཐབས་སྐྱོ་བོའི་གནས་སྟངས་དེ་ལས་རྔ་བའི་མི་མང་རྣམས་གྲོལ་འདོད་བྱེད་ཀྱི་མེད་པའི་ཚོད་རེད། ནམ་རྒྱུན་རྒྱ་གང་ཆེ་དང་བོད་ནང་གི་རྔ་བ་མི་མང་ལ་གནོད་ག་ཐུབ་བྱེད་ཀྱི་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་རེད། མཐོང་ཕྱོགས་དེ་ལྟ་བུ་ཡང་མང་ནས་མང་དུ་འགྲོ་བཞིན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist